ཨ་རིའི་སློབ་ཆེན་སློབ་དཔོན་ཞིག་ལ་རྒྱ་ནག་ནས་ལྐོག་དངུལ་བླངས་པའི་ཉེས་འཛུགས་བྱས་འདུག 

ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་། རྒྱ་ནག་གི་ཤུགས་རྐྱེན་བརྒྱ་བསྐྱེད་གཏོང་ཆེད་དུ་ཤེས་ཡོན་པ་དང་སྲིད་དོན་མི་སྣ་སོགས་ལ་ལྐོག་དངུལ་སྤྲད་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་པ་ལྟར། ཐེངས་འདིར་ཨ་རིའི་ནང་གཙུག་ལག་སློབ་གཉེར་ཁང་སྙན་གྲགས་ཆེ་ཤོས་གྲས་སུ་ཚུད་པའི་ཧཱ་ཝར་ཌེ་སློབ་ཆེན་གྱི་སློབ་དཔོན་ཞིག་ལ། རྒྱ་ནག་ནས་དངུལ་བླངས་པ་སོགས་ཀྱི་འབྲེལ་བ་ཡོད་པའི་ཐད་རྫུན་བཤད་ནས་སྦས་གསང་བྱས་པའི་ཉེས་འཛུགས་བྱས་འདུག 

ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་། རྒྱ་ནག་གི་ཤུགས་རྐྱེན་བརྒྱ་བསྐྱེད་གཏོང་ཆེད་དུ་ཤེས་ཡོན་པ་དང་སྲིད་དོན་མི་སྣ་སོགས་ལ་ལྐོག་དངུལ་སྤྲད་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་པ་ལྟར། ཐེངས་འདིར་ཨ་རིའི་ནང་གཙུག་ལག་སློབ་གཉེར་ཁང་སྙན་གྲགས་ཆེ་ཤོས་གྲས་སུ་ཚུད་པའི་ཧཱ་ཝར་ཌེ་སློབ་ཆེན་གྱི་སློབ་དཔོན་ཞིག་ལ། རྒྱ་ནག་ནས་དངུལ་བླངས་པ་སོགས་ཀྱི་འབྲེལ་བ་ཡོད་པའི་ཐད་རྫུན་བཤད་ནས་སྦས་གསང་བྱས་པའི་ཉེས་འཛུགས་བྱས་འདུག 

ཟླ་༡ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་མཱེ་སུ་ཆུ་ཊ་མངའ་སྡེ་གཞུང་གི་ཁྲིམས་རྩོད་པས་གསལ་བསྒྲགས་ཤིག་སྤེལ་ཏེ། ཧཱ་ཝར་ཌེ་སློབ་ཆེན་གྱི་སློབ་དཔོན་ཞིག་དང་རྒྱ་ནག་གི་མི་སེར་གཉིས་བཅས་ལ། རྒྱ་ནག་གཞུང་དང་འབྲེལ་བ་གང་འདྲ་ཡོད་མེད་ཐད་རྫུན་བཤད་པའི་ཉེས་འཛུགས་བྱས་ཡོད་པ་དང་། གནས་ཚུལ་དེ་རིགས་ཀྱིས་རྒྱ་ནག་གཞུང་གིས་ཤེས་ཡོན་པ་དང་ཉམས་ཞིབ་པ་སོགས་བཀོལ་སྤྱོད་ཀྱིས། ཨ་རིའི་འཕྲུལ་ཆས་དང་ཉམས་ཞིབ་ལས་དོན་བརྐུ་ཐབས་བྱེད་ཀྱི་ཡོད་པའི་ཉེན་ཁ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

ལོ་ན་༦༠ སོན་པའི་སློབ་དཔོན་ཆལ་སེ་ལཱི་བྷེར་ནི་ཧཱ་ཝར་ཌེ་གཙུག་ལག་སློབ་ཆེན་གྱི་རྫས་སྦྱོར་དང་སྐྱེ་དངོས་རྫས་སྦྱོར་རིག་པའི་སྡེ་ཚན་གྱི་འགན་འཛིན་ཡིན་འདུག་པ་དང་། ཁོས་རྒྱ་ནག་གི་ཚོགས་པ་ཁག་ཅིག་དང་མཉམ་ལས་བྱས་ནས་ཨ་སྒོར་ཁྲི་མང་པོ་བླངས་ཡོད་ཀྱང་། དེའི་སྐོར་སྦས་གསང་བྱས་ཡོད་འདུག དེ་ཡང་ཧཱ་ཝར་ཌེ་སློབ་ཆེན་ནང་སློབ་དཔོན་དེའི་ཉམས་ཞིབ་རུ་ཁག་ལ་ཨ་རིའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་བདེ་སྲུང་ལྟེ་གནས་ཁང་ནས་རོགས་དངུལ་ཨ་སྒོར་ས་ཡ་༡༥ ཐོབ་ཡོད་པས། གལ་ཏེ་ཕྱིའི་རྒྱལ་ཁབ་ཁག་ནས་དམིགས་ཡུལ་འགལ་ཟླ་འགྲོ་བའི་དངུལ་ལེན་གྱི་ཡོད་ཚེ་ཕྱིར་བསྒྲགས་བྱེད་དགོས་ཀྱི་ཡོད་འདུག་ཀྱང་། སློབ་དཔོན་དེ་དང་རྒྱ་ནག་གི་ཝུ་ཧན་གཙུག་ལག་སློབ་གཉེར་ཁང་དང་འབྲེལ་བ་ཡོད་ཁར། རྒྱ་ནག་གི་སློབ་ཆེན་དེས་ཟླ་རེེར་ཁོ་ལ་ཨ་སྒོར་ཁྲི་༥ སྤྲད་ཡོད་པ་མ་ཟད། སློབ་ཆེན་དེར་ཚན་རིག་གི་ཞིབ་འཇུག་ལྟེ་གནས་ཁང་ཞིག་འཛུགས་ཆེད་དུ་ཁོ་ལ་ཨ་སྒོར་ས་ཡ་༡.༥ སྤྲད་ཡོད་འདུག དེ་བཞིན་རྒྱ་ནག་ནང་དུ་ཚན་རིག་པ་གྲགས་ཅན་ཡོང་ཆེད་དུ། རྒྱ་ནག་གི་རིག་སྩལ་བ་གསར་འཇུག་གི་ལས་ཁང་ཞིག་དང་ཁོའི་བར་གན་རྒྱ་ཡག་བཞག་ཡོད་འདུག ཁོས་དངུལ་དེ་དག་དང་རྒྱ་ནག་གི་སློབ་ཆེན་དང་འབྲེལ་བ་ཡོད་པ་རྣམས་ཁྲིམས་འགལ་ཐོག་ནས་སྦས་གསང་བྱས་ཡོད་པ་རེད་འདུག

ཧཱ་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། སློབ་ཆེན་གྱིས་གཞུང་གི་ལས་བྱེད་རྣམས་ལ་ཞིབ་འཇུག་ཆེད་དུ་མཐུན་སྦྱོར་གང་ཡོང་བྱེད་བཞིན་ཡོད་ཁར། སློབ་ཆེན་རང་ནས་སློབ་དཔོན་དེའི་བྱ་སྤྱོད་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ། ཁོང་ལ་ཡོད་པའི་ཉེས་འཛུགས་དེ་དག་ནི་ཚབས་ཆེན་ཡིན་པས། ངེས་མེད་རིང་དགོངས་པ་བཏང་ཡོད་སྐོར་བརྗོད་འདུག 

དེ་བཞིན་རང་ལོ་༢༩ ཡིན་པའི་རྒྱ་ནག་གི་དམག་མི་བུད་མེད་ཅིག་ལ། ཨ་རིའི་ཐོངས་མཆན་ཞུས་སྐབས་སློབ་མ་ཡིན་ཚུལ་བརྗོད་ཡོད་པ་དང་། མོས་ཨ་རིའི་དམག་གི་དྲ་རྒྱར་ནང་འཛུལ་དང་རྒྱ་ནག་ལ་ཨ་རིའི་ཡིག་ཆ་དང་གནས་ཚུལ་བཏང་ཡོད་པའི་ཉེས་འཛུགས་འཕོག་ཡོད་འདུག 

བདུན་ཕྲག་སྔོན་མར་རྒྱ་ནག་གི་མི་སེར་རང་ལོ་༣༠ ཡིན་པའི་འབྲས་ནད་ཞིབ་འཇུག་པ་ཞིག་གིས། ཨ་རི་ནས་རྒྱ་ནག་ཏུ་སྐྱེ་དངོས་དང་འབྲེལ་བའི་རྒྱུ་ཆའི་ཤེལ་བུམ་ཆུང་ཆུང་༢༡ ཁྲིམས་འགལ་ཐོག་ནས་འཁྱེར་ཐབས་བྱས་པར་འཛིན་བཟུང་བྱུང་འདུག སྐབས་དེར་ཁོས་འབྲེལ་ཡོད་ཉེན་རྟོག་པར་གནད་དོན་དེའི་ཐོག་རྫུན་བཤད་ཡོད་པའི་ཉེས་འཛུགས་བྱས་འདུག 

མངའ་སྡེ་གཞུང་གི་ཁྲིམས་རྩོད་པ་དེས་ཁུལ་དེར་གཙུག་ལག་སློབ་ཆེན་དང་། སྨན་ཁང་། ཞིབ་འཇུག་ལྟེ་གནས་ཁང་། འཕྲུལ་རིགས་ཚོང་ལས་ཁང་སོགས་གྲགས་ཅན་མང་པོ་ཡོད་པས། རྒྱ་ནག་གི་གསང་མྱུལ་དང་བརྐུ་འཁྱེར་གྱི་དམིགས་འབེན་ཆགས་ཀྱི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།