ཨ་རིར་རྒྱ་རིགས་སློབ་མ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་སློབ་མ་གཞན་ཞིག་ལ་སྡིགས་བསྐུལ་བྱས་རྐྱེན་འཛིན་བཟུང་བྱས་འདུག 

ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་རྒྱ་ནག་གི་གསང་མྱུལ་དང་མཁྲེགས་འཛིན་ཅན་གྱི་རྒྱ་རིགས་ཚོས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་ལས་འགུལ་སྤེལ་མཁན་རྒྱ་རིགས་གཞན་ལ་སྡིགས་བསྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་ལྟར། ཐེངས་འདིར་ཡང་ཨ་རིའི་ནང་རྒྱ་རིགས་སློབ་མ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་རྒྱ་རིགས་སློབ་མ་གཞན་ཞིག་ལ་སྡིགས་བསྐུལ་དང་འཇབ་མྱུལ་བྱས་ཡོད་པའི་གནས་ཚུལ་འདུག 

ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་རྒྱ་ནག་གི་གསང་མྱུལ་དང་མཁྲེགས་འཛིན་ཅན་གྱི་རྒྱ་རིགས་ཚོས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་ལས་འགུལ་སྤེལ་མཁན་རྒྱ་རིགས་གཞན་ལ་སྡིགས་ར་སྐུལ་གྱི་ཡོད་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་ལྟར། ཐེངས་འདིར་ཡང་ཨ་རིའི་ནང་རྒྱ་རིགས་སློབ་མ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་རྒྱ་རིགས་སློབ་མ་གཞན་ཞིག་ལ་སྡིགས་ར་བསྐུལ་དང་འཇབ་མྱུལ་བྱས་ཡོད་པའི་གནས་ཚུལ་་ཐོན་འདུག 

ཟླ་༡༢ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨ་རིའི་བྷེར་ཀེ་ལི་རོལ་དབྱངས་མཐོ་སློབ་ཁང་ནས། ལོ་ན་༢༥ ཡིན་པའི་རྒྱ་རིགས་སློབ་མ་ཤཱའོ་ལི་ཝུ་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་པ་དང་། ཨ་རིའི་གཞུང་གི་ཁྲིམས་རྩོད་པས་བརྗོད་དོན་ལྟར་ན། ཟླ་༡༠ པའི་ནང་རྒྱ་ནག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོད་པ་ལྟར། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་རྒྱ་རིགས་སློབ་མ་མང་པོ་ཞིག་གིས་ཀྱང་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་དུ་ལས་འགུལ་གང་མང་སྤེལ་ཡོད་འདུག སྐབས་དེར་བྷེར་ཀེ་ལི་རོལ་དབྱངས་མཐོ་སློབ་ཁང་དུ་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་སློབ་མ་བུད་མེད་གཅིག་གིས། མཐོ་སློབ་ཁང་དུ་སྦྱར་ཡིག་ཁག་ཅིག་སྦྱར་ཡོད་འདུག་པ་དང་། དེ་དག་ཐོག་ཏུ་རྒྱ་ནག་མི་མང་ལ་རྒྱབ་སྐྱོར་བྱེད་རོགས། ང་ཚོར་རང་དབང་དགོས། ང་ཚོར་མང་གཙོ་དགོས་ཞེས་བྲིས་ཡོད་པ་རེད་འདུག 

འཛིན་བཟུང་བྱུང་བའི་སློབ་མ་ཤཱའོ་ལི་ཝུ་ཡིས་ངོ་རྒོལ་གྱི་སྦྱར་ཡིག་སྦྱར་མཁན་སློབ་མ་བུད་མེད་དེར་དམིགས་འབེན་བཟུང་ནས། མཐོ་སློབ་སློབ་མ་༣༠༠ ཡོད་པའི་སྐད་འཕྲིན་ཚོགས་པ་ཞིག་ནང་དུ་བུད་མེད་དེ་བཙལ་ཐབས་བྱས་ནས། མོ་ལ་སྦྱར་ཡིག་དེ་དག་མར་བཀོག་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་འཚེ་བ་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་འདུག ཁོས་ད་དུང་སྐད་འཕྲིན་ཚོགས་པ་དེའི་ནང་དུ་བུད་མེད་སློབ་མ་དེའི་རྒྱ་ནག་ནང་གི་ཁ་བྱང་ཐོབ་ཐབས་བྱས་ཡོད་ཁར། མོའི་གློག་འཕྲིན་ཁ་བྱང་ཚོགས་པ་དེའི་ནང་བཏང་ནས་སློབ་མ་གཞན་ཚོར་མོ་ལ་ཁ་རྡུང་གཏོང་དགོས་པའི་སྐུལ་མ་བྱས་ཡོད་འདུག 

རྗེས་སུ་སློབ་མ་ཤཱའོ་ལི་ཝུ་ཡིས་བུད་མེད་སློབ་མ་དེར་སྤྱི་ཚོགས་དྲ་ལམ་ཨིན་སེ་ཌེར་གྷེ་རམ་ཐོག་ཏུ་འཕྲིན་ཐུང་བཏང་ནས། ད་དུང་མོས་སྦྱར་ཡིག་སྦྱར་ཚེ་ལག་པ་གཏུབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ནས། ཁོས་རྒྱ་ནག་གཞུང་ལ་མོའི་བྱ་སྤྱོད་ཐོག་སྙན་སེང་ཞུས་ཟིན་པས། གང་མགྱོགས་རྒྱ་ནག་གི་སྤྱི་དམངས་བདེ་སྲུང་ལས་མིས། རྒྱ་ནག་ཏུ་ཡོད་པའི་མོའི་ནང་མིར་ཐུག་བར་ཡོང་རྒྱུ་ཡིན་སྐོར་བརྗོད་ནས་སྡིགས་ར་བསྐུལ་ཡོད་འདུག 

ཨ་རིའི་དབུས་གཞུང་གི་རྟོག་ཞིབ་ལས་ཁང་གིས་བརྗོད་དོན་ལྟར་ན། སློབ་མ་ཤཱའོ་ལི་ཝུ་ཡིས་བུད་མེད་སློབ་མ་དེ་དང་མོའི་ནང་མིར་རྟོག་ཞིབ་ཡོང་ཆེད་དུ། ཁོས་དངོས་སུ་རྒྱ་ནག་གཞུང་ལ་བུད་མེད་སློབ་མ་དེའི་སྐོར་སྙན་སེང་ཞུས་ཡོད་པ་རེད་འདུག 

ཨ་རིའི་ཁྲིམས་ཞིབ་ལས་ཁང་གིས་གནད་དོན་དེ་ནི་རྒྱ་ནག་གཞུང་ལ་ཁ་གཏད་བྱེད་མཁན་ལས་འགུལ་བའི་སྨྲ་བརྗོད་རང་དབང་བཀག་འགོག་དང་སྡིགས་ར་སྐུལ་བའི་བྱེད་ཐབས་ཤིག་ཡིན་པ། ཨ་རི་ནང་དུ་སྨྲ་བརྗོད་རང་དབང་ནི་རྩ་ཁྲིམས་ནང་ཡོད་པའི་ཐོབ་ཐང་ཞིག་ཡིན་པས། ཨ་རིས་དེ་ངེས་པར་དུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག 

ཨ་རི་ནང་དུ་གཞན་ལ་འཇབ་མྱུལ་བྱས་པའི་ནག་ཉེས་ལ་ལོ་ཡུན་༥ བར་གྱི་བཙོན་འཇུག་དང་། ལོ་ཡུན་༣ རིང་རྟོག་ཞིབ་འོག་གི་གློད་གྲོལ། ཉེས་ཆད་ཨ་སྒོར་༢༥༠༠༠༠ སོགས་ཀྱི་ཁྲིམས་ཆད་འཕོག་སྲིད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།