ཨ་རིས་འཛམ་གླིང་རྒྱལ་ཁབ་རྣམས་ལ་རྒྱ་ནག་གི་བཙན་བཀར་ཉན་ནས་ཡུ་གུར་བ་རྣམས་ཕྱིར་སློག་མི་ཉན་པའི་འབོད་སྐུལ་བྱས་འདུག  

ཟླ་འདིའི་ཚེས་ ༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕའི་(Mike Pompeo) ཡིས་རེས་གཟའ་ཉི་མའི་ཉིན་(ཚེས་ ༢༢) པེ་ཅིང་གིས་ཤིན་ཅང་དུ་རྩོམ་བཞིན་པའི་ལས་འགུལ་དེ་ནི་“སོ་སོའི་མི་སེར་རྩ་མེད་གཏོང་བའི་འབད་བརྩོན་ཞིག་”ཡིན་སྟབས། འཛམ་གླིང་གི་རྒྱལ་ཁབ་ཚང་མ་ལ་རྒྱ་ནག་གི་ཁ་ལ་ཉན་ནས་བྲོས་བྱོལ་དུ་ཡོང་བའི་ཡུ་གུར་བ་རྣམས་ཕྱིར་རྒྱལ་རྒྱ་ནག་ཏུ་སློག་མི་ཉན་པའི་འབོད་སྐུལ་བྱས་ཡོད་འདུག 

དེ་ཡང་རེས་གཟའ་ཉི་མའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་། ཨེ་ཤི་ཡ་དཀྱིལ་མའི་རྒྱལ་ཁབ་ལྔ་(Kazakhstan, Kyrgyzstan, Tajikistan, Turkmenistan and Uzbekistan) ཡི་ཕྱི་སྲིད་བློན་ཆེན་རྣམས་དང་ལྷན་དུ་གྲོང་ཁྱེར་ནིའུ་ཡོག་ཏུ་ཚོགས་འདུ་ཞིག་འཚོགས་ཏེ་དྲག་སྤྱོད་རིང་ལུགས་འགོག་སྲུང་དགོས་པའི་གལ་ཆེའི་རང་བཞིན་སྐོར་གྲོས་མོལ་བྱས་ཡོད་ཀྱང་། ཁོང་གིས་པེ་ཅིང་སྲིད་གཞུང་ནས་ཤིན་ཅང་ས་ཁུལ་དུ་ཡུ་གུར་བ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་དེ་རྒྱ་ནག་གཞུང་གིས་བཤད་པ་ལྟར་དྲག་སྤྱོད་རིང་ལུགས་དང་འབྲེལ་བ་ཅི་ཡང་མེད་སྐོར་ནན་བརྗོད་གནང་ཡོད་འདུག 

ཁོང་གིས་ཚོགས་འདུ་དེའི་ཐོག་ཏུ་བཅར་བའི་གསར་འགོད་པ་ཚོར་“ངས་རྒྱ་ནག་གིས་ཤིན་ཅང་དུ་དྲག་གནོན་བྱེད་བཞིན་པ་དེ་དྲག་སྤྱོད་རིང་ལུགས་དང་འབྲེལ་བ་ཅི་ཡང་མེད་ཅེས་གསལ་པོར་ལབ་འདོད་བྱུང་། དེ་ནི་རྒྱ་ནག་གིས་སོ་སོའི་མི་སེར་རྩ་མེད་བཟོ་བའི་འབད་བརྩོན་ཞིག་རེད། ང་ཚོས་འཛམ་གླིང་གི་རྒྱལ་ཁབ་ཚང་མ་ལ་རྒྱ་ནག་གི་བཙན་བཀར་ཉན་ནས་ཡུ་གུར་བ་རྣམས་ཕྱིར་སློག་མི་ཉན་པའི་འབོད་སྐུལ་བྱེད་འདོད་”ཅེས་བརྗོད་འདུག 

མཉལ་འབྲེལ་རྒྱལ་ཁབ་ཀྱི་ཉམས་ཞིབ་པ་དང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་བརྗོད་པར་གཞིགས་ན། རྒྱ་ནག་དམར་པོའི་གཞུང་གིས་ཤིན་ཅང་ས་ཁུལ་དུ་མ་མཐར་ཡང་ཡུ་གུར་བ་ས་ཡ་གཅིག་ཙམ་འཛིན་བཟུང་བཀག་ཉར་བྱས་ཏེ་ཡུ་གུར་མི་རིགས་དང་། ཆོས། རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོ་བའི་འབད་བརྩོན་བྱས་དང་བྱེད་མུས་ཡོད་ཡོད་འདུག

དེ་ཡིས་མ་ཚད་ཉེ་བའི་ལོ་འགའི་རིང་རྒྱ་ནག་གཞུང་ནས་ཡུ་གུར་བ་ཚོ་བྲོས་བྱོལ་དུ་འགྲོ་སའི་རྒྱལ་ཁབ་རྣམས་ལ་ཁོ་ཚོ་ཕྱིར་སློག་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པར་བརྟེན། ཕྱི་ལོ་༢༠༡༥ ལོར་ཐེ་ལན་ཏྲི་སྲིད་གཞུང་གིས་ཡུ་གུར་བ་ ༡༠༠ ཕྱིར་རྒྱ་ནག་ཏུ་བསློགས་པ་མ་ཟད། ལོ་དེ་རང་ལ་ཨབ་གྷ་ནི་སི་ཐན་གྱིས་ཉུང་མཐར་ཡང་ཡུ་གུར་བ་༡༢ ཕྱིར་རྒྱ་ནག་ཏུ་བསློགས་པའི་གནས་ཚུལ་བྱུང་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།