ཨ་རིས་རྒྱ་ནག་གི་དཔྱད་བརྗོད་ལ་ལན་འདེབས།

ཉེ་སྔོན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་“ཁ་ཆེའི་རྒྱལ་ཁབ”་ISIS ཀྱིས་བར་བརྒལ་སྲིད་གཞུང་གི་ནུས་པ་ཐོན་བཞིན་པའི་དཔྱད་བརྗོད་རྩོམ་ཡིག་སྤེལ་པ་དེར་ཆེད་དུ་དམིགས་ཏེ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་“རྒྱལ་ཁབ་གཞན་གྱིས་མཐའ་སྡོམ་ཇི་ལྟར་རྒྱག་མིན་ལ་མ་ལྟོས་པར། ཁ་ཆེའི་རྒྱལ་ཁབ་ནི་འཇིགས་སྐུལ་རིང་ལུགས་སྒྲིག་འཛུགས་ཤིག་རེད་”ཅེས་ལན་འདེབས་བྱས་འདུག

ཉེ་སྔོན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་“ཁ་ཆེའི་རྒྱལ་ཁབ་”ISIS ཀྱིས་བར་བརྒལ་སྲིད་གཞུང་གི་ནུས་པ་ཐོན་བཞིན་པའི་དཔྱད་བརྗོད་རྩོམ་ཡིག་སྤེལ་པ་དེར་ཆེད་དུ་དམིགས་ཏེ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་“རྒྱལ་ཁབ་གཞན་གྱིས་མཐའ་སྡོམ་ཇི་ལྟར་རྒྱག་མིན་ལ་མ་ལྟོས་པར། ཁ་ཆེའི་རྒྱལ་ཁབ་ནི་འཇིགས་སྐུལ་རིང་ལུགས་སྒྲིག་འཛུགས་ཤིག་རེད་”ཅེས་ལན་འདེབས་བྱས་འདུག

9C0E641B-9ECF-4824-BDAF-317CEC392E2D_mw1024_s_nརྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་<<མི་མང་ཉིན་རེའི་ཚགས་པར་>> གྱི་མིང་ཐོག་ཏུ་ཡོད་པའི་<<གོ་ལའི་དུས་བབ་>> སྟེང་ཕྱི་ཟླ་༩ པའི་ཚེས་༡༧ ཉིན་དཔྱད་བརྗོད་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། “ཁ་ཆེའི་རྒྱལ་ཁབ་”ISIS ཀྱིས་བར་བརྒལ་སྲིད་གཞུང་གི་ནུས་པ་ཐོན་བཞིན་ཡོད་སྐོར་བརྗོད་པ་དང་། རྩོམ་ཡིག་དེའི་ནང་། “ཤེས་རྟོགས་བྱུང་བའི་གནས་ཚུལ་རེ་ཟུང་ལ་གཞིགས་ན། ཁ་ཆེའི་སྒྲིག་འཛུགས་ཀྱིས་བཙན་བཟུང་བྱས་པའི་ས་ཁུལ་ནང་ཆུ་གློག་མཁོ་འདོན་དང་། གླ་ཕོག་སྤྲོད་པ། འགྲིམ་འགྲུལ་སྟངས་འཛིན། ཚོང་ཁང་དང་དངུལ་ཁང་། སློབ་གྲྭ ཁྲིམས་ཁང་དང་ཁ་ཆེའི་ལྷ་ཁང་སོགས་ལ་དོ་དོམ་བྱེད་བཞིན་ཡོད་སྟབས། རྒྱལ་ཆེའི་རྒྱལ་ཁབ་དེ་ཡ་ང་སྙིང་རྗེ་མེད་པའི་འཇིགས་སྐུལ་སྒྲིག་འཛུགས་ཤིག་གམ། ཡང་ན་མིག་སྔར་གྱི་དཀྱིལ་ཤར་ཨེ་ཤི་ཡའི་ཆབ་སྲིད་དར་སྤེལ་ལ་མེད་དུ་མི་རུང་བ་ཞིག་ཡིན་མིན་དེ། ད་དུང་མཐའ་སྡོམ་རྒྱག་རྒྱུ་ཧ་ཅང་ཁག་པོ་རེད་”ཅེས་བརྗོད་འདུག

གཏམ་བརྗོད་དེའི་རིགས་ལ་ཆེད་དུ་དམིགས་ཏེ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་སེ་སི་(Saci) ཡིས་ཕྱི་ཟླ་༩ པའི་ཚེས་༣༠ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག “དྲན་ཚོད་ལྟར་ན་ངས་ISIS ཡི་སྟོབས་ཤུགས་རྒྱ་སྐྱེད་ཀྱི་ལྟ་ཚུལ་བརྗོད་ཟིན། ཕྱི་ཕྱོགས་སུ་ལྟ་སྟངས་མི་འདྲ་བ་ཡོད་པ་ངས་ཤེས་ཡོད། ཡིན་ནའང་། ཨ་རིའི་སྲིད་གཞུང་གིས་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་སྒྲིག་འཛུགས་ཤིག་ལ་ངོས་འཛིན་བྱས་ཡོད་ཅེས་དང་། ལྕམ་སེ་སི་ཡིས་མུ་མཐུད་དུ་བརྗོད་དོན། “ཁ་ཆེའི་རྒྱལ་ཁབ”་འཇིགས་སྐུལ་སྒྲིག་འཛུགས་ནང་ཕྱིའི་རྒྱལ་ཁབ་ཀྱི་མི་ཁྲི་༡ དང་སྟོང་༢ ཙམ་ཡོད་པ་དང་། ཁོང་ཚོ་ནི་ཁ་ཆེའི་རྒྱལ་ཁབ་འཇིགས་སྐུལ་སྒྲིག་འཛུགས་ཀྱི་འཐབ་འཛིང་གི་ནུས་པ་ཤུགས་ཆེར་གྱུར་པའི་རྒྱུ་རྐྱེན་གཅིག་རེད། ཨ་རིའི་སྲིད་གཞུང་ལ་མི་དེ་དག་རྒྱལ་ཁབ་དང་མི་རིགས་གང་ནས་ཡིན་མིན་གྱི་ཞིབ་ཕྲའི་གྲངས་ཐོ་མེད་ཀྱང་། དེའི་ཁྲོད་ཀྱི་མི་༡༠༠ ལྷག་ཨ་རི་ནས་ཡིན་པ་དང་། ད་དུང་མི་ཁག་ཅིག་ཡུ་རོབ་སོགས་རྒྱལ་ཁབ་ཁག་ནས་སླེབས་པ་རེད་”ཅེས་བརྗོད་འདུག

ཨ་རིའི་འགོ་ཁྲིད་པའི་“ཁ་ཆེའི་རྒྱལ་ཁབ”་ལ་རྒོལ་རྡུང་གི་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་གྱི་རྒྱལ་ཁབ་མང་ནས་མང་དུ་འགྲོ་བཞིན་པ་དང་དུས་མཚུངས། རྒྱ་ནག་གིས་ད་ལྟའི་བར་ཨ་རིའི་བྱ་སྤྱོད་ལ་ཁ་གསལ་ངང་རྒྱབ་སྐྱོར་གྱི་རྣམ་འགྱུར་གཅིག་ཀྱང་བསྟན་མེད་པ་དང་། གོ་ལའི་དུས་བབ་སྟེང་སྤེལ་བའི་རྩོམ་ཡིག་དེའི་ནང་། ཨ་རིའི་ཐེངས་འདིའི་འཇིགས་སྐུལ་རྒོལ་རྡུང་གི་ལས་འགུལ་ལ་ཁྲིམས་མཐུན་རང་བཞིན་ད་དུང་འདང་ངེས་ཤིག་མེད་པ་དང་། རྒྱ་ནག་ནི་འགན་འཁྲི་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། སྣང་མེད་དུ་སྒྲིག་འཛུགས་དེར་དམག་དོན་གྱི་རྒོལ་རྡུང་ནང་འཛུལ་ཞུགས་བྱ་མི་རུང་ཞེས་བཀོད་འདུག།

གསར་འགོད་པ་ཐུབ་བསྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།