ཨ་རིས་ཨུ་རུ་སུ་ལ་ཉེས་ཆད་བཅད་པ་ཡིས་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེ་རུ་གཏོང་བཞིན་འདུག
ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་གྱི་གསར་ཁང་(TFIGobal) ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུ་ནི་ཨ་ཧྥེ་རེ་ཁའི་གླིང་ཆེན་གྱི་ནང་དུ་མཚོན་ཆ་ཕྱིར་འདྲེན་བྱེད་མཁན་ཆེ་ཤོས་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་ཨ་རི་བརྩིས་པའི་རྒྱལ་ཁབ་མང་པོས་ཨུ་རུ་སུ་ལ་ཉེས་ཆད་དུ་མ་བཅད་པའི་རྒྱུ་མཚན་ལ་བརྟེན།
ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་གྱི་གསར་ཁང་(TFIGobal) ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུ་ནི་ཨ་ཧྥེ་རེ་ཁའི་གླིང་ཆེན་གྱི་ནང་དུ་མཚོན་ཆ་ཕྱིར་འདྲེན་བྱེད་མཁན་ཆེ་ཤོས་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་ཨ་རི་བརྩིས་པའི་རྒྱལ་ཁབ་མང་པོས་ཨུ་རུ་སུ་ལ་ཉེས་ཆད་དུ་མ་བཅད་པའི་རྒྱུ་མཚན་ལ་བརྟེན། ཨུ་རུ་སུས་སྔར་རྒྱུན་བཞིན་ལས་སླ་བོའི་ངང་ནས་ཨ་ཧྥེ་རེ་ཁར་མཚོན་ཆ་མཁོ་སྤྲོད་བྱེད་རྒྱུར་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། ཨ་ཧྥེ་རེ་ཁའི་ནང་དུ་འགོག་སྲུང་ལག་ཆ་གཏོང་མཁན་མེད་པའི་སྟོང་ཆ་ཆེན་པོ་ཞིག་ལྷག་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
ད་ལྟའི་བར་ཨ་ཧྤེ་རེ་ཁའི་གླིང་ཕྲན་དུ་དམག་གི་ལག་ཆ་མཁོ་སྤྲོད་བྱེད་མཁན་ཨང་དང་པོ་དེ་ཨུ་རུ་སུ་ཡིན་ཞིང་། གླིང་ཕྲན་དེའི་འགོག་སྲུང་ལག་ཆ་བརྒྱ་ཆ་༥༠%ལྷག་ཨུ་རུ་སུའི་རྩ་ནས་ལེན་གྱི་ཡོད་པ་མ་ཟད། ཨུ་རུ་སུས་ཨ་ཧྥེ་རེ་ཁའི་གླིང་ལ་འགོག་སྲུང་ལག་ཆ་མཁོ་སྤྲོད་བྱེད་ཚད་ནི་ཧྥ་རན་སིའི་མཁོ་སྤྲོད་བྱེད་ཚད་ལས་ལྡབ་གཅིག་གི་མང་བ་ཡོད་འདུག ཧྥ་རན་སི་ནི་ཨ་ཧྤེ་རེ་ཁའི་གླིང་དུ་དམག་གི་ལག་ཆ་མཁོ་སྤྲོད་བྱེད་མཁན་ཨང་གཉིས་པ་དེ་ཡིན་པ་དང་། དེ་ནས་ཨ་རི་དང་རྒྱ་ནག་ཡིན་འདུག ཨ་ཧྥེ་རེ་ཁའི་གླིང་ཕྲན་ནང་ནས་ཨུ་རུ་སུའི་དམག་གི་གོ་མཚོན་ཉོ་མཁན་ནི་ཨེ་ཇི་རེ་ཡ་དང་། ཨི་ཇིབ།ཨན་གོ་ལ། སོ་ཌན་བཅས་རེད་འདུག
ཕྱི་ལོ་༢༠༠༠ ནས་༢༠༡༨ བར་རྒྱ་ནག་གིས་ཨ་ཧྥེ་རི་ཁའི་མཚོན་ཆ་ཕྱིར་ཚོང་གི་ཁྲོམ་རའི་ནང་ནས་བརྒྱ་ཆ་༧.༥% ཟིན་ ཡོད་པ་དང་། ཡུག་རེན་གྱི་དཀའ་རྙོག་དེ་མ་བྱུང་གོང་ནས་ཨུ་རུ་སུའི་ཨ་ཧྥེ་རེ་ཁའི་ནང་དུ་གོ་མཚོན་མཁོ་སྤྲོད་ཀྱི་ས་ཆ་དེ་རྒྱ་ནག་གིས་ཟ་བཞིན་ཡོད་འདུག་ལ། ད་ལྟའི་ཆར་ཨུ་རུ་སུ་ལ་དཔལ་འབྱོར་གྱི་དཀའ་ངལ་དང་ཉེས་ཆད་མང་པོ་ཕོག་པས། ཨ་ཧྥེ་རེ་ཁ་ལ་གོ་མཚོན་མཁོ་སྤྲོད་བྱེད་རྒྱུ་ལ་དཀའ་ངལ་ཡོད་པ་དང་། ཨ་རི་གཞུང་གིས་ཨ་ཧྥེ་རེ་ཁ་ལ་གོ་མཚོན་མཁོ་སྤྲོད་བྱེད་ཀྱི་མེད་པའི་ཐོག།ད་ལྟའི་ཆར་རྒྱ་ནག་ལ་ཨ་ཧྥེ་རེ་ཁའི་གླིང་ཕྲན་དུ་དམག་གི་ལག་ཆ་མཁོ་སྤྲོད་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་རག་བཞིན་ཡོོད་པའི་གནས་ཚུལ་སྤེལ་འདུགརྒྱ་ནག་གིས་ཟོམ་པི་ཡའི་རྒྱལ་ཁབ་ལ་དམག་གི་མཁོ་སྒྲུབ་ཆེད་དུ་དངུལ་ཕོན་ཆེན་གཡར་ཟིན་པ་མ་ཟད། དམག་གི་གནམ་གྲུ་ཡང་མཁོ་སྤྲོད་བྱས་ཡོད། དེ་དང་དེ་བཞིན་རྒྱ་ནག་གིས་མུ་མཐུད་དུ་གླིང་ཕྲན་དེའི་རྒྱལ་ཁབ་གཞན་དང་གཞན་ལ་ཡང་དམག་གི་དོན་དུ་བུ་ལོན་གཡར་པ་སོགས་བྱེད་ངེས་པའི་གནས་ཚུལ་སྤེལ་འདུག
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུ་ལ་ཉེས་ཆད་བཅད་པར་བརྟེན་ནས་རྒྱ་ནག་ལ་ཨ་ཧྥེ་རེ་ཁའི་ནང་དམག་གི་མཚོན་ཆ་མཁོ་སྤྲོད་བྱེད་རྒྱུའི་གོ་སྐབས་རག་བཞིན་ཡོད་པ་མ་ཟད། སྲིད་འཛིན་བྷ་ཌན་གྱི་བྱེད་སྟངས་ལས་སྟངས་ཀྱི་རྐྱེན་པས་ཨ་ཧྥེ་རེ་ཁའི་འགག་རྩའི་ས་ཁུལ་ཁག་གཅིག་ལ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་སྤེལ་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།