ཨིན་ཌོ་ནི་ཤི་ཡའི་ནང་ས་ཡོམ་གྱི་དོན་རྐྱེན་བྱུང་འདུག

ཟླ་བ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ལྟར་ན། ཟླ་འདིའི་ཚེས་༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་༣ དང་སྐར་མ་༡༧ ཐོག ཤར་ཨིན་ཌོ་ནི་ཤ་ཡའི་<Tanimbar > མཚོ་གླིང་གི་ཉེ་ས་ཞིག་ལ་ས་ཡོམ་གྱི་དོན་རྐྱེན་བྱུང་བར་བརྟེན། སློབ་གྲྭ་དང་ཁང་ཁྱིམ་མང་པོ་ལ་གནོད་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

ཐེངས་འདིའི་ས་ཡོམ་གྱི་གོད་ཆགས་འོག་ཤར་ཨིན་ཌོ་ནི་ཤ་ཡ་དང་། ལྷོ་ཕྱོགས་མུ་ལུ་ཀུ་རྫོང་ནང་དུ་སློབ་གྲྭ་༢ དང་ཁང་ཁྱིམ་༡༢༤ ལ་གནོད་སྐྱོན་ཕོག་ཡོད་པ་མ་ཟད། བྱང་ཕྱོགས་ཨོ་སི་ཀྲི་ནི་ཡའི་ནང་དུ་ཡང་ས་ཡོམ་གྱི་ཞོར་སྐྱོན་བྱུང་ཡོད་རབས་བརྗོད་འདུག

དེ་བཞིན། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ལས་ཁུངས་ཀྱི་སྐུ་ཚབ་པ<AbdulMuhari>ཡིས་བརྗོད་དོན་ལ། ས་ཁུལ་དེར་གནས་སྡོད་བྱེད་མཁན་ཚོ་ལ་སྐར་ཆ་༣ དང་༥ བར་ས་འགུལ་ཤུགས་ཆེན་བརྒྱབ་པའི་ཚོར་བ་བྱུང་ཡོད་པ་དང་། སྐབས་དེར་ས་གནས་དེའི་ཡུལ་མི་རྣམས་སྐྲག་སྣང་གིས་ཁང་པའི་ཕྱིར་ཐོན་ཡོད་རབས་བརྗོད་འདུག

ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་ནི་༧.༧ ཡིན་པ་དང་། ས་འགུལ་བརྒྱབ་སའི་ལྟེ་གནས་ནི་<Tanimbar> དང་ས་ཐག་ཉེ་ཤོས་<Banda sea >ལ་བྱུང་ཡོད་ཅིང་། ས་ཡོམ་དེ་ཡིས་ས་ཐོག་ལ་གནོད་སྐྱོན་ཆེན་པོ་བྱུང་མེད་ཀྱང་ས་ཡོམ་གྱི་ཚོར་བའི་ཞོར་སྐྱོན་ས་ཆ་མང་པོ་ལ་བྱུང་ཡོད་འདུག 

གཞན་ཡང་ཐེངས་འདིའི་ས་ཡོམ་གྱི་ས་འགུལ་ལྟེ་གནས་<Banda sea>ནང་ཁྱོན་མི་༡༢༧༠༠༠ གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཐེངས་འདིའི་ས་ཡོམ་གྱི་དོན་རྐྱེན་དེ་ཡིས་རྐྱེན་པས། བྱང་ཕྱོགས་ཨོ་སི་ཀྲི་ནི་ཡའི་དང་<papua >དེ་བཞིན་ཤར་ཕྱོགས་<Nusa>བཅས་སུ་ཡང་། ས་ཡོམ་གྱི་ཚོར་བའི་ཞོར་སྐྱོན་བྱུང་ཡོད་རབས་ཀྱི་གནས་ཚུལ་ཐོན་འདུག

གཞན་ཡང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ལས་ཁུངས་ཀྱི་སྐུ་ཚབ་པས་བརྗོད་དོན་ལ། ཐེངས་འདིའི་ས་ཡོམ་གྱི་གནོད་སྐྱོན་འོག་མི་གཅིག་ཁོ་ན་ལ་རྨས་སྐྱོན་ཕོག་ཡོད་རབས་བརྗོད་ཡོད་པ་དང་། དེ་བཞིན། དེ་སྔོན་ཕྱི་ལོ་༢༠༢༢ པའི་ཟླ་བ་༡༡ འགོ་སྟོད་ལ། ཨིན་ཌོ་ནི་ཤ་ཡའི་ལྟེ་བ་ལ། ས་ཡོམ་བརྒྱབ་ནས་མི་༡༦༢ བསད་ཡོད་པ་དང་མི་བརྒྱ་ཕྲག་མང་པོ་ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། ཨིན་ཌོ་ནི་ཤ་ཡ་ནང་ས་ཡོམ་དང་མེ་རིའི་དོན་རྐྱེན་ཡང་ཡང་འབྱུང་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ་བདེ་སྒྲོན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།