ཨུ་རུ་སུ་དང་ཡུག་ཀེ་རན་གྱི་དམག་འཁྲུག་ནས་ཐའེ་ཝན་ལ་སློབ་གསོ་ཐོབ་བཞིན་ཡོད་སྐོར་བརྗོད་འདུག 

ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་མཐོ་ཤོས་ཀྱིས་བརྗོད་དོན་ལྟར་ན། རྒྱ་ནག་གིས་ཐའེ་ཝན་དེ་ཞི་བའི་ཐོག་ནས་དབང་སྒྱུར་བྱེད་རྒྱུར་འདོད་མོས་ཆེ་བ་ཡོད་ཀྱང་། མ་འོངས་པར་ཨ་རིའི་ཐེ་བྱུས་ཡོད་བཞིན་དུ། ཐའེ་ཝན་དེ་དམག་ཤུགས་ལ་བརྟེན་ནས་བཙན་བཟུང་བྱེད་ཐུུབ་པའི་གནས་སྟངས་ཡོང་ཆེད་དུ་ཧུར་ཐག་བྱེད་བཞིན་ཡོད་པས། ཨུ་རུ་སུ་དང་ཡུག་ཀེ་རན་གྱི་དམག་འཁྲུག་ལ་བརྟེན་ནས་ཐའེ་ཝན་ལ་སློབ་གསོ་གལ་ཆེན་ཁག་ཅིག་ཐོབ་བཞིན་ཡོད་སྐོར་བརྗོད་འདུག 

ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་མཐོ་ཤོས་ཀྱིས་བརྗོད་དོན་ལྟར་ན། རྒྱ་ནག་གིས་ཐའེ་ཝན་དེ་ཞི་བའི་ཐོག་ནས་དབང་སྒྱུར་བྱེད་རྒྱུར་འདོད་མོས་ཆེ་བ་ཡོད་ཀྱང་། མ་འོངས་པར་ཨ་རིའི་ཐེ་བྱུས་ཡོད་བཞིན་དུ། ཐའེ་ཝན་དེ་དམག་ཤུགས་ལ་བརྟེན་ནས་བཙན་བཟུང་བྱེད་ཐུུབ་པའི་གནས་སྟངས་ཡོང་ཆེད་དུ་ཧུར་ཐག་བྱེད་བཞིན་ཡོད་པས། ཨུ་རུ་སུ་དང་ཡུག་ཀེ་རན་གྱི་དམག་འཁྲུག་ལ་བརྟེན་ནས་ཐའེ་ཝན་ལ་སློབ་གསོ་གལ་ཆེན་ཁག་ཅིག་ཐོབ་བཞིན་ཡོད་སྐོར་བརྗོད་འདུག 

ཟླ་༥ པའི་ཚེས་༡༠ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་དམག་དོན་ཚོགས་ཆུང་གི་མདུན་དུ། ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་དང་བདེ་སྲུང་གི་གསང་བའི་ལས་ཁང་གི་འགན་འཛིན་གཉིས་ཀྱིས་ཉན་ཞིབ་ལས་རིམ་ལ་མཉམ་ཞུགས་ཀྱིས་གནད་དོན་མང་པོ་ཞིག་གི་ཐོག་ཏུ་ལན་འདེབས་བྱས་འདུག 

དེ་ཡང་ཁོང་གཉིས་ཀྱིས་བརྗོད་དོན་ལྟར་ན། ད་ལྟ་དང་ཕྱི་ལོ་༢༠༣༠ ལོའི་བར་དུ་ཐའེ་ཝན་ཐོག་ཏུ་ཡོད་པའི་རྒྱ་ནག་གི་ཉེན་ཚབས་ནི་ཤིན་ཏུ་ཆེན་པོ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཨ་རིའི་ཐེ་བྱུས་ཡོད་བཞིན་དུ་ཐའེ་ཝན་དེ་དམག་ཤུགས་ལ་བརྟེན་ནས་བཙན་བཟུང་བྱེད་ཐུབ་པའི་གནས་སྟངས་ཡོང་ཆེད་དུ་ལས་དོན་ཧུར་ཐག་བྱེད་བཞིན་ཡོད་པ་དང་། སྤྱིའི་ཆ་ནས་གལ་སྲིད་ཐུབ་ན་རྒྱ་ནག་གིས་ཐའེ་ཝན་དེ་ཞི་བའི་ཐོག་ནས་དབང་སྒྱུར་བྱེད་པའི་འདོད་མོས་ཆེ་བ་ཡོད་པ། ཨུ་རུ་སུས་ཡུག་ཀེ་རན་དུ་བཙན་འཛུལ་བྱེད་བཞིན་པའི་གནད་དོན་དང་། དེ་ལ་བརྟེན་ནས་ནུབ་ཕྱོགས་ཀྱིས་ཡུག་ཀེ་རན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པའི་གནད་དོན་དང་འབྲེལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སློབ་གསོ་གང་ལེན་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་བྱ་སྤྱོད་སྤེལ་བའི་དུས་ཡུན་དང་ཐབས་ལམ་སོགས་ལ་ཤུགས་རྐྱེན་གང་འདྲ་ཐེབས་རྒྱུ་ཡིན་པ་བཅས་ཀྱི་ཐོག་ལ་ད་ལྟའི་ཆར་ཤེས་ཀྱི་མེད་སྐོར་བརྗོད་འདུག 

དེ་བཞིན་ཨུ་རུ་སུ་དང་ཡུག་ཀེ་རན་གྱི་དམག་འཁྲུག་ལ་བརྟེན་ནས་ཐའེ་ཝན་ལ་སློབ་གསོ་གལ་ཆེན་ཁག་ཅིག་ཐོབ་བཞིན་ཡོད་པ་དཔེར་ན། གནས་སྟངས་དེ་འདྲའི་སྐབས་སུ་འགོ་ཁྲིད་དེ་གང་འདྲ་གལ་ཆེན་ཡིན་པ་དང་། དམག་སྡེ་ཆུང་ཆུང་གི་ཐབས་བྱུས་གང་འདྲ་གལ་ཆེན་ཡིན་པ། གཞུང་དམག་མིན་པའི་དམག་སྡེ་གལ་ཆེན་གང་འདྲ་ཡིན་པ། མཚོན་ཆ་མ་ལག་ཏག་ཏག་དང་སྦྱོང་བརྡར་ཕན་ནུས་ལྡན་པ་བྱེད་རྒྱུ་གང་འདྲ་གལ་ཆེན་ཡིན་པ་སོགས་ཀྱི་སློབ་གསོ་ཐོབ་ཡོད་སྐོར་བརྗོད་འདུག 

ཚེས་༧ ཉིན་ཨ་རིའི་དབུས་གསང་བ་ལས་ཁུངས་ཀྱི་འགན་འཛིན་གྱིས་ཨུ་རུ་སུ་དང་ཡུག་ཀེ་རན་གྱི་དམག་འཁྲུག་ལ་བརྟེན་ནས། རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་གང་འདྲ་དང་ག་དུས་བྱེད་དགོས་མིན་གྱི་ཚོད་དཔག་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། དམག་འཁྲུད་དེ་བརྒྱུད་ནས་རྒྱ་ནག་གི་ཐའེ་ཝན་ཐོག་ཏུ་ཡོད་པའི་དམིགས་ཡུལ་དང་འབྲེལ་ནས་སློབ་གསོ་གང་ལེན་རྒྱུ་ཡོད་མེད་ཐོག་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་གསལ་པོ་ཡིན་པ། འོན་ཀྱང་དམག་འཁྲུག་དེ་ལ་བརྟེན་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྔ་ཕྱི་མ་གཏོགས་ཐའེ་ཝན་དེ་དབང་སྒྱུར་བྱེད་རྒྱུའི་ཆོད་སེམས་ལ་ཤུགས་རྐྱེན་སྤྲད་ཡོད་པའི་བསམ་ཚུལ་འཛིན་གྱི་མེད་སྐོར་བརྗོད་འདུག 

ཚེས་༧ ཉིན་ཨ་རིའི་ནིའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་གཞུང་གིས་གསང་བའི་ཐོག་ནས། ཐའེ་ཝན་ལ་རྒྱ་ནག་གི་བཙན་འཛུལ་འགོག་རྒོལ་བྱེད་པར་འོས་པའི་ཨ་རིའི་མཚོན་ཆ་མངགས་ཉོ་བྱེད་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་འདུག 

ཟླ་༡ པོའི་ནང་ཨ་རིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས། གལ་ཏེ་ཨ་རིའི་རྒྱབ་སྐྱོར་ལ་བརྟེན་ནས་ཐའེ་ཝན་གཞུང་ལ་བློ་ཁོག་སྐྱེས་ནས་རང་བཙན་གྱི་ལམ་ལ་མུ་མཐུད་སོང་ཚེ། ཨ་རི་དང་རྒྱ་ནག་བར་དམག་འཁྲུག་འབྱུང་སྲིད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།