ཨུ་རུ་སུའི་དམག་གྲུ་གལ་ཆེན་ཞིག་གཏོར་རྒོལ་བཏང་བའི་ལས་དོན་ནང་ཨ་རིས་ཡུག་ཀེ་རན་ལ་རོགས་པ་བྱས་མེད་སྐོར་བརྗོད་འདུག 

ཉེ་ཆར་ཟླ་༤ པའི་ཚེས་༡༤ ཉིན་ཨུ་རུ་སུའི་དམག་གྲུའི་དཔུང་སྡེ་གཅིག་གི་དམག་གྲུ་གཙོ་བོ་དེ་མཚོའི་ནང་དུ་ཐིམས་ཡོད་པ་དང་། ཡུག་ཀེ་རན་གྱིས་བརྗོད་དོན་ལྟར་ན་དེ་ནི་ཁོ་ཚོས་མེ་ཤུགས་ཕུར་མདའི་དྲག་རྒོལ་བྱས་པའི་གྲུབ་འབྲས་ཡིན་སྐོར་བརྗོད་ཡོད་པས། དམག་འཁྲུག་དེའི་ནང་ཨུ་རུ་སུར་གྱོང་གུད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ཨུ་རུ་སུས་གྲུ་གཟིངས་ནང་དུ་མེ་ཤོར་ཡོད་པ་དང་གནམ་གཤིས་ཡག་པོ་མེད་རྐྱེན་མཚོའི་ནང་དུ་ཐིམས་ཡོད་པ་ལས། དྲག་རྒོལ་བྱས་ནས་ཐིམས་པ་མིན་སྐོར་ལན་འདེབས་བྱས་འདུག 

ཉེ་ཆར་ཟླ་༤ པའི་ཚེས་༡༤ ཉིན་ཨུ་རུ་སུའི་དམག་གྲུའི་དཔུང་སྡེ་གཅིག་གི་དམག་གྲུ་གཙོ་བོ་དེ་མཚོའི་ནང་དུ་ཐིམས་ཡོད་པ་དང་། ཡུག་ཀེ་རན་གྱིས་བརྗོད་དོན་ལྟར་ན་དེ་ནི་ཁོ་ཚོས་མེ་ཤུགས་ཕུར་མདའི་དྲག་རྒོལ་བྱས་པའི་གྲུབ་འབྲས་ཡིན་སྐོར་བརྗོད་ཡོད་པས། དམག་འཁྲུག་དེའི་ནང་ཨུ་རུ་སུར་གྱོང་གུད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ཨུ་རུ་སུས་གྲུ་གཟིངས་ནང་དུ་མེ་ཤོར་ཡོད་པ་དང་གནམ་གཤིས་ཡག་པོ་མེད་རྐྱེན་མཚོའི་ནང་དུ་ཐིམས་ཡོད་པ་ལས། དྲག་རྒོལ་བྱས་ནས་ཐིམས་པ་མིན་སྐོར་ལན་འདེབས་བྱས་འདུག 

འོན་ཀྱང་ཟླ་༥ པའི་ཚེས་༥ ཉིན་ཨ་རིའི་བརྙན་འཕྲིན་གསར་ཁང་ཆེ་གྲས་ཨན་བྷི་སི་ཡིས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཡུག་ཀེ་རན་ལ་མཁོ་སྤྲོད་བྱས་པའི་གསང་བའི་གནས་ཚུལ་གྱིས། ཨུ་རུ་སུའི་དམག་གྲུ་དེར་དྲག་རྒོལ་བྱེད་ཐུབ་པ་བྱུང་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་། ཚེས་༤ ཉིན་ནིའུ་ཡོག་དུས་བབ་ཀྱིས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་དམག་གི་གཡོ་འགུལ་གནས་ཚུལ་རྣམས་ཡུག་ཀེ་རན་ལ་མཁོ་སྤྲོད་བྱས་ཏེ། ཨུ་རུ་སུའི་དམག་དཔོན་རྣམས་དམིགས་འབེན་བྱས་ཏེ་གསོད་པའི་རོགས་པ་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་འདུག་པས། ཚེས་༦ ཉིན་ཨ་རིའི་དམག་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས། གནས་ཚུལ་དེ་དག་བདེན་པ་ཡིན་པའི་ཁས་ལེན་མ་བྱས་པར། ཨ་རིས་ཡུག་ཀེ་རན་ལ་ཨུ་རུ་སུའི་དམག་གྲུ་དེར་དམིགས་འབེན་བྱེད་པའི་གནས་དུས་ཀྱི་གནས་ཚུལ་གང་ཡང་མཁོ་སྤྲོད་བྱས་མེད་ཁར། ཡུག་ཀེ་རན་གྱིས་དམག་གྲུ་དེར་དྲག་རྒོལ་བྱེད་པའི་ཐག་གཅོད་བརྒྱུད་རིམ་དང་དངོས་སུ་དྲག་རྒོལ་བྱས་པའི་བྱ་སྤྱོད་ནང་ཨ་རི་མཉམ་ཞུགས་མེད། དེ་བཞིན་ཨུ་རུ་སུའི་དམག་དཔོན་ཁག་གི་ཡུལ་དུས་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་མེད་ཁར། ཡུག་ཀེ་རན་གྱིས་ཨུ་རུ་སུའི་དམག་སྡེ་ལ་དྲག་རྒོལ་བྱེད་པའི་ཐག་གཅོད་བརྒྱུད་རིམ་ནང་དུ་ཡང་ཨ་རི་མཉམ་ཞུགས་བྱེད་ཀྱི་མེད། ཡུག་ཀེ་རན་གྱིས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་མཁོ་སྤྲོད་བྱས་པའི་གནས་ཚུལ་རྣམས་བསྡུ་རུབ་བྱས་ཏེ་རང་ངོས་ནས་ཐག་གཅོད་དང་བྱ་སྤྱོད་སྤེལ་གྱི་ཡོད་པ། ཨ་རིས་ཡུག་ཀེ་རན་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་ནི་ཁྲིམས་མཐུན་དང་ཚད་བཀག་ཅན་ཡིན་སྐོར་བརྗོད་འདུག 

འོན་ཀྱང་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་ཨ་རིའི་ལས་བྱེད་གཅིག་གིས་བརྗོད་དོན་ལ། ཡུག་ཀེ་རན་གྱིས་ཨུ་རུ་སུའི་དམག་གྲུ་དེར་དྲག་རྒོལ་བྱེད་རྒྱུའི་ཐག་གཅོད་དང་ལས་དོན་ཆེད་ལག་ཆ་སོགས་རང་ངོས་ནས་བྱས་ཡོད་ཀྱང་། ཨུ་རུ་སུས་མཚོ་ཁ་ནས་ཡུག་ཀེ་རན་ལ་དྲག་རྒོལ་བྱེད་ཀྱི་ཡོད་པས། ཨ་རིས་ཡུག་ཀེ་རན་ལ་གནས་ཚུལ་མང་པོ་ཞིག་མཁོ་སྤྲོད་བྱས་ཡོད་པ་དང་། དེའི་ནང་དུ་ཨུ་རུ་སུའི་དམག་གྲུ་དེ་དག་གི་ཡུལ་དུས་ཀྱང་ཚུད་ཀྱི་ཡོད་སྐོར་བརྗོད་འདུག 

ཨ་རིའི་གཞུང་ལ་ཕྱོགས་འགལ་སྲིད་དོན་ཚོགས་པ་དང་རང་ཕྱོགས་ཀྱི་སྲིད་དོན་མི་སྣ་ཚོ་ནས་ཡུག་ཀེ་རན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་གནོན་ཤུགས་སླེབས་ཀྱི་ཡོད་ཀྱང་། རྒྱབ་སྐྱོར་བྱེད་སྟངས་དེའི་ས་མཚམས་ཏག་ཏག་མ་བཟུང་ཚེ་རྡུལ་མཚོན་གྱི་ནུས་པ་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཨུ་རུ་སུ་དང་ཐད་ཀར་དམག་འཁྲུག་འབྱུང་སྲིད་པའི་ཉེན་ཁ་ཡང་ཡོད་པས་གཟབ་ནན་བྱེད་དགོས་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།