ཨུ་རུ་སུའི་རྩ་ནས་སྣུམ་ཉོ་མཁན་རྒྱ་དཀར་ནག་གཉིས་ཕུད་པའི་རྒྱལ་ཁབ་གཞན་གང་དང་གང་ཡོད།
ཚེས་༢༢ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་མུ་མཐུད་དུ་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་པའི་དུས་སྐབས་སུ། ཨུ་རུ་སུའི་རྩ་ནས་སྣུམ་ཉོ་སྒྲུབ་བྱེད་རྒྱུ་དེ་ནི་རྩོད་གཞི་དང་གླེང་གཞི་ཆེན་མོ་ཞིག་ཏུ་འགྱུར་འདུག
ཚེས་༢༢ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་མུ་མཐུད་དུ་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་པའི་དུས་སྐབས་སུ། ཨུ་རུ་སུའི་རྩ་ནས་སྣུམ་ཉོ་སྒྲུབ་བྱེད་རྒྱུ་དེ་ནི་རྩོད་གཞི་དང་གླེང་གཞི་ཆེན་མོ་ཞིག་ཏུ་འགྱུར་འདུག
ཚེས་༢༢ ཉིན་ཨ་རི་སྲིད་འཛིན་བྷ་ཌན་གྱིས་རྒྱ་གར་གྱིས་ཨུ་རུ་སུ་ལ་ཉེས་འཛུགས་མི་བྱེད་པ་ད་དུང་མུ་མཐུད་དུ་ཨུ་རུ་སུའི་རྩ་ནས་སྣུམ་ཉོ་བཞིན་ཡོོད་པས་ཡིན་སྐོར་བརྗོད་པའི་གནས་ཚུལ་སྤེལ་འདུག དེ་བཞིན་རྒྱ་གར་དུས་བབ་གསར་ཁང་གིས་ཁ་སང་མུ་མཐུད་དུ་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་པུ་ཊིན་གྱིས་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཡུག་རེན་ལ་བཙན་འཛུལ་བྱས་པ་དེར་ཉེས་ཆད་དུ་ཨ་རི་དང་ཨོ་སི་ཁྲི་ལི་ཡ། དབྱིན་ཇི་དང་ཁེ་ན་ཊ་བཅས་ཀྱིས་ཨུ་རུ་སུའི་རྩ་ནས་སྣུུམ་མི་ཉོ་བར་མཚམས་འཇོག་བྱས་ཡོད། ཡིན་ན་ཡང་། ད་ལྟའི་ཆར་ནུབ་ཕྱོགས་རྒྱལ་ཁབ་ཉུང་ཤས་ཕུད། གྷི་རི་སི་དང་འཇར་མན། ཧང་གྷ་རི་སོགས་འཛམ་གླིང་གི་རྒྱལ་ཁབ་མང་པོས་སྔར་བཞིན་ཨུ་རུ་སུའི་རྡོ་སྣུམ་ཉོ་ཚོང་བྱེད་བཞིན་ཡོད་པའི་གནས་ཚལ་སྤེལ་འདུག
ཡུ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་བདུན་ཕྲག་འདིའི་ནང་དུ་ཨུ་རུ་སུའི་རྩ་ནས་སྣུམ་ཉོ་རྒྱུ་དེ་བཀག་སྡོམ་བྱེད་རྒྱུའི་ཐོག་ལ་གྲོས་བསྡུར་བྱེད་འཆར་ཡོད་འདུག།ཐག་གཅོད་དེ་ཡི་དབང་གིས་སྣུམ་གྱི་གོང་ཚད་འཕར་རྒྱུ་དང་དྭངས་འབྱེད་བཟོ་གྲྭ་(refineries) མང་པོ་ཞིག་ལས་མེད་དུ་ལྷག་རྒྱུ་ཡིན་པས་འཇར་མན་དང་ཧོ་ལན་རྒྱལ་ཁབ་ཀྱིས་ཀྱང་ངོ་རྒོལ་བྱེད་སྲིད་པའི་གནས་ཚུལ་ཐོན་འདུག
འདས་པའི་ལོ་ཁ་ཤས་ཀྱི་རིང་། རྒྱལ་ཁབ་མང་པོ་ལ་སྣུམ་དང་སོལ་རླངས་ཀྱི་མཐུན་རྐྱེན་སྦྱོར་མཁན་གཙོ་བོ་ནི་ཨུ་རུ་སུ་ཆགས་བཞིན་ཡོད་པ་དཔེར་ན། པོ་ལན་ཊི་དང་ཧྤིན་ལན་ཊི་ལྟ་བུའི་རྒྱལ་ཁབ་གཉིས་ལ་མཚོན་ན། རྒྱལ་ཁབ་དེ་གཉིས་ཀྱི་སྣུམ་གྱི་བརྒྱ་ཆ་ཕྱེད་ཀ་དེ་ཨུ་རུ་སུ་ནས་རག་གི་ཡོད་འདུག་པས་ད་ལྟའི་ཆར་རྒྱལ་ཁབ་དེ་གཉིས་ཀྱིས་ཀྱང་མུ་མཐུད་དུ་ཨུ་རུ་སུ་ནས་སྣུམ་ཉོ་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག
རྒྱ་གར་གྱི་ཨུ་རུ་སུའི་རྩ་ནས་ཉོས་པའི་སྣུམ་ནི་དེ་ཙམ་ཕོན་ཆེན་པོ་མིན་རུང་ཉེ་ཆར་དམག་འཁྲུག་བྱུང་བ་ནས་བཟུང་ཨུ་རུ་སུས་སྣུམ་གྱི་རིན་གོང་ཆག་ཡང་དུ་བཏང་ནས་འཛམ་གླིང་གང་སར་བཙོང་བཞིན་ཡོད་པས་རྒྱ་གར་གྱི་ཉོ་ཚད་ཀྱང་རིམ་བཞིན་འཕར་ཡོད་པའི་གནས་ཚུལ་ཐོན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།