ཨུ་རུ་སུས་ཡུག་རེན་གྱི་མི་མང་སྡེབས་གསོད་ཀྱི་དོན་རྐྱེན་ནི་རྫུན་མ་རེད་ཅེས་བརྗོད་འདུག

ཡུག་རེན་གྱི་རྒྱལ་ས་ཀེབ་(kyiv ) ནས་བར་ཐག་ཀི་ལོ་མི་ཊར་༢༤ ལ་ཡོད་པའི་གྲོང་ཁྱེར་བྷུ་ཆ་ (Bucha) རུ་ཟླ་སྔོན་མར་ཨུ་རུ་སུའི་དམག་གིས་བཙན་འཛུལ་བྱས་ཡོད་ནའང་། གཟའ་འཇུག་ལ་ཨུ་རུ་སུའི་དམག་མི་ཕྱིར་འཐེན་བྱས་རྗེས།

ཡུག་རེན་གྱི་རྒྱལ་ས་ཀེབ་(kyiv ) ནས་བར་ཐག་ཀི་ལོ་མི་ཊར་༢༤ ལ་ཡོད་པའི་གྲོང་ཁྱེར་བྷུ་ཆ་ (Bucha) རུ་ཟླ་སྔོན་མར་ཨུ་རུ་སུའི་དམག་གིས་བཙན་འཛུལ་བྱས་ཡོད་ནའང་། གཟའ་འཇུག་ལ་ཨུ་རུ་སུའི་དམག་མི་ཕྱིར་འཐེན་བྱས་རྗེས། ཟླ་འདིའི་ཚེས་༣ ཉིན་ཡུག་རེན་གྱི་བསྐྱར་དུ་གྲོང་ཁྱེར་འདི་བདག་སྲུང་བྱེད་སྐབས། མི་མང་མང་པོའི་ཕུང་པོ་རྙེད་སོན་བྱུང་ཡོད་འདུག འོན་ཀྱང་འདི་ལྟ་བུའི་དྲག་སྤྱོད་སུས་བྱས་མིན་གཏན་ཁེལ་བརྗོད་མི་ཐུབ་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདི་ནི་ཨུ་རུ་སུའི་དམག་གིས་བྱས་པ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཉེས་ཆད་གསར་པ་འགེལ་རྒྱུའི་གྲོས་སྡུར་བྱེད་བཞིན་ཡོད་པ་རེད།

ཟླ་འདིའི་ཚེས་༤ ཉིན་ ALJAZEERAA བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར། ཨུ་རུ་སུའི་ཕྱོགས་ནས་ཡུག་རེན་གྱི་མི་མང་སྡེབས་གསོད་བྱས་པ་རྣམས་སྲང་ལམ་དུ་བང་བསྒྲིགས་ནས་ཡོད་པའི་དོན་རྐྱེན་ནི་རྫུན་མ་རེད་ཅེས་བརྗོད་འདུག

ཁ་སང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་མགྲིན་ཚབ་པ་པི་སི་ཁོ་ཝེ་(Peskov )ཡིས་ “ཡུག་རེན་གྱིས་འགྲེལ་བརྗོད་བྱས་པ་བཞིན་བྷུ་ཆ་(Bucha) རུ་སྡེབས་གསོད་ཀྱི་དོན་རྐྱེན་འདིའི་དུས་ཚིགས་རེའུ་མིག་རྣམས་ཀྱི་སྔ་ཕྱི་མཐུན་གྱི་མེད་པས། རྒྱལ་སྤྱིའི་འགོ་ཁྲིད་ཚོས་ཨུ་རུ་སུར་ནག་ཉེས་སྐྱོན་འཛུགས་བྱེད་རྒྱུའི་བྲེལ་འཚུབ་མི་བྱེད་པར་ང་ཚོའི་རྒྱུ་མཚན་ལ་ཡང་ཉན་པའི་དགོས་འདུན་འདོན་གྱི་ཡོད་’’ཅེས་བརྗོད་འདུག

ཁོང་གིས་མུ་མཐུད་བརྗོད་དོན་”ཨུ་རུ་སུའི་བདེ་སྲུང་བློན་ཆེན་མཁས་དབང་ཚོས་ངོ་རྟགས་ཆོད་གསལ་ལ་བྷུ་ཆ་Bcha རུ་དོན་རྐྱེན་དང་འབྲེལ་བའི་རྙན་ཐུང་ཁག་ལ་འགྲེལ་བརྗོད་ཞིབ་ཕྲ་མེད་པའི་བརྙན་ཐུང་རྫུན་མ་དང་གཞན་རྫུན་མ་སྣ་ཚོགས་ཡོད་པའི་ངོས་འཛིན་ཐུབ་འདུག་’’ཅེས་བརྗོད་འདུག

འོན་ཀྱང་པོ་ལནྜའི་ཡུལ་གྱི་སྲིེད་བློན་མ་རོ་ཝི་ཁི་(Morawiecki) ཡིས་གསར་འགོད་པར་བརྗོད་དོན་ “རྒྱལ་སྤྱིའི་ཐོག་ནས་ཨུ་རུ་སུའི་དམག་གི་མི་རིགས་སྡེབས་གསོད་བྱས་སའི་བྷུ་ཆ་(Bucha) རུ་ཚུད་པའི་ཡུཀ་རེན་གྱི་ས་ཆ་ཁག་ལ་རྟོག་ཞིབ་བྱེད་པའི་འབོད་སྐུལ་དང་ངེས་པར་དུ་ཁྲིམས་ཐག་གཅོད་དགོས་’’ཞེས་བརྗོད་འདུག

ཁོང་གིས་མུ་མཐུད་བརྗོད་དོན་”ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཨུ་རུ་སུའི་ཐོག་བཀལ་བའི་དམག་གི་ཉེས་ཆད་དེས་ནུས་པ་ཐོན་གྱི་མེད་པས་ཉེས་ཆད་གང་བཀལ་བ་རྣམས་ཁ་གསལ་དང་གཏན་ལ་འབེབ་དགོས་”ཞེས་བརྗོད་འདུག །

གསར་འགོད་པ་བདེ་སྒྲོན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།