ཨུ་རུ་སུས་ཡུག་རེན་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་ཉེན་འདུག
ཡུག་རེན་གྱི་ཛ་དྲག་གནས་སྟངས་ཐད་ཨ་རི་གཙོས་པའི་རྒྱལ་ཁབ་མང་དག་ཅིག་ཨུ་རུ་སུས་ཡུག་རེན་ནང་རྡུལ་ཕྲན་མཚོན་ཆ་གཡུག་སྲིད་པའི་སེམས་འཚབ་ངང་གནས་ཡོད་པའི་གནས་སྐབས། ཨུ་རུ་སུ་ཕྱོགས་ནས་ཡུག་རེན་ལ་དགོས་འདུན་ཁ་ཤས་བཏོན་ཡོད་པ་དང་། ཡུག་རེན་ཕྱོགས་ནས་དགོས་འདུན་དེ་དག་མོས་མཐུན་མ་བྱས་ཚེ་ཨུ་རུ་སུ་ཕྱོགས་ནས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་སྲིད་པ་རེད་འདུག

ཟླ་འདིའི་ཚེས་༢༡ ཉིན་THE WEEK ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་རེས་གཟའ་མིག་དམར་ཉིན་ཨུ་རུ་སུའི་མགྲིན་ཚབ་པ་པི་སི་ཁོ་ཡིས་“སྲིད་འཛིན་པུ་ཊན་གྱི་ཡུག་རེན་ནང་རྡུལ་ཕྲན་གཡུག་ཉེན་ཆེ་བའི་ཆ་རྐྱེན་ནི་ཨུ་རུ་སུ་རྒྱལ་ཁབ་གནས་དང་མི་གནས་ཀྱི་ཉེན་ཁ་དང་། ཨུ་རུ་སུའི་མི་མང་སྲུང་སྐྱོབ་བཅས་ཀྱི་ཐད་ལ་ཉེན་འཚབ་སོགས་བྱུང་ཚེ་ཨུ་རུ་ཕྱོགས་ནས་དེ་མཚུངས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་གཏོང་ཆོག་པའི་ཆ་རྐྱེན་ཡོད་སྐོར་བརྗོད་འདུག
མགྲིན་ཚབ་པས་མུ་མཐུད་བརྗོད་དོན་“པུ་ཊན་གྱི་ཡུག་རེན་ནང་དམག་མཚམས་འཇོག་བྱེད་རྒྱུའི་ཆ་རྐྱེན་གཙོ་བོ་ནི་ཡུག་རེན་གྱི་དམག་གི་ནུས་པ་ཆེ་རུ་མི་གཏོང་བའི་ཁས་ལེན་དང་། ཡུག་རེན་བར་གནས་རྒྱལ་ཁབ་ཅིག་ཏུ་འདུག་རྒྱུའི་ངེས་གཏན་དགོས་པ་དང་ཡུག་རེན་ནང་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་གྱི་མི་མང་དམག་སྡེ་རྣམས་ཀྱི་ལས་འགུལ་མཚམས་འཇོག་དགོས་རྒྱུ་དང་། དེ་བཞིན་ཨུ་རུ་སུས་ངོས་ལེན་བྱས་པའི་རང་བཙན་རྒྱལ་ཁབ་གཉིས་ལ་ཡུག་རེན་ཕྱོགས་ནས་ཀྱང་མོས་མཐུན་བྱེད་དགོས་པ་བཅས་ཀྱི་དགོས་འདུན་རྣམས་བསྐྱར་བཤད་བྱས་འདུག །
གསར་འགོད་པ་བདེ་སྒྲོན།