ཨེ་པོ་ལ་ན་ཚ་ཡོད་མཁན་༡༧ གར་སོང་ཆ་མེད།

ལི་བྷར་རི་ཡ་ཡི་རྒྱལ་ས་མོན་རི་ཝི་ཡ་རུ་ཡོད་པའི་ཨེ་པོ་ལ་སྨན་བཅོས་ལྟེ་གནས་ཤིག་ལ་ཇག་པས་འཕྲོག་བཅོམ་བྱས་པའི་རྗེས། ཨེ་པོ་ལོ་(Ebola)ཡི་ན་ཚ་ཡོད་མཁན་གྱི་ནད་པ་༡༧ གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

ལི་བྷར་རི་ཡ་ཡི་རྒྱལ་ས་མོན་རི་ཝི་ཡ་རུ་ཡོད་པའི་ཨེ་པོ་ལ་སྨན་བཅོས་ལྟེ་གནས་ཤིག་ལ་ཇག་པས་འཕྲོག་བཅོམ་བྱས་པའི་རྗེས། ཨེ་པོ་ལ་(Ebola)ཡི་ན་ཚ་ཡོད་མཁན་གྱི་ནད་པ་༡༧ གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

140817173744_liberia_ebola_624x351_gettyཕྱི་ཟླ་༨ ཚེས་༡༦ ཉིན་གྱི་དགོང་མོར་ཇག་པ་སྐོར་ཞིག་གིས་རྒྱལ་ས་མོན་རི་ཝི་ཡ་(Monrovia) རུ་ཡོད་པའི་ཨེ་པོ་ལ་སྨན་བཅོས་ལྟེ་གནས་སུ་འཕྲོག་བཅོམ་བྱས་ཡོད་པ་དང་། རྒྱལ་ཁབ་དེའི་འཕྲོད་བསྟེན་ལྷན་ཁང་གི་མཐོ་རིམ་དཔོན་རིགས་ཤིག་གིས། ད་ལྟའི་ཆར་ནད་པ་ཡོངས་རྫོགས་སྨན་བཅོས་ལྟེ་གནས་ཁང་གཞན་ཞིག་ཏུ་གནས་སྤོ་བྱས་ཟིན་སྐོར་བརྗོད་ཡོད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨེ་པོ་ལ་ན་ཚ་ཡོད་མཁན་གྱི་ནད་པ་༡༧ བྲོས་བྱོལ་དུ་སོང་ཡོད་པ་དང་། ནད་པ་༡༠ ནང་མིས་ཁྲིད་དེ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཨ་ཧྥི་རི་ཁའི་ནུབ་ཕྱོགས་ས་ཁུལ་དུ་ཨེ་པོ་ལ་ན་ཚ་ཡོད་མཁན་༢༡༢༧ ཙམ་ཤེས་རྟོགས་བྱུང་ཡོད་པའི་ནང་། མི་༡༡༤༥ ཙམ་འདས་གྲོངས་སུ་གྱུར་ཟིན་པའི་ཁྲོད། ལི་བྷར་རི་ཡའི་མི་༤༠༠ ཚུད་ཡོད་པ་རེད།

ཨེ་པོ་ལ་ན་ཚ་ནི་ཐད་ཀར་གཟུགས་པོ་ཐུག་འཕྲད་བྱས་པའམ་ཁ་མཆིལ་དང་ཟུངས་ཁྲག་བརྒྱུད་ནས་འགོས་ཁྱབ་ཏུ་འགྲོ་བ་ཞིག་ཡིན་པ་དང་། ད་ལྟའི་ཆར་བཅོས་ཐབས་རྙེད་མེད་པ་རེད། ས་གནས་ཀྱི་ཉེན་རྟོག་དཔོན་རིགས་ཤིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། སྨན་བཅོས་ལྟེ་གནས་ཁང་དེ་ནས་འབོལ་གདན་དང་མལ་ཆས། སྨན་བཅོས་ཀྱི་ལག་ཆ་ཚང་མ་ཇག་པས་བཅོམ་སྟེ་ཁྱེར་ཡོད་པ་དང་། ཉེན་རྟོག་དཔོན་རིགས་དེས་བརྗོད་དོན། དེ་ནི་ལྐུགས་རྟགས་ཚ་ཤོས་ཀྱི་ལས་ཀ་ཞིག་རེད། མི་དེ་དག་གིས་ནད་པའི་སར་ནས་བཅོམ་པའི་ཅ་དངོས་བརྒྱུད་ནས་ན་ཚ་ཁྱབ་གདལ་དུ་འགྲོ་བ་དང་། མི་ཁྲི་༥ ཙམ་ཡོད་པའི་ས་ཁུལ་དེའི་ཁྱོན་ཡོངས་སུ་ཨེ་པོ་ལོ་ན་ཚ་འགོས་ཁྱབ་འགྲོ་སྲིད་པ་ཞིག་རེད།

ད་ལོའི་ཕྱི་ཟླ་༢ པའི་ནང་ཨེ་པོ་ལ་ན་ཚ་དེ་ཨ་ཧྥི་རི་ཁའི་གྷི་ནི་(Guinea)ཡི་ནང་དུ་རྙེད་སོན་བྱུང་ཡོད་པ་དང་། དེའི་རྗེས་སུ་ལི་བྷར་རི་ཡ་ (Liberia) དང་སི་ཡ་རི་ལོན། (Sierra Leone) ནི་རྗི་རི་ཡ་ (Nigeria) སོགས་སུ་དར་ཁྱབ་དུ་སོང་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།