ཆོས་བརྡ།
ཆོས་བརྡ།
སྔ་ལོར་རྡོར་གདན་སྔ་འགྱུར་སྨོན་ལམ་ཚོགས་ཆེན་སྐབས་གསལ་བརྡ་སྔོན་སོང་བཞིན། སྔ་འགྱུར་བཀའ་མ་རྒྱུན་སྐྱོང་ཚོགས་པས། གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་གསང་ཆེན་སྔ་འགྱུར་བའི་ཟབ་ཆོས། བཀའ་གཏེར་རྒྱུད་ལུང་མན་ངག་དང་བཅས་པའི་དབང་ལུང་ཁྲིད་རྒྱུན་དཀོན་རིགས། མདོ་དབུས་ཁམས་གསུམ་དང༌། རྒྱ་བལ་འབྲས་འབྲུག་སོགས་སུ་བཞུགས་པ་རྣམས་ཞིབ་འཚོལ་གྱིས། ལོ་ལྟར་བོད་ཟླ་༡༡ ཚེས་ཤར་ནས་བོད་ཟླ་༡༢ ཚེས་༣༠ སྔ་འགྱུར་སྨོན་ལམ་དབུ་མ་བཙུགས་བར་ཟླ་བ་གཅིག་གི་རིང༌། རྡོར་གདན་སྔ་འགྱུར་སྨོན་ལམ་ཚོགས་ཆེན་གྱི་ཆོས་སྒར་དུ་བཞེས་ལག་དང་བཞུགས་གནས་གོ་སྒྲིག་ཞུས་ནས། སྔ་འགྱུར་རྙིང་མའི་བླ་སྤྲུལ་ཁག་དང༌། བཤད་གྲྭ་ཁག་གི་མཁན་སློབ། གྲྭ་བཙུན་སློབ་ཕྲུག་འཛིན་རིམ་རྒན་གྲས་ཁག་གཙོས་དད་ལྡན་དོན་གཉེར་ཅན་རྣམས་ལ་གསུང་ཆོས་གོ་སྒྲིག་གཏན་འཁེལ་ཟིན་པ་ལྟར།
འདི་ལོར་ྋསྐྱབས་མཆོག་མཁན་རིན་པོ་ཆེ་པདྨ་ཤེས་རབ་མཆོག་ནས། བོད་ཟླ་༡༡ ཚེས་༡༥ ནས་བོད་ཟླ་༡༡ ཚེས་༣༠ བར་གཎརྣ ༡༡ ༢༠༠༩་གཎརྣ ༢༥ ༢༠༠༩ཉིན་གྲངས་བཅོ་ལྔའི་རིང་པཎ་ཆེན་བི་མ་མི་ཏྲའི་གསུང་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པའི་བཀའ་ཁྲིད་དང༌། གཞན་ཡང་དུས་སྐབས་སྟབས་བསྟུན་གྱིས་ཁྲིད་ལུང་དཀོན་རིགས་གནང་གཏན་འཁེལ་བས། གསུང་ཆོས་ཞུ་བར་ཕེབས་འདོད་ཡོད་རིགས་རྣམས་ནས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། ཞེས་སྔ་འགྱུར་བཀའ་མ་འཛིན་སྐྱོང་ཚོགས་པས་ཕྱི་ལོ་༢༠༠༨ཟླ༡༡ ཚེས་༣ ལ་ཕུལ།།
༽བལ་ཡུལ། མཁན་པོ་འགྱུར་མེད་ཚུལ་ཁྲིམས།
kgyurme@gmail.com/+977 9851050187 ༢༽རྒྱ་གར། སློབ་དཔོན་ཚེ་དབང་བསོད་ནམས།
kamapreservecom@gmail.com/+919741517597
༣༽འབྲས་ལྗོངས། མཁན་པོ་དགེ་ལེགས་འཕེལ་རྒྱས།
00913592237066/+919434257260
༤༽འབྲུག སློབ་དཔོན་སེང་གེ་རྡོ་རྗེ།
Ganteng Monastery,Bhutan
C/o Nyingma Monlam Chenmo International Foundation, Bodh Gaya
824231 Gaya,Bihar E-mail: kamapreservecom@gmail.com