སྡུག་བསྔལ་དང༌། ཆགས་སྡང་འགོག་ཚུལ་དཔེ་དང་བཅས་པ།

སྡུག་བསྔལ་དང༌། ཆགས་སྡང་འགོག་ཚུལ་དཔེ་དང་བཅས་པ།

དེ་ལ་བྱམས་པ་ཟེར་བ་དེ་མཐའ་གཅིག་ཏུ་ཡུལ་དེ་ལ་ཡིད་དུ་འོང་བར་བལྟས་ནས་དེ་ལ་སྐྱིད་པ་ཞིག་བྱུང་ན། བདེ་བ་ཞིག་བྱུང་ན། ཡག་པོ་ཞིག་བྱུང་ན་བསམ་པའི་བློ་དེ་ལ་བྱམས་པ་ཟེར་གྱི་འདུག་གཱ། བྱས་ཙང་ཡུལ་དེ་ལ་ཞེ་ཐག་པ་ནས་སྡང་བའི་བློ་དེ་དང༌། ཡུལ་དེ་ལ་ཞེ་ཐག་པ་ནས་བྱམས་པའི་བློ་གཉིས་པོ་དེ་འཛིན་སྟངས་འགལ་བ་རེད་འདུག་གཱ།

ག་ཚད་ཀྱིས་ཡུལ་དེ་ལ་བྱམས་པ་བསྒོམ་ན། དེའི་ཚོད་ཀྱིས་ཞེ་སྡང་མི་དགའ་བ་དེ་ཤུགས་ཆུང་དུ་ཆུང་དུ་འགྲོ་བ། ག་ཚད་ཀྱིས་ཡུལ་དེ་ལ་སྡང་བའི་བློ་སྐྱེས་ནས་དེ་འདྲའི་མི་དེ་སྡུག་པ་ལ། དེ་འདྲའི་མི་དེའི་བསམ་པ་ངན་པ་ལ། དེ་འདྲའི་མི་དེའི་སྤྱོད་པ་ངན་པ་ལ་བསམ་ནས་སྡུག་ས་ཤ་སྟག་ནས་བསམ་བློ་བཏང་ན། མི་དགའ་བའི་བློ་ག་ཚད་ཤུགས་ཆེ་རུ་ཕྱིན་པའི་ཚོད་ཀྱིས་མི་དེ་ལ་ཡག་པོ་ཞིག་བྱུང་ན་བསམ་པའི་བློ་དེ་སྐྱེ་གི་མི་འདུག་གཱ། མི་དེ་ལ་སྙིང་རྗེ། མི་གཅིག་པ་རེད། སྙིང་རྗེས་ང་ནང་བཞིན་སྡུག་བསྔལ་མི་འདོད་པ་རེད། གང་དྲག དེ་སྡུག་བསྔལ་དང་བྲལ་བ་ཞིག་དང༌། བདེ་བ་དང་ལྡན་ན་བསམ་པའི་བློ་དེ་ག་ཚོད་བྱུང་བའི་ཚོད་ཀྱིས་མི་དེ་ཡིས་སྡུག་ཅག་ཅིག་བྱས་པ་ཡིན་ཡང༌། དེ་སྙིང་རྗེ། ད་ཨོ་ཙམ་རེད་ཟེར་བ་ཞིག་ཡོང་གི་འདུག་གཱ། བྱས་ཙང་བྱམས་པའི་བློ་དེ་དང་ཞེ་སྡང་གི་བློ་གཉིས་པོ་དེ་འགལ་བ་རེད་འདུག ཁོས་བྱས་པ་རེད། དེ་ག་ནང་བཞིན་གྱི་ཞེན་ཅིང་ཆགས་པའི་བློ་དེ། ཡུལ་དེ་ཡིད་དུ་འོང་བ་ལ་བལྟས་ནས། ཆ་ཐམས་ཅད་ནས་ཡིད་དུ་ཡོང་བ་བལྟས་ནས། ཡུལ་དེ་ལ་བློ་དེ་ཞེན་ཅིང་ཆགས་པ། ཐིམ་འགྲོ་བ་ལྟ་བུ་ཞིག་ཡོང་སྡོད་ཀྱི་འདུག དེ་ལ་ཆགས་པ་ཟེར་གྱི་རེད། ཡུལ་དེ་ལ་ཡིད་དུ་འོང་བར་མཐོང་ནས་ཡུལ་དེ་ལ་ཞེན་ཅིང་ཆགས་པ་དེའི་ལྡོག་ཕྱོགས་དེ་ཡུལ་དེའི་སྐྱོན་མཐོང༌། ཡུལ་དེའི་མི་སྡུག་པ་ལ་མཐོང་བ་ཡིན་ན་ཡུལ་དེར་བློ་ཉེ་པོ་ཆགས་པ་དེ་ཐག་རིང་དུ་འགྲོ་ཡོང་གི་འདུག བྱས་ཙང་མི་སྡུག་པ་སྒོམ་པའི་བློ་དེས་ཡིད་དུ་འོང་བ་མཐོང་ནས་ཞེན་ཅིང་ཆགས་པའི་བློ་དེ་ཉུང་དུ་འགྲོ་བ་ཞིག་ཡོང་གི་འདུག

ང་རྒྱལ་འདྲ་པོ་སྐྱེས་ཡོང་དུས་སོ་སོར་དཔེ་ཆ་བཞག་ན། ང་ལ་སློབ་སྦྱོང་ནི་ཡག་པོ་ཡོད། ལུས་རྩལ་ནི་ཡག་པོ་ཡོད། ངས་ལུས་རྩལ་ཨང་པོ་ལེན་གྱི་བསམ་ནས་དེ་ག་རྐྱང་རྐྱང་ལ་བསམ་བློ་བཏང་ན། སེམས་ལ་ང་རྒྱལ་འདྲ་པོ་ཞིག་སྐྱེས། ལུས་རྩལ་སྐྱོ་པོ་དེ་ཚོའི་གྲས་ལ་མཐོང་ཆུང་བྱེད་པའི་བཟོ་འདྲ་པོ་ཡོང་གི་འདུག་གཱ། དེ་འདྲ་སྐྱེས་པའི་སྐབས་དེར་ང་ཨང་རྩིས་སྐྱོ་པོ་ཡིན། བསམ་པ་སེམས་ནང་དྲན་པ་ཡིན་ན། ལུས་རྩལ་ཡག་པོ་ཡོད་ནའང༌། ཨང་རྩིས་བརྒྱབ་དགོས་དུས་མགོ་འཕུར་ནས་སྡོད་མཁན་ཞིག་ཆགས་ན་དེ་མ་དྲན་པར། ལུས་རྩལ་ཡག་པོ་ཡོད་བསམ་ནས་དྲན་བསྡད་ན། སེམས་ལ་ང་རྒྱལ་སྐྱེས་ཡོང་གི་འདུག་གཱ། སོ་སོའི་སྐྱོན་ཆ་དེ་བསམ་བློ་འཁོར་ནས། ད་གིན་གོང་སེམས་ང་རྒྱལ་གྱི་གོང་བུ་འདྲ་དེ་ཆགས་ནས་ཡོད་པའི་སྐབས་སུ། དཔེར་ན་ཚན་རིག་གི་ནང་ལ་ཨང་རྩིས་གལ་ཆེན་པོ་རེད། དེའི་ནང་ལ་སྐྱོ་པོ་ཡིན་ཞེ་པོ་ཡིན་སེམས་ནས་དྲན་མ་ཐག སྔོན་གྱི་སེམས་ཁེངས་བསྡད་པ་དེ་ལམ་སང་མེད་པ་ཆགས་ཡོང་གི་འདུག་གཱ། ང་རྒྱལ་དེ་དང་རང་གི་སྐྱོན་མཐོང་བའི་ཐོག་ནས་ཞུམ་པ་ཟེར་བ་ལབ་ཆོག་གི་མེད་དམ། ཞུམ་པའི་བློ་གཉིས་པོ་དེ་ཡང་འགལ་ཟླ་རེད་འདུག གལ་ཆེ་ཤོས་དེ་རེད། བདག་ཏུ་འཛིན་པ་ཟེར་བའི་བློ་དེ། དཔེར་ན་ང་ཚོར་ཆགས་སྡང་གི་བློ་སྐྱེས་ཡོང་དུས་ཙ་ནས། སོ་སོའི་ཆགས་པ་སྐྱེ་སའི་ཡུལ་ཡིད་དུ་འོང་བ་དེ། འཛམ་གླིང་གི་སེམས་ཅན་ཐམས་ཅད་ཀྱིས་ཡིད་དུ་འོང་བར་མཐོང་གི་མེད་པར། འཛམ་གླིང་གི་མི་ཐེར་འབུམ་དྲུག་ཚང་མས་ཡིད་དུ་འོང་བ་མཐོང་གི་ཡོད་པ་མ་རེད། ཡིད་དུ་འོང་བ་ཐམས་ཅད་ལ་ཆགས་པ་སྐྱེ་སའི་ཡུལ་གཅིག་ཀྱང་མེད་པར། གཅིག་གིས་ཡིད་དུ་མི་འོང་བ་མཐོང་བ་དེ། གཅིག་གིས་ཡིད་དུ་མི་འོང་བར་མཐོང་གི་རེད། དེ་ཡོང་གི་འདུག་གམ། ང་རང་ཚོ་གཅིག་ལ་ཆ་བཞག་ནའང་ཁ་སང་ཡིད་དུ་འོང་བ་མཐོང་བ་དེ། དེ་རིང་ཡིད་དུ་མི་འོང་བ་མཐོང་གི འདུག ཁ་སང་ཡིད་དུ་མི་འོང་པ་དེ་དེ་རིང་ཡིད་དུ་འོང་བ་མཐོང་ཡོང་གི་འདུག རྐྱེན་ལ་བརྟེན་ནས་འགྲོ་བསྡད་ཀྱི་འདུག་གཱ། དེ་འདྲ་ཡིན་དུས་ཡིད་དུ་འོང་མི་འོང་ཟེར་བ་དེ་ང་ལ་ཡིད་དུ་འོང་མི་འོང་གི་སྐད་ཆ་རེད་མ་གཏོགས། ཕ་རོལ་ཡུལ་གྱི་ངོས་རྐྱང་རྐྱང་ནས་རེད་མི་འདུག ཡུལ་དེ་གཅིག་པ་རེད།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།