ཏྲེ་ཧོར་སྐྱིད་སྡུག་གི་གསལ་བསྒྲགས།
རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་ཏྲེ་བོ་ཁམས་རིགས་ཡོངས་ལ་ཞུ་རྒྱུ།
འདི་ལོའི་༢༠༠༨ཕྱི་ཟླ་གསུམ་པ་ཚན་ཆད་ས་བྱི་ཞི་རྒོལ་ཆེན་པོའི་ནང་ཞུགས་པའི་གཞིས་བཞུགས་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་ལུས་སྲོག་བློས་བཏང་གིས་མཛད་རྗེས་རྒྱ་ཆེར་བཞག་པའི་གནས་ཚུལ། འཛམ་གླིང་མི་དམངས་ཡོངས་ཀྱིས་མཁྱེན་རྟོགས་དང་མི་རབས་རྗེས་མ་ཚོས་ཕ་མེས་ཡང་མེས་ཆོས་ཀྱི་མཛད་རྗེས་གང་ཞིག་བཞག་པ་ཤེས་པ་བཅས་ཀྱི་ཆེད་དུ་ད་ལྟའི་དངོས་བྱུང་གི་ལོ་རྒྱུས་ཡིག་ཐོག་ཏུ་འགོད་རྒྱུ་གལ་ཆེ་ཡིན་པ་བཤད་མ་དགོས་པའི་ཐོག ས་ཁུལ་སོ་སོ་ནས་དེ་དོན་འགན་ཁུར་ཕྱར་གྲུ་མཉམ་འདེགས་དགོས་པས།
རང་རེ་ཏྲེ་བོ་ཁུལ་གྱི་ཞི་བའི་འོས་ལངས་ནང་ཞུགས་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ ༼༢༠༠༨༽ ལོའི་ལོ་རྒྱུས་ཤིག ལོ་རྗེས་མའི་༢༠༠༩སྤྱི་ཟླ ༣ ཚེས་ ༡༠ ཉིན་འགྲེམ་སྤེལ་ཐུབ་འཆར་གྱི་དེབ་གཅིག་མྱུར་བར་སྒྲིག་འཆར་ལགས་ན། ཕྱོགས་བཞུགས་རྒྱུས་ཡོད་རྣམ་པས། བོད་ནང་ཡོད་པའི་རང་ཁོངས་འབྲེལ་ཡོད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་ཕ་མིང་མ་མིང་དང༌། ལོ་ཚོད། ལས་འགུལ་ལས་དུས། འདྲ་པར་བཅས་གང་རག་རག་གིས་གཤམ་གསལ་ཁ་བྱང་སྟེང་འབྲེལ་བ་གནང་སྐྱོང་སྐྱབས་འཇུག་བརྩེ་གཟིགས་ཡོད་པ་མཁྱེན་ཞུ་དང༌། གལ་ཏེ་པར་སྐྲུན་འགྲོ་གྲོན་གྱི་ཞལ་འདེབས་གནང་བློ་ཡོད་ནའང་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་མཁྱེན།།
E-mail : tehorcommittee@gmail.com
E-mail : berijigme@yahoo.com
Mobile : 091+98164-88196+94185-06967
ས་བྱི་ཞི་རྒོལ་ཆེན་མོའི་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་ནས།