གཞས་སྣ་འདེམས་སྒྲིག་གི་གསལ་བསྒྲགས།

༄༅།། འཛམ་གླིང་ཁྱོན་ཡོངས་ཀྱི་བོད་ཀྱི་གཞས་པ་གཞས་མ་གྲགས་ཅན་རྣམས་ཀྱི་སྙན་ལམ་དུ།

                            ཆེད་ཞུ།  དཔལ་ལྡན་རང་གཞུང་བཀའ་ཤག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༠ ནས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ བར་ལོ་འཁོར་གཅིག་རིང་བོད་མི་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་གནང་རྒྱུར་གཏན་འབེབས་གནང་བ་ལྟར། གང་ཅིའི་འཕྱར་གྲུ་མཉམ་འདེགས་མཚོན་པའི་ཆེད་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་ལ་མཁས་པའི་བགྲོ་གླེང་དང༌། ཚོགས་འདུ། དུས་སྟོན་སོགས་ལས་འཆར་སྣ་ཚོགས་ཤིག་གོ་སྒྲིག་ཞུ་བཞིན་པའི་ཁོངས་སུ་(BFM)ཞེས་པའི་ལས་ཁུངས་ཀྱི་མཐུན་འགྱུར་འོག་ (amazon.com)དང༌། (iTune)དྲྭ་རྒྱའི་ལམ་ནས་བོད་ཀྱི་སྔ་རབས་སྲོལ་རྒྱུན་གཞས་སྣའི་འོད་སྡེར་ཞིག་དང། དེང་དུས་ཀྱི་རོལ་དབྱངས་ལྡན་པའི་བོད་གཞས་འགའ་ཞིག་བཅས་ཁྱོན་གཞས་སྣ་ཁག་གཉིས་འདོན་འཆར་ཡོད་པའི་ཁོངས་ནས།

དང་པོ་དེ་བཙན་བྱོལ་གྱི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་འགོ་འཛུགས་ ༢༠༠༩ ཟླ་ ༣ ཚེས་ ༡༠ ཉིན་འདོན་སྤེལ་བྱེད་རྒྱུ་ཡིན། ཚོང་འགྲེམས་བྱས་པའི་ཁེ་འབབ་ཀྱི་བརྒྱ་ཆ་ ༦༠ ཐམ་པ་རང་གཞུང་ནང་སྲིད་ལྷན་ཁང་བརྒྱུད་བཙན་བྱོལ་བོད་མའི་སྤྱི་ཚོགས་བདེ་དོན་དང་བུ་ཕྲུག་གི་ཤེས་ཡོན་ཐོག་ཞལ་འདེབས་འབུལ་རྒྱུ་དང༌། བརྒྱ་ཆ་ ༢༠ ཐམ་པ་འདེམས་ཐོན་གཞས་པ་གཞས་མ་རྣམས་ལ་ཆ་བགོས་ཞུ་རྒྱུ། བརྒྱ་ཆ་ ༢༠ ཐམ་པ་བོད་ཀྱི་ཐེབས་རྩ་ནས་སློབ་ཕྲུག་དང་གྲྭ་བཙུན་གྱི་སློབ་ཡོན་སྦྱིན་བདག་གསར་འཚོལ་ཞུ་རྒྱུའི་མཚོན་ལས་དོན་གང་ཅིར་ཤུགས་ནུས་གོང་སྤེལ་གྱི་ཆེད་དུ་གཏོང་རྒྱུ་ཡིན་ན། རང་རིགས་གཞས་པ་གཞས་མ་གྲགས་ཅན་རྣམ་པས་ཕྱོགས་གཅིག་ནས་རང་རེའི་མཐུན་མོང་མ་ཡིན་པའི་གཞས་སྣ་ (iTune) གྱི་ལམ་ནས་འཛམ་གླིང་རྒྱལ་ཁབ་ཀུན་ལ་དྲིལ་བསྒྲགས་དང༌། གཉིས་ནས་བོད་མི་ནང་ཁུལ་དཔལ་འབྱོར་རོགས་རམ་ཆེད་རང་ནུས་ཞལ་འདེབས་འབུལ་རྒྱུའི་གོ་སྐབས་སུ་དགོངས་བཞེས་ཀྱིས་དྲ་རྒྱའི་ཁ་བྱང་ dharlo@tibetfund.org ཐོག་འབྲེལ་བ་ངེས་གནང་ཡོད་པ་ཞུ། ད་ལྟའི་ཆར་ཡང་གོང་གསལ་ལས་ཁུངས་ནས་མཐུན་འགྱུར་གྱིས་ཕྱི་ནང་སྒྱུ་སྩལ་གྲགས་ཅན་ཁག་གཅིག་གི་རོལ་དབྱངས་སྣ་འཛོམས་ཀྱི་འོད་སྡེར་ཞིག་(amazon.com)དང༌། (iTune)དྲ་རྒྱའི་ལམ་ནས་ཚོང་འགྲེམས་ཞུ་བཞིན་པ་འདི་སྐོར་ http://www.jamtse.orgཞེས་པར་གཟིགས་ན་གནས་ཚུལ་དང་ཉོ་སྟངས་ཞིབ་ཁྲ་མཁྱེན་རྟོགས་ཐུབ་རྒྱུ་བཅས་དགོངས་འཇགས་ཞུ།

ཨ་རི་བོད་ཀྱི་ཐེབས་རྩ་ཁང་ནས། ༢༠༠༩ ཟླ་ ༡༢ ཚེས་ལ། ཕུལ།།


Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།