ནང་ཆོས་དང་འབྲེལ་བའི་དྲི་བ་འགའ།

མཚན་ཉིད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་དབང་འདུས་ལགས་ལ་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།
དྲི་བ། ནང་ཆོས་ཀྱི་ནང་ནས་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་པའི་གནད་འགག་གང་ལ་ཐུག་པ་རེད།
ལན། ནང་ཆོས་རང་གི་ཐོག་ནས་བཤད་པ་ཡིན་ན་དགག་བྱ་འགོག་པ་དེར་ཐུག་བསྡད་ཡོད་རེད། གནས་ཚུལ་དངོས་གནས་བྱས་པ་ཡིན་ན་ཐར་པའི་རྣམ་གཞག་ལ་ཐུག་གི་ཡོད་རེད། འཇིག་རྟེན་བཀོད་པ་པོ་ཁས་བླངས་ན་ཐར་པའི་རྣམ་གཞག་ར་འཕྲོད་ཐུབ་ཀྱི་ཡོད་མ་རེད། འཇིག་རྟེན་བཀོད་པ་པོ་འགོག་པ་དེ་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་གྲུབ་མཐའ་འོག་མས་ཀྱང་འགོག་གི་ཡོད་རེད་མ་གཏོགས་གྲུབ་མཐའ་གོང་མས་འགོག་པ་གཅིག་པུ་མ་རེད། གསལ་པོར་བཤད་པ་ཡིན་ན། ནང་པའི་དབུ་མ་པའི་བཤད་སྟངས་ལྟར་ན་བདེན་གྲུབ་འགོག་གི་ཡོད་རེད།

མདོ་སྡེ་པ་ལྟར་ཡིན་ན་གཙོ་བོ་བདག་མེད་དང་མི་རྟག་པ་སྒྲུབ་ཀྱི་ཡོད་རེད། རྟག་པ་ཆགས་སོང་བ་ཡིན་ན་ག་དུས་ཡིན་ཡང་སྐྱེ་དགོས་པ་དང༌། ཡང་ན་ནམ་ཡང་མི་སྐྱེ་བ་དགོས་ཀྱི་རེད་ཅེས། རྒྱུན་ལྡན་གྱི་རྣམ་གཞག་སོགས་གནད་འགག་མང་པོ་ལ་ཐུག་གི་ཡོད་རེད། དེ་ལ་བརྟེན་ནས་ནང་པས་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་པ་རེད། དངོས་གནས་དྲང་གནས་བྱས་ན་ཐར་པའི་རྣམ་གཞག་ཏག་ཏག་དེ་རག་ཐུབ་ཀྱི་ཡོད་མ་རེད། ནང་པས་གཏན་ལ་འབེབས་པ་གཙོ་བོ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་རྣམ་གཞག་རེད། ཐེག་པ་ཆུང་ངུ་ལྟར་ན་ཐར་པ་དང༌། ཐེག་པ་ཆེན་པོ་ལྟར་ན་ཐམས་ཅད་མཁྱེན་པའི་རྣམ་གཞག་རེད། འཇིག་རྟེན་བཀོད་པ་པོ་ཁས་བླངས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་རྣམ་གཞག་དེ་འཇོག་ཐུབ་ཀྱི་མ་རེད། དེ་ལ་ཐུག་བསྡད་ཡོད་རེད།
དྲི་བ། ནང་ཆོས་ནས་གསུང་པའི་ཉོན་མོངས་ཟེར་བ་དེར་ངོས་འཛིན་ག་འདྲ་བྱེད་དགོས།
ལན། ཁ་ཐུག་ལབ་ན་ཡིད་གདུང་བར་བྱེད་པ་དེ་ལ་ཉོན་མོངས་ཟེར་གྱི་རེད། སེམས་རྒྱུད་མ་ཞི་བར་བྱེད་པ་དེ་ལ་ཉོན་མོངས་དང༌། སེམས་མ་སྐྱིད་པ་བཟོ་མཁན་དེ་ལ་ཉོན་མོངས་ཟེར་བ་རེད། ཁོང་ཁྲོ་ལྟ་བུ་ཡིན་ན་གསལ་པོ་ཞེ་དྲག་རེད། ནང་ལོགས་སུ་མ་སྐྱིད་པ་བྱུང་བ་ཡིན་སྟབས་གདོང་དམར་པོ་ཆགས་ཡོང་གི་འདུག་གཱ དོགས་པ་ཟ་བ་དེ་ཚོ་འདོད་ཆགས་ཟེར་བ་རེད། ྋསྐྱབས་མགོན་རིན་པོ་ཆེས་གསུངས་པ་བཞིན་འདོད་ཆགས་སྐྱེ་ཡོང་དུས་ཚ་གི་ཚི་གི་ཆགས་ཀྱི་རེད། གང་ལྟར་སེམས་རྒྱུད་མ་ཞི་བར་བྱེད་ཀྱི་ཡོད་རེད། དེ་ལ་ཉོན་མོངས་ཟེར་གྱི་ཡོད་རེད། སེམས་མི་སྐྱིད་པ་བཟོ་མཁན་དེ་རེད། ཉོན་མོངས་དེ་རེད། འདོད་ཆགས་དང་ཞེ་སྡང་གཉིས་སེམས་རྒྱུད་མ་ཞི་བར་བྱེད་མཁན་དེ་རེད། དེ་གསལ་པོ་རེད་འདུག་གཱ འདོད་ཆགས་སྐྱེ་ཡོང་དུས་སེམས་རྒྱུད་ཚ་གི་ཚི་གི་ཆགས་ཀྱི་ཡོད་རེད། ཞེ་སྡང་སྐྱེ་ཡོང་དུས་ནང་ལོགས་སུ་ཁོང་ཁྲོ་ལངས་ཀྱི་ཡོད་པ་རེད། ཁོང་ཁྲོ་ལངས་ཡོང་དུས་སེམས་མི་སྐྱིད་པ་མ་ཟད་གཟུགས་པོ་ཡང་མི་བདེ་བ་ཆགས་ཡོང་གི་ཡོད་རེད། ཞེ་སྡང་ཤུགས་ཆེན་པོ་ཆགས་ཡོང་དུས་ཁྲག་རྒྱས་ཡོང་གི་ཡོད་རེད། དྟཎཔྱྤ ཎྤྤཎཏྲྡཚང་མ་དེ་འདྲ་ནས་ཡོང་གི་ཡོད་རེད། བདེན་གཉིས་ཀྱི་རྩ་བ་དེ་གཏི་མུག་རེད། ཉོན་མོངས་ཀྱི་རྩ་བ་དེ་གསུམ་རེད། དེ་གསུམ་གྱིས་སེམས་རྒྱུད་མ་ཞི་བ་བྱེད་ཀྱི་ཡོད་པ་རེད། རྩ་བ་གཏི་མུག་དེ་མེད་པ་ཡིན་ན་འདོད་ཆགས་དང་ཞེ་སྡང་ཡོང་རྒྱུ་ཡོད་མ་རེད། སེམས་རྒྱུད་མ་ཞི་བ་དེ་ཡོང་ས་ཡོད་མ་རེད། ལུས་མི་བདེ་བ་བྱེད་ཀྱི་ཡོད་པ་དེ་དེང་སང་གསལ་པོ་ཞེ་དྲག་རེད། ག་ཚོད་ཀྱིས་མི་འདོད་པ་ཤུགས་ཆེ་བ་ཡོད་པ་དང༌། ག་ཚོད་ཀྱིས་ཁོང་ཁྲོ་ཤུགས་ཆེ་བ་ཡོད་པ་དེའི་གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་གི་མི་འདུག དེ་གསལ་པོ་ཞེ་དྲག་ཡོད་པ་རེད། འཇར་མི་ནིའི་ཚོགས་པ་གཅིག་གིས་ཚན་རིག་གི་ལམ་ནས་བཟོས་ཡོད་རེད། གང་ལྟར་མི་སྐྱིད་པ་བཟོ་མཁན་དེ་ལ་ཉོན་མོངས་ཟེར་བ་རེད།
དྲི་བ། གཏི་མུག་ཟེར་བ་དེར་སྤྱིར་བཏང་མི་མང་པོས་གཉིད་ཁུག་པ་ལ་གོ་བ་དེར་འགྲིག་གི་ཡོད་དམ།
ལན། དེ་རགས་པ་ཞེ་དྲག་རེད། ཕྱོགས་གཅིག་ནས་རྨོངས་པ་ཟེར་བས་འགྲིག་གི་ཡོད་རེད། གཉིད་ཁུག་ཡོང་དུས་ཕར་ལ་བལྟ་མི་ཐུབ་པ་ཚུར་ལ་གང་ཡང་ཧ་མི་གོ་བ་ཆགས་ཀྱི་རེད། དེ་གཏི་མུག་གི་དཔེ་ཞིག་རེད། སྤྱིར་བཏང་གཏི་མུག་ཟེར་བ་དེ་འདྲ་མ་རེད། ཆོས་གང་དང་ཅ་ལག་གང་ཞིག་ཡིན་རུང་དེའི་གནས་ཚུལ་ཆ་ཚང་མ་ཤེས་པ་དེ་ལ་གཏི་མུག་ཟེར་གྱི་ཡོད་རེད། སྤྱི་ཡོངས་འཛམ་བུ་གླིང་གིས་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་པོ་ཞེ་དྲག་རེད། ཚང་མས་ཤེས་ཡོན་ལ་དོ་སྣང་བྱེད་ཀྱི་འདུག་གཱ མཐའ་གཅིག་ཏུ་དཔལ་འབྱོར་ལ་དོ་སྣང་བྱེད་ཀྱི་མི་འདུག་གཱ ཤེས་ཡོན་ཡོད་པ་ཡིན་ན་ཡག་སྡུག་ཚང་མའི་གནས་ཚུལ་དེ་ཤེས་ཀྱི་ཡོད་རེད། དེ་ཤེས་པ་ཡིན་ན་སོ་སོའི་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པའི་ཐབས་ལམ་དེ་ཤེས་འགྲོ་ཡི་ཡོད་རེད།  དེར་བརྟེན་འཛམ་བུ་གླིང་གིས་ཤེས་ཡོན་དེ་གལ་ཆེན་པོ་བརྩི་ཡི་ཡོད་རེད། དེ་བཞིན་བཅོམ་ལྡན་འདས་ཀྱི་ཆོས་དེ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཆོས་དེ་ཆགས་ཀྱི་ཡོད་རེད། བདེ་བ་འདོད་ནའང་བདེ་བ་སྒྲུབ་མི་ཐུབ་པ་དང༌། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་ཡོང་བ་དེ་གཙོ་བོ་གང་ལ་ཐུག་གི་ཡོད་རེད་ཟེར་ན། མི་ཤེས་པ་དེས་བཟོ་ཡི་ཡོད་རེད། ཅ་ལག་དེའི་གནས་ཚུལ་མ་ཤེས་པ་ཡིན་ན། དཔེར་ན། ཁྱོད་རང་གིས་ང་ལ་མགོ་སྐོར་གཏོང་གི་ཡོད་ན་ངས་ཅ་ལག་དེའི་གནས་ཚུལ་མི་ཤེས་པ་ཡིན་སྟབས་ང་མགོ་སྐོར་ཐེབས་ཀྱི་ཡོད་རེད། མགོ་སྐོར་ཐེབས་པ་དེ་ག་རེ་རེད་ཟེར་ན། ངས་ཁྱོད་རང་གི་གནས་ཚུལ་མ་ཤེས་པ་དེའི་རྐྱེན་གྱིས་རེད། ཅ་ལག་དེའི་གནས་ཚུལ་ཆ་ཚང་ཤེས་པ་ཡིན་ན་མགོ་སྐོར་ཐེབས་ཀྱི་ཡོད་མ་རེད། མགོ་སྐོར་མ་ཐེབས་ན་སྡུག་བསྔལ་ཡོང་གི་ཡོད་མ་རེད། བདེ་བའི་ཐབས་ལམ་དེ་ཏག་ཏག་སྒྲུབ་ཐུབ་ཀྱི་རེད། སྡུག་བསྔལ་སེལ་ཐུབ་ཀྱི་རེད། གཏི་མུག་ཟེར་བ་གཙོ་བོ་གནས་ཚུལ་མི་ཤེས་པ་དེ་རེད། གནས་ཚུལ་མི་ཤེས་པ་ལ་འདྲ་མི་འདྲ་ཡོད་རེད། མི་རྟག་པའི་གནས་ཚུལ། བདག་མེད་པའི་གནས་ཚུལ། གྲུབ་མཐའ་ཡོང་རྒྱུ་དེ་གཙོ་བོ་དེ་རེད། གནས་ཚུལ་ཆ་ཚང་ཤེས་སོང་ན་མགོ་སྐོར་ཐེབས་ཀྱི་མ་རེད། མགོ་སྐོར་མ་ཐེབས་ན་སྡུག་བསྔལ་ཡོང་གི་མ་རེད། གཏི་མུག་ལ་ཕྲ་རགས་མང་པོ་ཞེ་དྲག་ཡོད་རེད། གྲུབ་མཐའ་སྨྲ་བ་བཞི་ཡོང་བ་དེ་གཏི་མུག་ཕྲ་རགས་ཀྱི་ཐོག་ནས་ཡོང་གི་ཡོད་རེད། དཔེར་ན། ང་ཚོ་ལ་ན་ཚ་ཤུགས་ཆེན་པོ་དང་ཆུང་བ་གཉིས་ཡོད་པ་ཡིན་ན། ཆེན་པོ་དེ་མ་དྲག་བར་དུ་ཆུང་ཆུང་དེ་སྐྱོན་ཡོད་མ་རེད། སྡུག་བསྔལ་ཡོད་མ་རེད། ཆེན་པོ་དེ་དྲག་ཚར་དུས་གཞི་ནས་ཆུང་ཆུང་དེས་སྡུག་བསྔལ་བཟོ་ཡོང་གི་ཡོད་རེད། གཏི་མུག་གི་ངོས་འཛིན་ཕྲ་རུ་ཕྲ་རུ་འགྲོ་དུས་གྲུབ་མཐའ་སྨྲ་བ་བཞི་ཡོང་གི་ཡོད་རེད། དངོས་གནས་གཏི་མུག་ཕྲ་མོ་ར་སྤྲོད་མཁན་དེ་ནང་པའི་གྲུབ་མཐའི་ནང་ནས་དབུ་མ་པ་ཟེར་བ་དེ་ཆགས་བསྡད་ཡོད་རེད། གྲུབ་མཐའ་སྨྲ་བ་བཞི་ཡོང་སྟངས་གཅིག་དེའང་གཏི་མུག་ངོས་འཛིན་སྟངས་ཀྱི་ཐོག་ནས་ཡོང་གི་ཡོད་རེད། མདོར་བསྡུས་ནས་བཤད་པ་ཡིན་ན་གནས་ཚུལ་དངོས་མ་ཤེས་པ་དེ་རེད།
དྲི་བ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་རེ་རེར་འགྲེལ་བཤད་གནང་རོགས།
ལན། དེ་གལ་ཆེན་པོ་ཞེ་དྲག་རེད། བཅོམ་ལྡན་འདས་ཀྱིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དང༌། སྤྱོད་པ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་གསུང་གི་ཡོད་རེད། ནང་པ་སངས་རྒྱས་པ་ལ་དེ་འདྲ་ཞིག་ཚང་དགོས་ཀྱི་རེད་གསུང་གི་ཡོད་རེད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཡོང་དགོས་པ་ག་རེ་རེད་ཟེར་ན། ལྟ་བ་ལོག་པ་ཞིག་ཁྱེར་ནས་དེས་སྡུག་བསྔལ་མང་པོ་ཞིག་སྒྲུབ་ཡོང་གི་ཡོད་རེད། ཡང་དག་པའི་ལྟ་བ་ཞིག་ཁྱེར་ན་དེས་བདེ་བ་མང་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད་རེད། གང་ལྟར་མིས་ལས་ཀ་ཏག་ཏག་ཤུགས་ཆེན་པོ་བྱེད་ཐུབ་མཁན། ཚང་མ་ལ་ཕན་ཐོགས་ཡོང་མཁན་ཞིག་བྱེད་ཐུབ་པ་ལ་མི་དེའི་ལྟ་བ་ཡག་པོ་ཡོང་དགོས་ཀྱི་རེད།
བོད་སྤྱི་པའི་དོན་དུ་བསམ་བློ་གཏོང་མཁན་ཡིན་ན། སོ་སོའི་མི་ཚེ་དང་དཔལ་འབྱོར་འདུ་འགོད་དེ་དག་ཚང་མ་བློས་བཏང་ནས་ལས་ཀ་གལ་ཆེན་པོ་སྒྲུབ་ཐུབ་ཀྱི་འདུག་གཱ དེ་ག་རེ་རེད་ཟེར་ན། ནང་ལོགས་སུ་བསམ་བློའི་ལྟ་བ་ཤུགས་ཆེན་པོ་ཞིག་ཡོད་རེད། ལྟ་བ་ཡག་པོ་ཡོད་པ་ཡིན་ན་དེས་ལས་ཀ་མང་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད་རེད། བཅོམ་ལྡན་འདས་ཀྱིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་གལ་ཆེན་པོ་བརྩིས་གནང་བ་རེད། དེའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེས་འགྲེལ་བཤད་སྐྱོན་པ་ནང་བཞིན་ཡིན་ན། ད་གིན་བཤད་པ་ནང་བཞིན་ནང་པ་སངས་རྒྱས་པའི་ཆོས་གཙོ་བོ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་རྣམ་གཞག་གཏན་ལ་འབེབ་པ་དེ་རེད། དེ་གཏན་ལ་འབེབ་པར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ཐོག་ནས་གཏན་ལ་འབེབ་དགོས་རེད་མ་གཏོགས། དེ་དང་མ་འབྲེལ་བར་ཐར་པ་དང་ཐམས་ཅད་མཁྱེན་པའི་རྣམ་གཞག་གཏན་ལ་འབེབ་མི་ཐུབ་པ་རེད། ཡང་རྩ་བ་དེ་གཏི་མུག་སེལ་བའི་ཆེད་དུ་རེད། ལྟ་བ་དེའི་ལྡོག་ཕྱོགས་ལ་ལོག་པར་ལྟ་བ་བཞི་ཡོང་ཆོག་གི་རེད། ད་ལྟ་དེ་ལ་ལྟ་བ་རྣམ་དག་ཟེར་གྱི་ཡོད་རེད། ལོག་ལྟ་ཞེས་མིང་མ་བཏགས་པ་མ་གཏོགས་བསམ་ཚུལ་ལོག་པ་བཞི་ཡོང་གི་ཡོད་རེད། དེ་བཞི་སེལ་བའི་ཆེད་དུ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དེ་ཡོང་དགོས་ཀྱི་རེད། ནང་པ་ཡག་པོ་ཞིག་བྱེད་པ་ལ་ཕྱག་རྒྱ་ཞེས་དམ་ཕྲུག་འདི་ལག་པའི་སོར་མོ་བཞི་བཅངས་ནས་ལྟ་བུ་འདིའི་དམ་ཕྲུག་ཚད་ལྡན་ཞིག་ཐེབས་ཡོད་ན་ནང་པ་ཚད་ལྡན་ཞིག་རེད། འདི་བཞིའི་དམ་ཕྲུག་དེ་ཐེབས་མེད་ན་དེང་སང་ང་ཚོས་ངོ་རྟགས་ལག་འཁྱེར་ལ་དམ་ཕྲུག་ཐེབས་དགོས་ཀྱི་འདུག་གཱ་དེ་བཞིན་ནང་པ་ཏན་ཏན་ཞིག་བྱེད་དགོས་ན་འདི་བཞིའི་དམ་ཕྲུག་དགོས་ཀྱི་རེད། འདོན་ཐེངས་སྔོན་མའི་འཕྲོས།
བོད་སྤྱི་པའི་དོན་དུ་བསམ་བློ་གཏོང་མཁན་ཡིན་ན། སོ་སོའི་མི་ཚེ་དང་དཔལ་འབྱོར་འདུ་འགོད་དེ་དག་ཚང་མ་བློས་བཏང་ནས་ལས་ཀ་གལ་ཆེན་པོ་སྒྲུབ་ཐུབ་ཀྱི་འདུག་གཱ དེ་ག་རེ་རེད་ཟེར་ན། ནང་ལོགས་སུ་བསམ་བློའི་ལྟ་བ་ཤུགས་ཆེན་པོ་ཞིག་ཡོད་རེད། ལྟ་བ་ཡག་པོ་ཡོད་པ་ཡིན་ན་དེས་ལས་ཀ་མང་པོ་ཞིག་བསྒྲུབ་ཐུབ་ཀྱི་ཡོད་རེད། བཅོམ་ལྡན་འདས་ཀྱིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་གལ་ཆེན་པོ་བརྩིས་གནང་བ་རེད། དེའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེས་འགྲེལ་བཤད་སྐྱོན་པ་ནང་བཞིན་ཡིན་ན། ད་གིན་བཤད་པ་ནང་བཞིན་ནང་པ་སངས་རྒྱས་པའི་ཆོས་གཙོ་བོ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་རྣམ་གཞག་གཏན་ལ་འབེབས་པ་དེ་རེད། དེ་གཏན་ལ་འབེབས་པར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ཐོག་ནས་གཏན་ལ་འབེབས་དགོས་རེད་མ་གཏོགས། དེ་དང་མ་འབྲེལ་བར་ཐར་པ་དང་ཐམས་ཅད་མཁྱེན་པའི་རྣམ་གཞག་གཏན་ལ་འབེབས་མི་ཐུབ་པ་རེད། ཡང་རྩ་བ་དེ་གཏི་མུག་སེལ་བའི་ཆེད་དུ་རེད། ལྟ་བ་དེའི་ལྡོག་ཕྱོགས་ལ་ལོག་པར་ལྟ་བ་བཞི་ཡོང་ཆོག་གི་རེད། དེ་ལ་ལྟ་བ་རྣམ་དག་ཟེར་གྱི་ཡོད་རེད། ལོག་ལྟ་ཞེས་མིང་མ་བཏགས་པ་མ་གཏོགས་བསམ་ཚུལ་ལོག་པ་བཞི་ཡོང་གི་ཡོད་རེད། དེ་བཞི་སེལ་བའི་ཆེད་དུ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དེ་ཡོང་དགོས་ཀྱི་རེད། ནང་པ་ཡག་པོ་ཞིག་བྱེད་པ་ལ་ཕྱག་རྒྱ་ཞེས་འདི་ལག་པའི་སོར་མོ་བཞི་བཅངས་ནས་ལྟ་བུའི་དམ་ཕྲུག་ཚད་ལྡན་ཞིག་ཐེབས་ཡོད་ན་ནང་པ་ཚད་ལྡན་ཞིག་རེད། དེང་སང་ང་ཚོས་ངོ་རྟགས་ལག་འཁྱེར་ལ་དམ་ཕྲུག་ཐེབས་དགོས་ཀྱི་འདུག་གཱ་དེ་བཞིན་ནང་པ་ཏན་ཏན་ཞིག་བྱེད་དགོས་ན་འདི་བཞིའི་དམ་ཕྲུག་དགོས་ཀྱི་རེད། ཕྱག་རྒྱ་བཞི་པོ་དེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ། འདུས་བྱས་ཐམས་ཅད་མི་རྟག་པ་རེད་ཟེར་བ་རེད། རྒྱུ་རྐྱེན་ལས་སྐྱེས་པ་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་རྒྱུ་རྐྱེན་གཅིག་དེ་རེད། རྒྱུ་དང་རྐྱེན་གྱི་འགྱུར་བ་ཞིག་གི་ཐོག་ནས་གནས་ཚུལ་ཐམས་ཅད་ཡོང་དགོས་ཀྱི་རེད། རྟག་པ་ཞིག་གིས་འགྱུར་བ་ཡོང་ཐུབ་ཀྱི་མ་རེད། འདུས་བྱས་ཀྱི་ཆོས་གང་འདྲ་ཡིན་ན་ཡང་ཚང་མ་མི་རྟག་པ་རེད་ཟེར་བ་རེད། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་སྟབས་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད། བདེ་བ་ཞེས་པ་ག་འདྲ་ཞིག་དགོས་ཀྱི་རེད་ཟེར་ན། འགྱུར་བ་མེད་པའི་བདེ་བ་ཞིག་དགོས་པ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པའི་བདེ་བ་དེ་བདེ་བ་ཕལ་པ་མ་རེད། བདེ་བར་གཤེགས་པ་ཞེས་པ་ཞིག་གསུང་གི་ཡོད་རེད། བདེ་བ་ལ་ངོས་འཛིན་བྱེད་སྟངས་འདྲ་མི་འདྲ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པའི་བདེ་བ་དེ་ཐར་པའི་བདེ་བ་ཟེར་གྱི་རེད། ཐར་པའི་བདེ་བ་ཞེས་པ་དེ་འགྱུར་བ་མེད་པའི་བདེ་བ་རེད། འགྱུར་བ་ཡོད་པའི་བདེ་བ་ཡིན་ན་དེའང་སྡུག་བསྔལ་རེད། ད་ལྟ་འཛམ་གླིང་གི་མི་རྣམས་ཀྱིས་དཔལ་འབྱོར་གྱིས་བདེ་བ་ཡོང་གི་རེད་ཟེར་གྱི་ཡོད་རེད། ཁ་ཤས་ཀྱིས་མིང་གི་ཐོག་དང༌། ཁ་ཤས་ཀྱིས་གོ་སའི་ཐོག་ནས་བདེ་བ་ཡོང་གི་རེད་ཟེར་གྱི་ཡོད་རེད། དེ་ཚོ་ཞི་རྒྱུ་ཡོད་རེད། འགག་རྒྱུ་ཡོད་རེད། ཡོད་དུས་བདེ་བ་དང་མེད་དུས་སྡུག་བསྔལ་རེད། འགྱུར་བའི་བདེ་བ་དེ་ཚང་མ་སྡུག་བསྔལ་རེད། དེ་ཚོ་མཐར་གཏུགས་ན་སྡུག་བསྔལ་ཆགས་བསྡད་ཡོད་རེད། ད་ལྟ་གནམ་གཤིས་གྲང་བའི་སྐབས་ལ་ཚ་བ་དེ་སྡུག་བསྔལ་རེད། སྡུག་བསྔལ་ཡིན་པའི་རྒྱུ་མཚན་ག་རེ་ཟེར་ན། སྙོམས་པོ་ཞིག་མེད་པ་ཡིན་སྟབས། དེ་ཤུགས་ཆེ་རུ་ཆེ་རུ་འགྲོ་དུས་མི་སྐྱིད་པ་ཤུགས་ཆེ་རུ་འགྲོ་ཡི་ཡོད་རེད། ངོ་བོ་ཉིད་དང་དངོས་གནས་བདེ་བ་ཡིན་ན་ཤུགས་ཆེ་རུ་འགྲོ་དུས་བདེ་བ་ཆེ་རུ་ཡོང་དགོས་ཀྱི་རེད། བྱས་ཙང་མི་རྟག་པ་ཡིན་སྟབས་སྡུག་བསྔལ་བ་རེད། བདེ་བ་ཡིན་ནའང་མི་རྟག་པ་ཡིན་སྟབས་སྡུག་བསྔལ་བ་རེད། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པའི་ཟག་བཅས་དེ་ཉོན་མོངས་པའམ་ཞེན་པ་ཞིག་གིས་བདག་པོ་བརྒྱབ་བཞག་པ་ཡིན་ན་ཚང་མ་སྡུག་བསྔལ་རེད། བདེ་བ་ཡིན་ནའང་སྡུག་བསྔལ་རེད། དེ་འདྲའི་སྡུག་བསྔལ་དེ་འགོག་པའི་ཐབས་ལམ་ཡོད་རེད་དམ་ཞེ་ན་ཡོད་རེད། ག་རེ་རེད་ཟེར་ན་ཆོས་ཐམས་ཅད་བདག་མེད་པ་རེད། མདོར་བསྡུས་ན་བདག་པོ་བརྒྱབ་ན་སྡུག་བསྔལ་རེད། བདག་པོ་མ་བརྒྱབ་ན་བདེ་བ་རེད། ཆོས་ཐམས་ཅད་བདག་མེད་པ་རེད། དེས་སྡུག་བསྔལ་བཀག་ནས་ཐར་པའི་བདེ་བ་ཞེས་པ་དང༌། མྱ་ངན་ལས་འདས་པ་ཞི་བ་ཞེས་པ་འཐོབ་རྒྱུ་ཡོད་རེད། མྱང་འདས་སམ་ཐར་པ་དེ་དངོས་གནས་དྲང་གནས་ཀྱི་བདེ་བ་རེད་ཅེས་གསུངས་པ་རེད། དེ་ལ་གྱ་ནོམ་པ་ཡང་ཟེར་གྱི་ཡོད་རེད། གྱ་ནོམ་པ་ནི་ཡིད་ཚིམ་པའི་དོན་རེད། འདུས་བྱས་ཀྱི་བདེ་བ་ཞིག་ཡིན་ན་ཡིད་ཚིམ་རྒྱུ་ཡོད་མ་རེད། དེང་སང་ཕྱི་རྒྱལ་བ་ཚོས་ལབ་ཀྱི་འདུག་གཱ མི་ཚང་མ་ལ་གཅིག་མ་ཚང་བའི་སྣང་བ་ཤར་གྱི་ཡོད་རེད། ཕྲུ་གུ་གཅིག་སྐྱེས་དེས་མི་འགྲིག ཞི་མི་ཉར། དེས་མི་འགྲིག་ཁྱི་ཉར། མདོར་ན་དངུལ་མ་རྩ་དུང་ཕྱུར་གྱི་བདག་པོ་ཡིན་རུང་ད་དུང་མ་འགྲིག་པ་ལྟ་བུ་ཡོང་གི་འདུག་ཅེས་ཁོ་རང་ཚོས་ཚུར་འགྲེལ་བཤད་རྒྱག་གི་འདུག་གཱ དེ་ཚོ་ག་རེའི་རྐྱེན་རེད་ཟེར་ན། བདག་ཏུ་འཛིན་པ་དེའི་རྐྱེན་གྱིས་བྱེད་ཀྱི་ཡོད་རེད། ང་ཟེར་བ་དེ་བདག་པོ་བརྒྱབ། དེའི་རྐྱེན་གྱིས་ངའི་ཟེར་བ་དེ་བདག་པོ་བརྒྱབ། ང་དང་ངའི་ཟེར་བ་དེ་བློས་བཏང་བ་ཡིན་ན་བདག་མེད་རེད། དེ་བློས་བཏང་བ་ཡིན་ན་མྱ་ངན་ལས་འདས་པ་ཐར་པ་ཞེས་པ་ཆགས་འགྲོ་ཡི་རེད། བདག་འཛིན་སྤངས་ན་ཐར་པ་ཟེར་གྱི་ཡོད་རེད། མདོར་ན་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་དེ་དག་དོན་དམ་དུ་ཐར་པ་སྒྲུབ་པའི་ཆེད་དུ་རེད། ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་དམིགས་བསལ་ཞིག་ཡོང་གི་རེད་མ་གཏོགས་དེའི་བཞི་དེ་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་བཞི་གསུང་གི་ཡོད་རེད་ལ། རེད་ཀྱང་རེད། དངོས་ཡོད་གནས་ཚུལ་དང་མཐུན་པའི་བདེ་བ་དེ་ཆགས་བསྡད་ཡོད་རེད། འཇིག་རྟེན་བཀོད་པ་པོས་བཟོས་པ་ནང་བཞིན་བཟོས་བཞག་པ་མ་ཡིན་པ། བཅོམ་ལྡན་འདས་ཀྱི་ཆོས་དེ་རང་བཞིན་ལ་ཡོད་བསྡད་པ་ཞིག་རེད། ནང་ཆོས་ཟེར་བ་དེ་འདྲ་ཞིག་རེད། རང་བཞིན་གྱིས་ཡོད་པའམ་གཞི་ལ་ཡོད་པ་དེ་བཅོམ་ལྡན་འདས་ཀྱིས་གསལ་པོ་གསུང་པ་མ་གཏོགས། བཅོམ་ལྡན་འདས་ཁོ་རང་གིས་ལྟ་བ་ཞིག་གིས་བདེ་བ་ཅན་གྱི་ཞིང་ཁམས་བཟོས་བཞག་པ་རྩ་བ་ཉིད་ནས་མ་རེད། མ་རྩ་ལ་ཡོད་པ་དེ་གསལ་པོ་བཟོས་པ་རེད།
དྲི་བ། དགོན་པ་ཁག་གི་ནང་དུ་ལྷ་སྲུང་མ་འདྲ་མིན་མང་པོ་ཡོད་པ་དེ་དག་སྐྱབས་གནས་སུ་བསྟེན་རུང་མིན་གྱི་ས་མཚམས་དབྱེ་སྟངས་གང་འདྲ་ཡིན་ནམ།
ལན། དེ་གཙོ་བོ་འཇིག་རྟེན་པའི་སྲུང་མ་དང་འཇིག་རྟེན་ལས་འདས་པའི་སྲུང་མ་ཞེས་གསུང་གི་ཡོད་རེད། འཇིག་རྟེན་ལས་འདས་པའི་སྲུང་མ་དེ་དག་སྐྱབས་གནས་ཀྱི་གྲས་སུ་བགྲང་ན་འགྲིག་གི་ཡོད་རེད། དོན་དངོས་པོའི་གནས་ཚུལ་ལ་འཇིག་རྟེན་ལས་འདས་པ་ཡིན་ནའང་རྣམ་པ་དེ་འཇིག་རྟེན་པ་ཡིན་ན་སྐྱབས་གནས་རང་འཚོ་མི་ཐུབ་པ་རེད། རྩ་བ་ཐུག་ས་དེ་རྒྱུད་ནས་དངོས་སུ་གསུངས་པའི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་ནས་སྔགས་གསུངས་པ་རེད། རྒྱུད་ནང་དངོས་སུ་གསུངས་པ་དེ་ཚོ་འཇིག་རྟེན་ལས་འདས་པའི་སྲུང་མ་དང༌། སྐྱབས་གནས་ནང་དུ་ཚུད་མཁན། རྒྱུད་ནས་དངོས་སུ་མ་གསུངས་པའི་སྲུང་མ་དེ་ཚོ་སྐྱབས་གནས་གྲས་སུ་མི་ཚུད་པའི་ངོས་འཛིན་བྱས་ན་ལས་སླ་བ་ཡོད་རེད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཟེར་བ་དེ་འཕགས་པ་དང་འཕགས་པ་མ་ཡིན་པ་ཞེས་གསུང་གི་ཡོད་རེད། སྐྱབས་གནས་ནང་གི་མཐའ་མ་དེ་དགེ་འདུན་དཀོན་མཆོག་རེད། མཐོང་ལམ་ཐོབ་ན་དགེ་འདུན་དཀོན་མཆོག་ལ་འཇོག་ཆོག་གི་རེད། མཐོང་ལམ་མ་ཐོབ་ན་དགེ་འདུན་དཀོན་མཆོག་མ་རེད། ལམ་ལྔའི་ནང་ནས་མཐོང་ལམ་ཐོབ་མཁན་ཞིག་ཡིན་ན་དགེ་འདུན་དཀོན་མཆོག་ཏུ་བགྲང་ཆོག་གི་ཡོད་སྟབས་སྐྱབས་གནས་སུ་བགྲང་ཆོག་གི་རེད། དཔེར་ན། འདམ་བག་ནང་དུ་ཟགས་བསྡད་པ་ཞིག་འདམ་བག་ནང་དུ་ཚུད་མཁན་གཞན་ཞིག་གིས་འཐེན་ཐུབ་ཀྱི་མ་རེད། འཐེན་མཁན་དེ་སྐམ་སར་གནས་མཁན་ཞིག་གིས་འཐེན་དགོས་ཀྱི་རེད། གཞན་མ་གཏོགས་འདམ་བག་ནང་དུ་ཡོད་མཁན་གྱིས་ག་ཚོད་འགུལ་སྐྱོད་རྒྱབ་པ་ཡིན་ནའང་གཉིས་ཀ་མར་དིམ་པའི་རྒྱུ་རུ་འགྱུར་འགྲོ་ཡི་རེད། སྐྱབས་གནས་ཡིན་ན་སོ་སོ་ཐར་པའི་ལམ་ལ་འགོ་བཙུགས་མཁན་ཞིག་དགོས་ཀྱི་ཡོད་རེད། མ་མཐའ་ཡང་སྐྱེས་བུ་ཆུང་ངུའི་སྡུག་བསྔལ་དང་བྲལ་བསྡད་མཁན་ཞིག་དགོས་ཀྱི་ཡོད་རེད། སྐྱེས་བུ་ཆུང་ངུའི་སྡུག་བསྔལ་ཞེས་པ་ངན་སོང་གི་སྡུག་བསྔལ་རེད། མཐའ་མ་དེ་ངན་སོང་གི་སྡུག་བསྔལ་དང་བྲལ་མཁན་ཞིག་གིས་ངན་སོང་གི་སྡུག་བསྔལ་ལས་སྐྱབས་ཐུབ་ཀྱི་རེད། མཐོང་ལམ་ཐོབ་པའི་སྐབས་ལ་ངན་སོང་གི་སྡུག་བསྔལ་སྤོང་བའི་འགོ་བཙུགས་ཚར་རེད། སྐད་གཅིག་གཉིས་པ་དེ་ལ་སྤངས་འགྲོ་ཡི་ཡོད་རེད། སྤངས་ཚར་དུས་སྐྱེས་བུ་ཆུང་ངུའི་སྡུག་བསྔལ་དང་བྲལ་སོང་བ་ཡིན་སྟབས། སྐྱེས་བུ་ཆུང་ངུའི་སྐྱབས་གནས་ཆགས་ཐུབ་ཀྱི་ཡོད་རེད། འཇིག་རྟེན་ལས་འདས་མ་འདས་ཀྱི་སྲུང་མ་དཔེར་ན། རྒྱལ་པོ་སྐུ་ལྔ་དང༌། གསེར་ཁྲབ་ཅན་ལ་སོགས་པ་འཇིག་རྟེན་པའི་སྲུང་མ་རེད། རྒྱལ་པོ་སྐུ་ལྔ་དེ་དོན་ལ་རྒྱལ་བ་རིགས་ལྔ་རེད་དེ་འཇིག་རྟེན་པའི་ཚུལ་བསྟན་པ་རེད་གསུང་གི་ཡོད་རེད། མགོན་པོ་ཕྱག་དྲུག་དང༌། དཔལ་ལྡན་ལྷ་མོ། ཆོས་རྒྱལ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་སྲུང་མ་རེད། རྒྱུད་ལས་དངོས་སུ་གསུངས་པའི་སྲུང་མ་རེད།   

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།