མུན་ནག་གི་ལོ་༥༠དཔྱད་གཏམ།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས། སྤྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༢༨ ཉིན།།

རྒྱལ་ སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༠༢ཚེས་༠༡ཉིན་སྤེལ། འདི་ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་དང༌། ཆབ་སྲིད་གྲོས་ཚོགས་ཐོག ༢༠༠༩།༣།༢༨ ནི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིང་འགྲོལ་ཐོབ་པའི་ཉིན་མོར་གཏན་འཁེལ་བྱས་ པའི་ལོག་སྤྱོད་ཀྱི་དྲིལ་བསྒྲགས་ལ་སེམས་ཐག་གཙང་བཅད་ཀྱིས་དགག་པ་རྒྱག་རྒྱུ།

༄ ༅། །སྤྱི་ལོ་ ༢༠༠༩ ནི་བོད་དུ་རྒྱ་དམར་གྱིས་བཙན་གནོན་བྱས་ནས་ལོ་ཧྲིལ་བོ་ ༥༠ འཁོར་བའི་མུན་ནག་གི་བར་སྟོང་ཞིག་ཡིན་ཞིང༌། སྤྱི་ལོ་ ༡༩༥༩ ནས་བཟུང་ལོ་རྒྱུས་སྟེང་རང་བཙན་གྱི་གནས་བབས་གཙང་མ་ཡིན་པའི་བོད་རྒྱལ་ཁབ་དེ་ བཞིན་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་མཐའ་མ་དང༌། བཙན་རྒྱལ་རིང་ལུགས་པས་མི་སེར་སྤེལ་ཡུལ་དུ་གྱུར་པའི་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ པ་རེད། མི་རྣམས་ཧང་སང་དགོས་པ་ཞིག་ནི་འཛམ་གླིང་མི་དམངས་ཀྱིས་བལྟས་བལྟས་རིག་རིག་ལ་ རྒྱ་དམར་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་པ་མ་ཟད། བོད་མི་ས་ཡ་དྲུག་ལ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་མཐོང་ཐོས་དཀའ་བའི་བཙན་གནོན་ དང་དམར་གསོད། བཙོན་འཇུག མནར་གཅོད། བཀྲེས་ལྟོགས་ཀྱིས་མནར་བ་སོགས་ཚད་ལས་འདས་པའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཡོད།

འོན་ ཀྱང༌། སྐེ་བཅད་དེ་ཨོག་མར་བྱིལ་བྱིལ་བཏང་བའི་དཔེ་ལྟར། རྒྱ་དམར་གྱི་དྲིལ་བསྒྲགས་ནང་བོད་དུ་དམངས་གཙོའི་བཅོས་བསྒྱུར་བཏང་བའི་སྐོར་ དང༌། བོད་རྙིང་པའི་བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་སློག་པ། ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིང་འགྲོལ་ཐོབ་པ། བོད་ཀྱི་སྤྱི་ཚོགས་ཡར་རྒྱས་བཏང་བ། བོད་ལྗོངས་དེང་རབས་ཅན་དུ་བསྐྱོད་བཞིན་པ། མི་དམངས་རྣམས་བདེ་འཁོད་ལས་བརྩོན་ཡིན་ལུགས་སོགས་ཕྱོགས་རྐྱང་པའི་འདོད་ཚུལ་དང་ བསམ་ཚུལ། རྫུན་བཅོས་ཁོ་ན་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས་བྱ་བའི་བརྒྱུད་རིམ་ལ་ཆ་རྒྱུས་ མེད་པ་ཞིག་ཡིན་ཚེ། རྦད་དེ་མགོ་ཐོམ་དགོས་པའི་གནས་སྟངས་ཤིག་ཆགས་ངེས་རེད། དེ་ནི་གུང་ཁྲན་ཏང་བཙུགས་ཚུན་ནས་དེ་རིང་བར་འཛམ་གླིང་མི་དམངས་ལ་མགོ་སྐོར་ བསླུ་བྲིད་དང༌། མི་སེམས་རྨོངས་པར་བཅུག་བྱེད་ཀྱི་སྲིད་ཇུས་དེའི་བླ་སྲོག་ལྟ་བུ་རེད།

དངོས་ དོན་ཐོག་རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ཐོག་སྤེལ་བའི་ཁྲིམས་འགལ་གྱི་གདོང་ རིས་ནི་བོད་མི་ཙམ་མ་ཟད་རྒྱ་ནག་གི་ཟུར་གནས་ཤེས་ཡོན་ཅན་མང་པོས་སྔ་ཕྱིར་དཔྱད་ དཔྱོད་གྲངས་ལས་འདས་པ་སྤེལ་ཡོད་ལ། ལྷག་པར་དུ་བོད་མི་རིགས་རྩ་མེད་བཟོ་བའི་གཡོན་ཐལ་གྱི་སྲིད་ཇུས་སྤེལ་ཚུལ་ཐད། རྒྱལ་སྤྱིའི་ཁྲིམས་མཐུན་རྟོགས་ཞིབ་ཚོགས་པའི་སྙན་དེབ་༵༵བོད་ཀྱི་དྲི་དོན་དང༌། ཁྲིམས་ལུགས་ཀཀཞེས་པའི་ནང་གསལ་བར་ལྟར་ན། རྒྱ་དམར་གྱིས་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་ཀྱི་སྲིད་ཇུས་དེ་ནི་འཛམ་ གླིང་སྟེང་ཆེས་ཁྲིམས་འགལ་དང་ཆེས་སྡུག་ཤོས་དེ་བེད་སྤྱོད་བྱས་པ་རེད་ཅེས་འཁོད་ ཡོད།

བོད་ དུ་བཙན་འཛུལ་གྱི་འདྲེ་ལག་བསྐྱངས་ནས་ལོ་ངོ་ལྔ་བཅུ་སོང་པའི་དུས་མཚམས་ནས་ཕྱིར་ ལྟས་ཤིག་སློག་ཚེ་མི་རྣམས་ཀྱི་སྣ་ཁུང་ལ་ཟུག་གཟེར་ཞིག་རྒྱག་ངེས་རེད། གནའ་རབས་གྷེ་རི་སིའི་སྐྱོ་གར་གྱི་དུས་རབས་དང༌། ཉེ་རབས་ཇར་མན་ནཱ་ཛིས་ཇེའུ་མི་རིགས་ལ་བཏང་བའི་ནག་ཁྲིམས། དེང་རབས་རྒྱ་དམར་གྱི་བོད་དུ་མི་རིགས་རྩ་མེད་བཟོ་བའི་ཀླ་ཀློའི་སྲིད་ཇུས་བཅས་ ཀྱིས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་ཡིད་ཐང་ཆད་དགོས་པའི་སྐྱོ་གླུ་རེ་རེ་ ལེན་གྱིན་ཡོད།

བོད་ མི་ས་ཡ་དྲུག་ལྷག་ནས་ས་ཡ་གཅིག་ལྷག་དམར་གསོད་དང་སྡུག་མནར་འོག་རྐྱེན་འདས་སུ་ སོང་བ་དང༌། དམར་གསོད་དང་མནར་གཅོད་གཏོང་སྟངས་ནི་ཐོས་པ་ཙམ་གྱིས་སྙིང་རྩ་འདར་དགོས་པའི་ཀླ་ ཀློའི་གཏུམ་སྤྱོད་ཤ་སྟག་སྟེ། འགྲོ་བ་མི་ལྟ་ཅི་ཐ་ན་དུད་འགྲོ་སེམས་ཅན་ལའང་གཏོང་མི་འོས་པ་ཞིག་རེད། དེའི་ཐད་སྟབས་བདེ་བའི་དོན་དངོས་ཀྱི་ཁུངས་སྣེ་ཞིག་དྲངས་ན་ྋགོང་ས་མཆོག་གི་ མཛད་རྣམ་གྱི་ཤོག་གྲངས་ ༢༩༡ ནང༌། ཁོང་ཚོ་ནི་མེ་འཕེན་གྱིས་བསད་པ་ཙམ་མིནཔར། བརྡུང་རྡེག རྒྱང་ཤིང་ལ་འགེལ་བ། གསོན་བསྲེགས། ཆུ་བསྐྱུར། དྲས་བཏུབ། ལྟོ་བཀག སྐེ་བཙིར། སྐེ་འདོགས། ཆུ་འཁོལ་གཏོར་བ། གསོན་སྦས། ནང་ཁྲོལ་འདོན་པ། སྐེ་གཅོད་པ་སོགས་གསོད་ལུགས་ངན་པ་སྣ་ཚོགས་ཀྱིས་བསད་ཡོད་ཅིང༌། ཞེས་མེ་ལོང་ནང་བལྟས་པ་ལྟར་གསལ་པོར་འཁོད་ཡོད་ཀྱང༌། དམར་གཞུང་གིས་ནམ་རྒྱུན་བོད་ཀྱི་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་བཤད་སྲོལ་འགའ་ ཞིག་ལུང་འདྲེན་བྱས་ཏེ་དོན་དངོས་སུ་ཁ་བསྒྱུར་ཐབས་བྱེད་པ་དང༌། དེའི་ཆེད་དུ་ལྷ་ས་སྣང་ཤག་གི་བཙོན་ཁང་ལ་བཟོ་བཅོས་རྫུན་མ་བརྒྱབ་སྟེ། དེ་སྔའི་བོད་མིའི་སྐྱེ་བོ་དྲག་ཞན་སུས་ཀྱང་མཐོང་ཐོས་དཀོན་པའི་ཁྲིམས་གཅོད་ ཀྱི་ལག་ཆ་རྫུན་བཟོས་སྣ་ཚོགས་འགྲེམས་སྟོན་བྱས་ནས་བོད་ཀྱི་སྤྱི་ཚོགས་ལ་བསྙད་ འདོགས་བྱེད་ཀྱི་ཡོད།

འོན་ ཀྱང༌། དོན་དངོས་ནི་སུས་ཀྱང་བཀག་ཐབས་མེད་པ་བཞིན་གལ་སྲིད་དུས་སྐབས་དེར་བོད་དུ་གནས་ ཚུལ་དེ་འདྲ་ཞིག་བྱུང་ཡོད་པའི་དབང་དུ་བཏང་ཡང༌། ཡོངས་གྲགས་སུ་རྒྱ་གར་ནས་ཆོས་དང༌། རྒྱ་ནག་ནས་ཁྲིམས། བོད་ནས་བོན་ཞེས་དེ་སྔའི་ཁྱིམ་མཚེས་རྒྱལ་ཁབ་གསུམ་ལ་རིག་གཞུང་ཤན་ཞུགས་དེ་འདྲ་ ཞིག་ཕན་ཚུན་ཡོང་གི་ཡོད་པའི་དངོས་དོན་ལ་དཔག་ན། དེ་ལྟ་བུའི་ཁྲིམས་ངན་ལུགས་ངན་ཚང་མ་རྒྱ་ཕྱོགས་ནས་དར་གྱི་ཡོད་པ་གསལ་པོ་ཡིན། ལྷག་པར་དུ་བོད་མི་གགསོན་སྦས་གཏོང་བའི་གནས་ཚུལ་ལས་ང་ཚོར་གང་ཞིག་ཕྱིར་དྲན་ བྱེད་ཐུབ་ཅེས་ན། དེ་སྔ་རྒྱ་ནག་གི་ལྕགས་རི་རིང་པོ་ཐོག་མར་འཛུགས་བསྐྲུན་བྱེད་སྐབས་མི་སེར་ དབུལ་ཕོངས་ཀྱི་བྱིས་པ་ལོ་བརྒྱད་ལ་གསོན་པ་མང་པོ་ལྕགས་རིའི་བརྩིགས་རྨང་ནང་ གསོན་སྦས་བྱས་པའི་ལོ་རྒྱུས་ཀྱི་སྐྱོ་གནས་དེ་ཡིད་ལ་ལྷང་ངེར་འཆར་ཐུབ། རྒྱ་རིགས་ཀྱི་ལུགས་སྲོལ་ལྟར་ན་དེར་མིའི་བླ་སྲོག་ཡོད་པས་རྩིག་པ་བརྟན་པོ་ཡོང་ རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད།

ད་ དུང་བོད་མི་རིགས་ཀྱི་ཚེ་སྲོག་དང་ཁྱད་པར་མ་མཆིས་པའི་ནང་ཆོས་ལ་ཁྱད་གསོད་དང༌། རིག་གཞུང་གི་ལྟེ་གནས་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིག་བཏང་བ། དགེ་འདུན་པར་རྡུང་དེག་བཏང་བ་བཅས་ཀྱི་དངོས་དོན་གྱི་དཔང་ཡིག་ནི་པཎ་ཆེན་སྐུ་ ཕྲེང་བཅུ་པ་མཆོག་གིས་བརྩམས་གནང་བའི་༵༵ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ ཀཀཤོག་གྲངས་ ༡༤༧ ནང་ཞིབ་ཅིང་ཕྲ་བ་གསལ་བཀོད་མཛད་ཡོད་དེ། སྤུན་ཟླ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དེ་དག་གི་དགོན་པ་དང༌། གྲྭ་པའི་གྲངས་འབོར་དེ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་མ་བཏང་བའི་སྔོན་ལས་ བརྒྱ་ཆ་དགུ་བཅུ་གོ་དགུ་ཇེ་ཉུང་དུ་སོང་འདུག ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་དང་ཆོས་ལུགས་དོན་གཉེར་བྱེད་མཁན་གྱི་དགེ་འདུན་པ་ རྣམས་ཕྱིར་འབུད་རྩ་མེད་དང༌། གླང་ཆེན་སྨྱོན་པ་བཞིན་རྡུང་རྡེག་བཏང་སྟབས། གྲྭ་པ་ཡོད་པའི་དགོན་པའང་མིང་ཡོད་དོན་སྟོང་དུ་གྱུར་འདུག ཅེས་དོན་དངོས་ཀྱི་ཚད་གཞིར་འཇལ་ཆོག་པའི་ཆོད་བསྡོམས་ཡིད་འཕེར་དགོས་པ་མཛད་འདུག

བོད་ ཀྱི་སྐད་ཡིག་དང་རིག་གཞུང༌། ལེགས་བྱང༌། གོམས་གཤིས། རང་བྱུང་ཁོར་ཡུག་བཅས་པར་མུ་མཐའ་མེད་པའི་གཏོར་ཤིག་དང༌། ཉམས་ཉེས་བཏང་དང་གཏོང་བཞིན་པ་ནི་སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་ཀྱི་ཡོལ་བའི་ སྟེང་ནས་ཁྲ་ལམ་མེར་མཐོང་ཐུབ་པ་ཞིག་ཡིན་ལ། མིག་སྔར་བོད་ནང་བོད་སྐད་མགོ་བརྡ་མི་འཕྲོད་ཅིང༌། བོད་ཡིག་སྤྱོད་འགོ་ཆུང་བའི་ཤུགས་རྐྱེན་ཆུ་ལོག་བརྒྱབ་དང་གཉིས་སུ་མ་མཆིས་ ཤིང༌། དཔེར་ན་དར་རྩེ་མདོའི་འབྲིང་རིམ་སློབ་གྲྭ་གཅིག་ལ་བོད་རིགས་སློབ་མ་ཉི་ཤུ་རྩ་ ལྔ་དཔེ་མཚོན་བྱས་ནས་ཞིབ་དཔྱོད་བྱས་པ་ལྟར་ན། བོད་སྐད་ཐོག་ནས་གླེང་མོལ་བྱེད་ཐུབ་མཁན་མི་ལྔ་ལས་མེད་པ་ལྟ་བུ་རེད། བདག་གི་རེ་སྨོན་ཤོག་གྲངས་ ༤༤ ལས་དྲངས། སློབ་གྲྭ་ཁག་ནང་རྒྱ་རིགས་དགེ་རྒན་ཚོས་ནམ་རྒྱུན་ནས་བོད་མིའི་སྲོལ་རྒྱུན་ རྣམས་རྗེས་ལུས་ཡིན་པ་དང༌། བོད་ཀྱི་རིག་གཞུང་ལ་དགེ་མཚན་མེད་པ་སོགས་རུལ་སུངས་ཀྱི་སློབ་གསོའི་དྲིལ་ བསྒྲགས་ཤུགས་ཆེར་བྱེད་པ་དེའི་དམིགས་ཡུལ་ནི། མི་རིགས་མཉམ་འདྲེས་རིང་ལུགས་ཀྱི་ལྟ་བའི་རྨང་གཞིའི་ཐོག་བོད་རིགས་རྒྱ་རིགས་ ཅན་དུ་བསྒྱུར་རྒྱུའི་ལྡོག་ཕྱོགས་ཀྱི་འཆར་ངན་ལེགས་སྒྲུབ་ཡོང་ཐབས་བྱེད་ཀྱི་ ཡོད། དེའི་མཐར་ཐུག་གི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུ་དེ་ རེད།

རིགས་ འགྲེ་བྱེད་དགོས་པའི་གཏོར་བཅོམ་གྱི་གནས་ཚུལ་གཞན་ཞིག་ནི་ཁོར་ཡུག་དང་འབྲེལ་ བའི་གནད་དོན་དེ་རེད། བོད་མི་རིགས་ཀྱི་རིགས་རྒྱུད་གསར་འཕེལ་བྱུང་བ་ནས་བོད་རྒྱལ་ཁབ་ཀྱི་རང་བཙན་ གྱི་མངའ་ཐང་དར་རྒྱས་བྱུང་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་གང་འདྲ་ཞིག་གི་ནང་དུའང༌། ཁོར་ཡུག་སྲུང་སྐྱོབས་ནི་རྒྱལ་དོན་གྱི་རྨང་གཞི་དང་འབྲེལ་བའི་དོན་བྱ་གལ་ཆེན་ ཡིན་པའི་ངོས་འཛིན་གསལ་འདོན་ལ་ྋགོང་ས་བཅུ་གསུམ་པ་ཆེན་མོས་ཀྱང་ཆེད་དུ་བཀའ་ ཚིག་བསྒྲགས་གཏམ་མཛད་མྱོང་ཡོད། དེ་ལྟར་ལགས་ཀྱང་གུང་ཁྲན་ཏང་བོད་དུ་སླེབས་ཚུན་ནས་བཟུང༌། བོད་ཀྱི་ཁོར་ཡུག་ནི་ཁོ་ཚོའི་གཏོར་བཅོམ་གྱི་དམིགས་ཚད་ཨང་དང་པོར་བཞག་པའི་ རྒྱུ་རྐྱེན་གྱིས། ཤིང་སྣ་གཅོད་བྲེག་ལ་བར་མཚམས་མེད་དང༌། གཏེར་ཁ་གང་བྱུང་དུ་བསྔོགས་པ། རང་བྱུང་གི་གཙང་ཆུ་རང་གར་ཁ་བསྒྱུར་བྱེད་པ། མ་བཅོས་རྒྱུ་ཆར་ཚད་ལས་འདས་པའི་སྤྱོད་སྤེལ་བྱེད་པ། གདོད་མའི་རྩྭ་ཐང་དུམ་བུ་དུ་མར་གཏོང་བ་སོགས་ནི་འཛམ་གླིང་གི་མཐོ་སྒང་གི་ཁོར་ ཡུག་དེ་བཞིན་ཉིན་རེ་ལས་ཉིན་རེ་མ་བསྡད་པར་ཉམས་ཉེས་དང༌། འཐོར་བརླགས་ཏུ་གྱུར་བའི་རྒྱུ་རྐྱེན་ཤ་སྟག་རེད། དེའི་དབང་གིས་བོད་རང་བཙན་སྐབས་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང༌། ངོ་མཚར་ཅན་གྱི་ཤིང་སྣ། རིན་ཐང་བྲལ་བའི་སྨན་རྩའི་རིགས་སོགས་གྲངས་ལས་འདས་པ་འཇའ་ཡལ་བ་ལྟར་རྩ་བརླགས་ ཏུ་ཕྱིན་པའི་དོན་དངོས་ཁག་རྒྱལ་སྤྱིའི་རང་བྱུང་རིག་པ་མཁས་ཅན་ཚོས་བརྒྱ་ཁ་ གཅིག་གྲགས་ཡིན།

གུང་ ཁྲན་ཏང་གིས་བོད་དུ་ལོ་ལྟར་རྒྱ་དངུལ་དུང་འཕྱུར་མང་པོ་བོད་དར་རྒྱས་དང་མི་ དམངས་ཀྱི་འཚོ་བའི་ཆེད་གཏོང་གི་ཡོད་སྐོར་དྲིལ་བསྒྲགས་ཁྱི་ཟུག་ཟུག་བྱེད་མུས་ ཡིན་ཀྱང༌། དེའི་བརྒྱ་ཆ་མང་ཆེ་བ་མཐའ་མཚམས་དམག་མི་དང་བོད་སྡོད་རྒྱ་རིགས་ལས་བྱེད་གཙོས། བོད་ཁུལ་དུ་གནས་སྡོད་བྱེད་མཁན་རྒྱ་རིགས་ས་ཡ་དུ་མའི་ཁ་ནང་དུ་འཛུལ་འགྲོ་བ་ལས། ས་གནས་བོད་རིགས་མི་དམངས་ཚོར་ཁེ་བཟང་ལས་ལྡོག་སྟེ་བཤུ་གཞོག་གཏོང་གི་ཡོད་པའི་ དཔེ་མཚོན་ནི། ༵༵བདག་གི་རེ་སྨོན་ཀཀཞེས་པའི་ཤོག་གྲངས་ ༡༠༦ ནང༌། ༡༩༥༨ ནས་ ༡༩༧༩ བར་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་སྡོམ་རྩིས་བྱས་པར་གཞིགས་ན། རྒྱལ་ཁབ་ལ་སྐམ་ཤ་ཁྲི་བཅོ་ལྔ་དང་ལུག་ཤ་ཁྲི་སུམ་ཅུ་སོ་ལྔ་སྤྲད་ཡོད། ༡༩༥༨ ནས་ ༡༩༨༧ ལོར་སྡོམ་རྩིས་བྱས་པ་ལྟར་ན་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ལ་གཅིག་གྱུར་གྱི་བགོ་བཤའ་ བྱས་ནས་ཤིང་ཆ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་ ༡༢༢༥ དང་གྲངས་ཆུང་ ༤༡ སྤྲད་ཡོད་པ་དང༌། གསེར་སྲང་ཁྲི་ ༤༣༠༠ ལྷག་དང༌། དབྱར་རྩྭ་དགུན་འབུ་ཏུན་ཁྲི་ ༣༥ ལྷག གླ་རྩི་སྲང་ཁྲི་ ༢༥ ལྷག སྙི་བ་སྤྱི་བརྒྱ་ཁྲི་ ༡༦༥ ལྷག་འདོན་སྤྲོད་བྱས་འདུག ད་དུང་རྒྱལ་ཁབ་ལ་སྨན་རྫས་དང་གཏེར་རྫས། ཕྱུག་ལས་ཐོན་རྫས་སོགས་ཀྱི་དངོས་པོ་འདོན་སྤྲོད་བྱས་འདུག་ཅེས་པར་དཔག་ན་པཎ་ ཆེན་རིན་པོ་ཆེས། ང་ཚོར་ད་ལྟ་བར་ཐོབ་པ་ལས་ཤོར་བ་མང་བ་བྱུང་ཡོད་ཅེས་པའི་བཀའ་མོལ་དེར་དེ་བས་ ཀྱང་བདེན་དོན་གྱི་རིན་ཐང་ཆེ་ཆེར་མཐོང༌།

དེ་ ནི་བོད་ཀྱི་ས་ཁུལ་བྱེ་བྲག་ཅིག་གི་བཤུ་གཞོག་གི་གནས་ཚུལ་ཞིག་ཡིན་པས། གལ་ཏེ་བོད་ཁྱོན་ཡོངས་ཀྱི་གྲངས་འབོར་རྣམས་མཉམ་དུ་བསྣན་ཚེ་འཛམ་གླིང་མི་དམངས་ རྣམས་ཧ་ལས་ཧོན་འཐོར་ངེས་རེད། མིའི་རིགས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་ཞིག་གིས་བལྟས་ཚེ། དེ་ལྟ་བུའི་མཐའ་མེད་རང་བཞིན་གྱི་བཤུ་གཞོག་དེ་ནི་དེང་སང་འཛམ་གླིང་སྟེང་བོད་ མི་རིགས་མ་གཏོགས་གཞན་སུ་ཞིག་ལ་མེད་པའི་ཆག་སྒོ་ཆེན་པོ་ཞིག་ཡིན་པ་སྨྲོས་ག་ལ་ དགོས། དོན་དངོས་དེ་དག་ལ་ཡང་དག་པའི་དཔྱད་ཞིབ་གནང་མཁན་ཚོས། ང་ཚོའི་རེ་བར་གུང་ཁྲན་ཏང་གིས་གང་ཤོད་པར་དེར་ཡིད་ཆེས་གཅིག་པོ་མིན་པར། གང་བྱེད་ཀྱི་ཡོད་མེད་དེར་རྟག་དཔྱད་ནན་ཏན་བྱེད་རྒྱུའི་རེ་འདུན་འདོན་གྱི་ཡོད། དེ་འདྲ་བྱུང་ན་གཞི་ནས་སྤྱང་ཀི་ངོ་མ་སུ་ཡིན་མིན་གསལ་པོ་ཆགས་ཀྱི་རེད།

གོང་ གསལ་བཙན་འཛུལ་དང་གཉའ་གནོན། དམར་གསོད་དང་རྡུང་རྡེག རྐུ་འཁྱེར་དང་ཇག་བཅོམ། གཏོར་བཤིག་དང་ཁྱད་གསོད་དེ་རིགས་ཀྱི་དཀའ་སྡུག་འོག་བོད་མི་རིགས་ཀྱིས་དབྱིན་ ཌེ་ཡན་མི་ནག་ཉོ་འཚོང་བྱེད་པའི་བྲན་གཡོག་གི་དུས་རབས་ལས་སྡུག་པའི་མུན་ནག་གི་ ལོ་ཟླ་དེ་དག་བསྐྱལ་དགོས་བྱུང་པ་དང༌། མི་ཆོས་ལས་འདས་པའི་དཀའ་སྡུག་ལས་རྣམ་པར་རྒྱལ་ཆེད། ༡༩༥༩ ལོའི་གསུམ་བཅུའི་ཡར་ལངས་དང༌། རིག་གནས་གསར་རྗེའི་དུས་ཀྱི་སྙེ་མོའི་ཡར་ལངས། ལོ་རབས་བརྒྱད་བཅུ་པའི་ལྷ་སའི་ཡར་ལངས། སྤྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་ཡར་ལངས་སོགས། གང་དུ་གཉའ་གནོན་ཡོད་ན་དེ་རུ་ཡར་ལངས་ཡོད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་ལས་ཐོན་ པའི་རླབས་ཆེན་ཀྱི་གོམ་སྟོབས་དེ་དག་མ་སྤོ་ཀ་མེད་ཆགས་པ་རེད།

དེ་ བས་ང་ཚོས་མཐོང་ཐུབ་པ་གཅིག་ནི། ལོ་ལྔ་བཅུའི་རིང་གུང་ཁྲན་ཏང་གིས་བཅིང་དཀྲོལ་གྱི་མིང་ཐོག་ནས་བོད་དུ་བཙན་ འཛུལ་བྱས་པར་བོད་རིགས་བྱིས་པ་ཚུན་གྱིས་ངོ་རྒོལ་ཁ་གཏད་གཅག་ཡོད་པ་དང༌། ལོ་ལྔ་བཅུའི་རིང་དམར་པོའི་ལོག་སྤྱོད་ཀྱི་དྲིལ་བསྒྲགས་ཀྱིས་བོད་མི་རིགས་མགོ་ བསྐོར་གཏོང་ཐུབ་མེད། ལོ་ལྔ་བཅུའི་གདུག་རྩུབ་འོག་བོད་མི་རིགས་ནས་དཔའ་ངར་གྱི་ཁུ་མཚུར་ནམ་མཁར་ བསྒྲེངས་ནས་ཡོད། ལོ་ལྔ་བཅུའི་གཏོར་བཅོམ་འོག་བོད་མི་རིགས་ཀྱི་བླ་སྲོག་གཞོམ་ཞིག་ཐུབ་མེད། ལོ་ལྔ་བཅུའི་བཀྲེས་ལྟོགས་ཀྱི་མུ་གེའི་ཁྲོད་དུ་བོད་མི་རིགས་གསོན་གནས་ཐུབ་ ཡོད། ལོ་ལྔ་བཅུའི་མུན་ནག་གི་མཚན་མོའི་མཐའ་རུ་བོད་མི་རིགས་ཀྱི་རང་དབང་གི་སྐྱ་ རེངས་དང༌། རང་བཙན་གྱི་ཉི་གཞོན་དེ་ད་དུང་ཡང་འོད་ཟེར་སྟོང་དང་ལྡན་པའི་སྒོ་ནས་སྒུག་ཡོད་ པས། ང་ཚོ་བོད་རིགས་མི་དམངས་ཚང་མས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་མུ་མཐུད་གོམ་ཞེང་ ཆེན་པོས་མདུན་བསྐྱོད་བྱ་ངེས་རེད།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།