དགེ་རྒན་ས་མིག་གསལ་བསྒྲགས།

༄༅། །བལ་ཡུལ་ཀོ་པན་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་དུ་དམའ་རིམ་བོད་དགེ་གཅིག་དང་དབྱིན་དགེ་གསུམ་གྱི་ས་མིག་སྟོང་པ་ཞིག་ཡོད་པས། ཤེས་ཚད་དང་ཆ་རྐྱེན་ཚང་ཞིང་དགེ་རྒན་གནང་འདོད་ཡོད་པ་རྣམས་ནས་འདིར་གར་སྙན་ཞུའི་ཐོག་འབྲེལ་བ་གནང་རོགས།
                ཤེས་ཚད་ཆ་རྐྱེན།
༡༽ དམའ་རིམ་བོད་དགེའི་ཤེས་ཚད་འཛིན་རིམ་བཅུ་གཉིས་ཐོན་པའི་ཕྱག་འཁྱེར་དང་ལྷན་དུ་བོད་ཡིག་ཚུགས་རིང་དང་ཚུགས་ཐུང་བཅས་ཀྱི་ཡིག་གཟུགས་གང་ལེགས་དགོས་རྒྱུ། དེའི་ཐོག་དགེ་རྒན་འོས་སྦྱོང་དང༌། དེ་སྔོན་དགེ་རྒན་གནང་མྱོང་བའི་ཉམས་མྱོང་ཕྱག་འཁྱེར་ཡོད་རིགས་ལ་དམིགས་བསལ་གྱི་མཐུན་རྐྱེན་དུ་བརྩི་རྒྱུ་ཡིན།
༢༽ འབྲིང་རིམ་དབྱིན་དགེའི་ཤེས་ཚད་མཐོ་སློབ་ཐོན་པའི་ཕྱག་འཁྱེར་དང༌། དགེ་རྒན་འོས་སྦྱོང་གི་ཕྱག་འཁྱེར་སོགས་ངེས་པར་དགོས། དམའ་རིམ་དབྱིན་དགེའི་ཤེས་ཚད་འཛིན་རིམ་བཅུ་གཉིས་ཐོན་པའི་ཕྱག་འཁྱེར་ངེས་པར་དགོས་པ་དང༌། དེ་བཞིན་དགེ་རྒན་གྱི་ཉམས་མྱོང་ཕྱག་འཁྱེར་ཡོད་རིགས་ལ་དམིགས་བསལ་གྱིས་མཐུན་རྐྱེན་དུ་བརྩི་རྒྱུ་ཡིན།

༣༽ སྨན་ཁང་ཚད་ལྡན་གང་རུང་ནས་ནད་རིགས་གང་ཡང་མེད་པའི་གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་དགོས་རྒྱུ།།
༤༽ ཚོགས་པ་གཞན་དུ་ཕྱག་ལས་གནང་མུས་ཡོད་ཚེ་ཚོགས་པ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས་རྒྱུ།
༥༽ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེལ་དགོས་རྒྱུ།
༦༽ གསོལ་ཕོགས་མཐུན་རྐྱེན་སོགས་བལ་ཡུལ་ནང་གི་སློབ་གྲྭ་ཁག་གི་དགེ་རྒན་དང་མཉམ་པ་འབུལ་རྒྱུ་ཡིན། གོང་གསལ་དགེ་རྒན་གྱི་ལས་གནས་གནང་འདོད་ཡོད་པ་རྣམས་ནས་འདི་གའི་ཤེས་ཡོན་འགན་འཛིན་གྱི་མཚན་ཐོག ༢༠༠༩ ཟླ་བ་ ༣ ཚེས་ ༣༠ འགྱངས་མེད་ཕྱག་འཁྱེར་ཡིག་ཆ་རྣམས་ཀྱི་ངོ་བཤུས་དག་མཆན་ཞུས་ཏེ་གཤམ་གསལ་ཁ་བྱང་ཐོག་འབུལ་གནང་ཡོང་བ་ཞུ།།
བལ་ཡུལ་ཀོ་པན་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་གཙུག་ལག་སློབ་གཉེར་ཁང་ནས།
                   ཕྱི་ལོ་ ༢༠༠༩ ཟླ་བ་ ༢ ཚེས་ ༡ ཉིན་ལ།།   

The Education Director
Kkpan Nunnery
G.P.Box 817
kathmandu Nepal
Phone-4821236
Mobile-9841346510               

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།