བརྟན་བཞུགས་གསལ་བསྒྲགས།

བྱང་ཕྱོགས་ཧོར་ཆེན་པོ་དང་དཔལ་ལྡན་རྒྱལ་བ་ཇོ་ནང་པ་ཡོངས་ཀྱི་བསྟན་པའི་མངའ་བདག་ཆེན་པོ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་ཡང་སྤྲུལ་ྋསྐྱབས་མགོན་ཁལ་ཁ་ྋརྗེ་བཙུན་དམ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསང་གསུམ་མི་འགྱུར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། དགོངས་བཞེད་ལྷུན་གྱིས་འགྲུབ་ཆེད། བརྟན་བཞུགས་བསྟར་འབུལ་ཆོག་པའི་སྐྱབས་འཇུག་ཇོ་ནང་པ་གཞིས་བྱེས་ཡོངས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ྋསྐྱབས་མགོན་མཆོག་གིས་ཞལ་བཞེས་གནང་བ་ལྟར་བརྟན་བཞུགས་འབུལ་ཡུལ་དེ་ཡང་འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ནས་བོད་ཟླ་༢ ཚེས་༡ དང༌། ཕྱི་ལོ་༢༠༠༩ ཟླ་༣ ཚེས་༢༧ ཉིན་ལ་བརྟན་བཞུགས་འབུལ་རྒྱུ་ཡིན་པས་ཇོ་ནང་པ་གཞིས་བྱེས་ཡོངས་དང་འབྲེལ་ཡོད་དད་ལྡན་སེར་སྐྱ་མི་མང་རྣམས་དུས་ཐོག་ཏུ་ངེས་ཕེབས་ཡོང་བར་མཁྱེན་མཁྱེན་ཞུ།། ཇོ་ནང་བརྟན་བཞུགས་ཚོགས་ཆུང་ནས་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༡༣ ལ།
Tibetan Buddhist Monastery Sanjauli-6
Shimla-171006(H.P)INDIA
Tele: 0091-177-2841410
Fax: 0091-177-2645280
Mobile:  9816235641

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།