ལྡི་ལི་བོད་ཁང་གི་རྒྱུན་ལྡན་དེབ་ཕྲེང་པུསྟཀ་ ༨ པ་<<ཟ་མ་ཏོག་>>ཅེས་པའི་དཔེ་དེབ་པར་སྐྲུན་བྱས་ཡོད་པ་དང༌། དེབ་དེའི་ནང་དུ་ནུབ་ཧི་མཱ་ལ་ཡའི་གནས་བབ་གླེང་བ་ཞེས་པ་དང༌། (རྩོམ་པ་པོ་རཱ་ཧུ་ལ།) མི་ཕམ་བྱམས་པའི་སྐོར་(ཚུལ་ཁྲིམས་ཕུན་ཚོགས།) བོད་ལུགས་གསོ་རིག་གི་བྱུག་པའམ་བསྐུ་མཉེའི་རྣམ་བཤད་(ཉི་ཟླ་ལྕེ་ནག་ཚང་) དབུས་འགྱུར་ཆོས་སྡེ་ཆེ་ཆུང་རྣམས་ཀྱི་ཆོས་སྤྱོད་སོགས་ཀྱི་མཐར་ཚིགས་བཅད་བྱུང་ཚུལ་དང༌། བསྐང་བ་སོགས་ཀྱི་ཁུངས་བཤད་(ཀློང་རྡོལ་བླ་མ་ངག་དབང་བློ་བཟང་) ཐེག་པ་ཆེ་ཆུང་གི་རྣམ་གཞག(དགེ་བཤེས་དཔལ་ལྡན་གྲགས་པ་)བཅས་རྩོམ་ཡིག་ཁག་ལྔ་འཁོད་ཡོད་པའི་ཤོག་ངོས་༡༡༥ ཙམ་ཡོད་པ་ཞིག་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།