རག་རྡོ་བློ་བཟང་བསྟན་འཛིན་གྱི་དཔྱད་རྩོམ་ཐོར་བུ།
ཝཱ་ན་གཙུག་ལག་མཐོ་སློབ་ཀྱི་གསོ་རིག་སློབ་དཔོན་ཆེན་པོ་དཀར་ཤོད་རག་རྡོ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་གྱིས་བརྩམས་པའི་<<རག་རྡོ་བློ་བཟང་བསྟན་འཛིན་གྱི་དཔྱད་རྩོམ་ཐོར་བུ།>> ཞེས་པའི་དེབ་གཉིས་པར་སྐྲུན་གནང་ཡོད་པ་དང༌། དེབ་ཕྲེང་དང་པོའི་ནང་སྨན་རྩིས་གཉིས་ཡར་རྒྱས་ཀྱི་བསམ་འཆར་དང༌། རྒྱུད་བཞིའི་སྡོང་འགྲེམས། རེག་པ་རྩ་ལ་བརྟག་པའི་མདོ། གསོ་རིག་གི་སེམས་ཁམས་རིག་པ། ཙ་ར་ཀའི་གླེང་བརྗོད། འཆི་བའི་རྣམ་པ། སློབ་དཔོན་རྟ་དབྱངས། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྣམ་ཐར། གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་གྱི་བརྗོད་བྱ་སྙིང་བསྡུས། རྡུལ་ཕྲན་གྱི་རྣམ་གཞག གཉན་རིམས། གསོ་ཚེའི་ཁྱད་པར། བོད་ལུགས་གསོ་རིག་ལས་ལུས་གྲུབ་ཚུལ་སོགས་གསོ་རིག་སྐོར་གྱི་དཔྱད་རྩོམ་ཉེར་གཅིག་དང༌། དེབ་ཀྱི་ཤོག་གྲངས་༥༩༣ ཡོད་པ་རེད། དེབ་ཕྲེང་གཉིས་པའི་ནང་བསྟན་འགྱུར་དཀར་ཆག་གི་པར་སྐྲུན་ཆེད་བརྗོད། རྩིས་གཞུང་མཁས་པ་དགའ་བྱེད་ཀྱི་པར་སྐྲུན་ཆེད་བརྗོད། སྙན་འགྲེལ་མཚོ་དགྱེས་འཛུམ་ཟེར་གྱི་པར་སྐྲུན་ཆེད་བརྗོད་སོགས་དཔྱད་བརྗོད་ཁག་བཅུ་གཅིག་དང༌། ཤོག་གྲངས་༤༠༦ ཡོད་པ་ཞིག་རེད།།