མཁལ་མའི་ཞལ་འདེབས་ཡོང་བའི་རེ་འབོད།
ཕྲན་གྱི་བཟའ་ཟླ་དངོས་གྲུབ་སྒྲོལ་མ། རང་ལོ་ ༤༧ སྡོད་གནས་ཧོན་སུར་རབ་རྒྱས་གླིང་གཞིས་གྲོང་ 1 སྡེ་བ་ཡྀན་པ། ཁོང་གི་མཁལ་མར་སྐྱོན་ཤོར་ཏེ་ཟླ་དྲུག་ཙམ་སོང་བ་དང། ད་ཆ་མཁལ་མ་གཉིས་ཀ་བེད་མེད་དུ་སོང་སྟེ་ནད་ལྕི་རུ་དང་ཛ་དྲག་ཏུ་ཕྱིན་ཏེ། མཁལ་མ་བརྗེ་དགོས་བྱུང་ཡོད། ཡིན་ནའང་ཁོ་མོར་ཕ་མ་སྤུན་མཆེད་སུ་ཡང་མེད་ལ། བཟའ་ཟླ་ཕྲན་གྱི་ཁྲག་དང་མི་མཐུན་སྟབས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་སྟབས།
དགེ་སེམས་སྙིང་རྗེ་ཅན་གྱི་སྐྱེ་བོ་སུ་རུང་ནས་ཁྲག་ཨང། ཨོ་(Group”O”+Posetive)ཡིན་པ་ཐུགས་བརྩེ་བ་ཆེན་པོས་མཁལ་མའི་ཞལ་འདེབས་གང་མྱུར་གནང་ཐུབ་པ་དང། གང་ལྟར་ཕྲན་གྱི་བཟའ་ཟླའི་ཚེ་སྲོག་ལ་ཐུག་པས། དེ་དོན་ཚང་མས་དགོངས་འཇགས་འཚལ་ཞེས་ཕྲན་པད་མས། ཟླ་ ༤ ཚེས་ ༡༧ ལ་ཕུལ། འབྲེལ་བ་གནང་སའི་ཁ་བྱང་དང་ཁ་པར་ཨང་གྲངས།
Pema, House No. 3512, Sector-15D, Chandigarh.
Mobile: 09911356885, 09815095610, 09815223554