བོད་དོན་ཐད་འུ་ཐུག་པའི་རྒྱ་གཞུང༌།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༨
ཕྱི་ཟླ་༦ པའི་ནང་ཧྥ་རན་སིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་གཟི་བརྗིད་ཅན་གྱི་མི་སེར་གྱི་ཆེ་བསྟོད་ཕྱག་འཁྱེར་འབུལ་རྒྱུའི་གསལ་བསྒྲགས་གནང་བ་དང༌། རྒྱ་ནག་གཞུང་གིས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༠༩ ཟླ་༥ ཚེས་༨ ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་རྒྱ་དམར་གཞུང་གིས་ཕྱི་འབྲེལ་མགྲིན་ཚབ་པ་མཱ་ཁྲོ་ཞུའུ་ཡིས་“ྲོང་ཁྱེར་ཕེ་རི་སིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་པ་དང༌། བོད་དོན་དུ་ཡང་བསྐྱར་ནོར་འཁྲུལ་མི་འབྱུང་བའི་བླང་བྱ་བཏོན་ཡོད་པ་རེད”ེས་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་ྋགོང་ས་མཆོག་གདན་འདྲེན་ཞུ་བའི་སྐབས་མཐོ་རིམ་དཔོན་རིགས་ཁག་དང་མཇལ་འཕྲད་གནང་རྒྱུ་སོགས་ལ་གནོན་ཤུགས་དང་འབོད་སྐུལ་འདྲ་མིན་བྱེད་བཞིན་ཡོད་པ་དང༌། “འ་ལའི་རུ་ཚོགས་”ྱིས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱེད་རྒྱུའི་འཆར་གཞི་ཡོད་ཚུལ་སོགས་སྒྲོག་བཞིན་ཡོད་པ་རེད།

རྒྱ་གཞུང་གིས་བོད་ཡུལ་ཡོངས་རྫོགས་བཙན་བཟུང་བྱས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་ཟིན་པ་དང༌། བོད་ནང་དུ་ཡར་རྒྱས་རྒྱ་ཆེན་པོ་བཏང་ཡོད་ཚུལ། བོད་རིགས་མི་མང་གི་སེམས་ནང་དུ་གུང་ཁྲན་ཏང་ལ་དགའ་ཞེན་ཆེན་པོ་ཡོད་ཚུལ་ཤུགས་ཆེ་སྒྲོག་བཞིན་ཡོད་ནའང༌། དོན་དངོས་སུ་བོད་དབང་བསྒྱུར་བྱས་ནས་མི་ལོ་ལྔ་བཅུ་འདས་ཀྱང་བོད་མི་རིགས་ཀྱི་སེམས་པ་རྒྱ་དམར་གཞུང་གི་ཕྱོགས་སུ་བསྒྱུར་ཐུབ་མེད་པ་དང༌། ྋགོང་ས་མཆོག་ཕྱིའི་རྒྱལ་ཁབ་ཁག་ལ་ཆིབས་བསྒྱུར་གནང་བ་ཙམ་གྱིས་རྒྱ་ནག་གཞུང་མིག་ཚ་དགོས་པ་མ་ཟད། དེ་ལ་བརྟེན་ནས་བོད་དོན་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་སྲིད་པའི་དོགས་པ་བྱེད་བཞིན་ཡོད་པ་ནི། རྒྱ་དམར་གཞུང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་ཡོད་པ་མཚོན་ཐུབ། ཕྱོགས་གཅིག་ནས་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་ནས་མི་ལོ་ལྔ་བཅུ་འཁོར་བ་དང༌། གུང་ཁྲན་ཏང་གི་བཀའ་དྲིན་འོག་བོད་མི་རིགས་དེ་འོད་སྟོང་ལྡན་པའི་ལམ་ཆེན་དུ་བསྐྱོད་བཞིན་ཡོད་ཚུལ་སོགས་ཤུགས་ཆེ་སྒྲོག་བཞིན་ཡོད་ལ། ཕྱོགས་གཞན་ཞིག་ནས་བོད་མི་རིགས་དེ་རྒྱ་ནག་གཞུང་གི་འོག་ཏུ་མུ་མཐུད་ཤར་བསྐྱོད་བྱེད་ཐུབ་པའི་གདེང་ཚོད་གཏན་ནས་མེད་པར་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་དེ་བསྐྱར་གསོ་བྱེད་ཆོག་ཆོག་ཅིག་ཏུ་གྱུར་ཡོད་པ་ལྟ་བུའི་བསམ་ཚུལ་སྤེལ་བཞིན་པ་ནི་རྒྱ་གཞུང་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་ཏུ་གྱུར་ཡོད།
    ད་དུང་དུས་རྒྱུན་རྒྱ་ནག་གི་དཔོན་རིགས་ཁག་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་རིགས་དང་ཐུག་འཕྲད་བྱེད་པའི་སྐབས་ས་བཅད་ཕྱག་ལེན་ལྟ་བུ་ཞིག་ལ་བོད་པས་མ་ཎི་བགྲང་བ་བཞིན། བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ངག་སྐྱོར་གཏོང་དུ་འཇུག་བཞིན་ཡོད་པ་སོགས་ཕྱོགས་མང་པོ་ཞིག་ནས་རྒྱ་གཞུང་ལ་མཚོན་ན་ད་ལྟའི་ཆར་བོད་དོན་ཐད་ཕྱིའི་ཆ་ནས་རྣམ་འགྱུར་ཧ་ཅང་མཁྲེགས་པོ་ཞིག་འཛིན་བཞིན་ཡོད་ཀྱང༌། དོན་དངོས་བོད་རྒྱ་ནག་དང་ཁ་བྲལ་དུ་འགྲོ་སྲིད་པའི་ཞེད་སྣང་ཆེན་པོ་ཞིག་གིས་བོད་མིས་བོད་ཡིག་དང་ནང་ཆོས་སྦྱངས་པ་ཙམ་གྱིས་རྒྱ་ནག་དང་ཁ་བྲལ་བར་ངོས་འཛིན་གྱིས་བོད་མི་རིགས་ལ་དོགས་པ་སྐྱེ་བཞིན་པ་དང༌། མི་ཚེ་གང་ལ་རྒྱ་གཞུང་གིས་མཛུབ་མོ་གར་བསྟན་ཤར། བྱེད་བཞིན་པའི་རག་རྡིས་ལྟ་བུས་མཚོན་བོད་མི་སུ་གཅིག་ཀྱང་མིང་ཙམ་ལས་དོན་དུ་རྒྱ་གཞུང་གི་མཐོ་རིམ་རྐང་འཛིན་པའི་གྲས་སུ་གཏན་ནས་གསོ་སྐྱོང་བྱས་མེད་པ་འདི་ཡང་གཟུགས་པོའི་ནང་དུ་བོད་མི་རིགས་ཀྱི་ཟུངས་ཁྲག་རྒྱུ་བཞིན་ཡོད་པས་ཡིད་ཆེས་མེད་པ་ཡིན། ད་དུང་བྱེད་སྟངས་མང་པོ་ཞིག་གི་ཐོག་ནས་མཐོང་ཐུབ་པ་ནི་བོད་དེ་དུས་ནམ་ཞིག་རྒྱ་གཞུང་གི་ཁོག་ཏུ་གཏན་ནས་ཞུ་མི་ཐུབ་པར་བཤལ་སྐྱུགས་གང་རུང་བྱེད་དགོས་པ་ཞིག་འབྱུང་སྲིད་པའི་དོགས་པ་རྒྱ་གཞུང་གི་དཔོན་རིགས་ཚང་མའི་སེམས་ཁམས་སུ་ཉར་ཡོད་པ་དང༌། བོད་མི་ཕལ་མོ་ཆེའི་སེམས་སུའང་སྔ་ཕྱི་མ་གཏོགས་རྒྱ་དམར་གཞུང་གི་བཙན་གནོན་འོག་ཏུ་རྒྱུན་རིང་པོ་སྡོད་མི་དགོས་པར་བོད་ལ་རང་དབང་འཐོབ་སྲིད་པའི་ཡིད་ཆེས་བྱེད་བཞིན་པ་འདི། མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དེ་རིང་བོད་མི་རིགས་ལ་ཐོབ་པའི་རྒྱལ་ཁ་ཞིག་ཏུ་ངོས་འཛིན་བྱེད་ཆོག།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།