ལས་བྱེད་གསར་བསྡུའི་གསལ་བསྒྲགས།
༄༅། ། བོད་གཞུང་ཤེས་རིག་ལས་ཁུངས་སུ་ཐ་སྙད་གསར་བཟོ་དང་གཏན་འབེབས་ཀྱི་ལས་གཞིའི་ཆེད་རྩོམ་སྒྲིག་པ་གསུམ་གསར་བསྐོ་བྱ་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་པ་ཚོས་ཕྱི་ཟླ་ ༧ ཚེས་ ༣༡ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
དགོས་མཁོའི་ཆ་རྐྱེན།
༡། ཉུང་མཐར་གཙུག་ལག་གོང་མ་ (M.A.) སློབ་ཐོན་པའམ། དེ་དང་གནས་ཚད་མཉམ་པའི་ལག་འཁྱེར་ཡོད་པ།
༢། བོད་ཀྱི་སྐད་ཡིག་དང༌། དབྱིན་ཡིག་རང་རྐྱ་འཕེར་ངེས་ཐོག ཧིན་དི་དང་རྒྱ་ཡིག་གང་རུང་གོ་བརྗོད་ཐུབ་པ།
༣། དེ་སྔོན་ཚིག་མཛོད་རྩོམ་སྒྲིག་དང༌། བོད་སྐད་དུ་ཕབ་སྒྱུར་གྱི་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་ཡོད། ལོ་ལྔ་ལས་ལྷག་པའི་ཉམས་མྱོང་ཡོད་ན་གནས་རིམ་གོང་མ་ཐོབ་རྒྱུ་མ་ཟད་ཚན་རིག་དང་འཕྲུལ་ལས་སློབ་ཐོན་པ་ཡིན་ཚེ་དམིགས་བསལ་དགོངས་བཞེས་ཡོང་རྒྱུ།
༤། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ བར་བསྡུ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མ། དེ་བཞིན་ཁྲིམས་མཐུན་དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༥། གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར།
༦། ད་ལྟ་ལས་ཞབས་ཞུ་མུས་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར། གོང་གསལ་ཡིག་ཆ་ངོ་མ་རྣམས་དངོས་གཞི་འདེམས་སྒྲུག་སྐབས་ཞིབ་གཤེར་བྱ་རྒྱུ།
གླ་ཕོགས་མཐུན་རྐྱེན།
རང་ཉིད་ཀྱི་ཤེས་ཚད་དང་ཉམས་མྱོང་གཞིར་བཟུང་དྲུང་གཞོན་ནམ་ཡང་ན་དྲུང་གཞོན་ལས་རོགས་ཀྱི་ཕོགས་འབབ་ཐོབ་རྒྱུ་མ་ཟད། ཆོད་གན་དུས་ཡུན་ལོ་གཉིས་ནང་གཞུང་ཞབས་སྤྱི་ཡོངས་ལ་ཡུལ་ཐང་སྤར་ཆ་ཇི་བྱུང་ལྟར་ཐོབ་རྒྱུ་ཆོད་གན་ལས་རྒྱུན་རིང་ལས་ཤག་དང་ཁང་དོད་མེད།
བསྐོ་གཞག་གནང་ཕྱོགས།
༡། འདེམས་ཐོན་བྱུང་མཚམས་ཕྱོགས་གཉིས་དབར་གནས་སྐབས་ལོ་གཉིས་ཀྱི་ཆོད་གན་སྣོལ་འཇོག་བྱ་རྒྱུ།
༢། དེ་རྗེས་ཕྱོགས་གཉིས་ཀར་འདོད་མོས་ཡོད་ཚེ། ཚོད་ལྟ་མི་དགོས་པར་དེ་སྔའི་ཆོད་གན་སྐབས་ཀྱི་གནས་སྐབས་ཀྱི་གནས་རིམ་གང་ཡིན་པ་དེར་གཏན་འཇགས་གཞུང་བསྐོས་ཀྱི་འགྲོ་ལུགས་བཟོ་རྒྱུ་མ་ཟད། གཞུང་ཞབས་སྤྱི་མཚུངས་ཀྱི་མཐུན་རྐྱེན་ཇི་ཡོད་ཐོབ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ་༢༠༠༩ ཟླ་ ༦ ཚེས་ ༡༠ ལ།
ཁ་བྱང༌།
Secretary
Department of Education, C.T.A.
Gangchen Kyishong
Dharamsala-176215 (H.P.) INDIA
Email: education@gov.tibet.net
Fax: 01892-223481, Phone: 01892-222572/222721