སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་དམ་བཅའི་དྲན་སྐུལ།
བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག འདི་ལོར་དགུང་གྲངས་ ༧༤ ཕེབས་པའི་འཁྲུངས་སྐར་ཉིན་མོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དད་གུས་གཡོ་བ་མེད་པས་ལྷ་ཕྱག་སྔོན་དུ་བཏང་སྟེ། བཀའ་དྲིན་རྗེས་དྲན་གྱིས་འཚམས་ཞུ་དང༌། སླད་མར་ཡང་བསྟན་འགྲོ་སྤྱི་དང་ཉམས་ཐག་གངས་ཅན་པའི་མགོན་དཔུང་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཤུགས་དྲག་ཞུ་བ་ལགས།
ལྔ་བཅུའི་དུས་དྲན་དང་འབྲེལ་བའི་ཐེངས་འདིའི་སྐུའི་འཁྲུངས་སྐར་ཐོག གཞོན་ལྷན་ནས་རྒྱུན་ལྡན་སྤྱིའི་ཞུ་སྒོ་ཁག་གི་ཐད་ཕྱོགས་ཞེན་འཐེན་འཁྱེར་མེད་པར་སྔར་ལྷག་འབད་འབུངས་གང་ཐུབ་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ྋརྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འབུལ་རྒྱུ་དང༌། བོད་ཕྱི་ནང་གཉིས་ཀྱི་ན་གཞོན་རྣམ་པས་གཙོས་བོད་རིགས་ཡོངས་ནས་ཀྱང་ལྷག་བསམ་གཡོ་མེད་པའི་སྒོ་ནས་བོད་ཀྱི་རྩ་དོན་སྒྲུབ་པར། སྔར་ལྷག་རང་ནུས་སྤུང་རྒྱུའི་དམ་བཅའ་དང་ལག་ལེན་ཞུ་རྒྱུ་ནི། ྋརྒྱལ་བའི་འཁྲུངས་སྐར་གྱི་འཚམས་ཞུ་དང་བརྟན་བཞུགས་ཡག་ཤོས་དེ་ཡིན་པའི་གསལ་འདེབས་དྲན་སྐུལ་དུ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་རྒྱལ་ལོ ༢༡༣༦ ཕྱི་ལོ་༢༠༠༩ ཟླ་༧ ཚེས་༦ བཟང་པོར་ཕུལ།། །།
~¿]ོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་རྒྱལ་ལོ ༢༡༣༦ ཕྱི་ལོ་༢༠༠༩ ཟླ་༧ ཚེས་༦ བཟང་པོར་ཕུལ།། །།