འཚམས་འདྲིའི་ཤིས་ཚིག
སྙིང་རྗེའི་ཐུགས་ཀྱིས་ཉམས་ཐག་འགྲོ་བ་སྐྱབས།། བྱམས་པའི་གསུང་གིས་དགྲ་བོའི་སྡང་བ་བཅོམས།། འཚེ་མེད་སྤྱོད་པས་འཛམ་གླིང་ཞི་བདེའི་སར།། འཁྲིད་མཁས་དེད་དཔོན་སྲིད་འདིར་རྒྱལ་གྱུར་ཅིག། ཅེས་བསྟོད་པའི་ཚིག་གིས་མདུན་བསུས་ནས་ྋགོང་ས་ལྷ་མའི་རྣམ་འདྲེན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན། ྋརྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བཞེས་ཀྱིས་བགྲང་བྱ་ཉི་ཤུ་འཁོར་བའི་དུས་དྲན་གྱི་ཉིན་མོ་འདིར།
བོད་གཞིས་བྱེས་གཉིས་སུ་གནས་པའི་མི་ཉག་པ་ལྷ་མི་ཡོངས་ཀྱིས་བཀྲ་ཤིས་པའི་འཚམས་འདྲི་དང་བཅས། དེ་ཡང་ཇི་སྐད་དུ། དཔོན་སློབ་མི་འབྲལ་ལྷན་གཅིག་ཏུ།། སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན།། ཞལ་མཇལ་གསུང་ཐོས་རྒྱུན་མི་ཆད།། རྒྱུད་ལ་ཆོས་འཕེལ་བཀྲ་ཤིས་ཤོག། ཅེས་པ་ལྟར་སྐུ་ཚེ་མི་འགྱུར་ཚེ་ལྷའི་ངོ་བོར་གནས་ཤིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་མྱུར་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ་ཞུ་ཞུ།།