འཚམས་འདྲིའི་ཤིས་ཚིག
༄༅།། འགྲོ་བ་ཡོངས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བརྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན། ༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གང་ཉིད་ཀྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་བགྲང་བྱ་ཧྲིལ་པོ་ཉི་ཤུ་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་དུས་བཟང་ལ་གུས་འབངས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགསཔའི་ལས་བྱེད་དང། ཚོགས་མི།
དང་བླངས་དགེ་རྒན། སློབ་མ་བཅས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང། དགོན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་རླབས་ཆེན་གྱི་མཛད་འཕྲིན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་བཀྲིས་སྨོན་ལམ་གྲངས་མེད་ཞུ་རྒྱུ་དང་བཅས།
ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཡིག་ཚང་ནས། ཕྱི་ལོ ༢༠༠༩་ཟླ་༡༢ ཚེས་༡༠།