༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌།
༄༅། །ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གར་མངའ་སྡེ་མཧཱརཱཥཊ྄ར་ཡི་གྲོང་ཁྱེར་པུཎེ་རུ་བོད་ཀྱི་ནང་ཆོས་ལྟ་གྲུབ་དང་བོད་ཀྱི་སྐད་ཡིག་ལ་སློབ་གཉེར་བྱ་འདུན་ཡོད་པའི་རྒྱ་གར་བའི་སློབ་གཉེར་བ་རྣམས་ལ་གོ་སྐབས་སྦྱོར་ཆེད་གཙུག་ལག་སློབ་གཉེར་ཁང་གི་ཡན་ལག་ཞིག་ཆེད་འཛུགས་བྱས་ཡོད་པ་དེར་གཤམ་འཁོད་ས་མིག་ཐོག་ཟླ་རེར་གསོལ་ཕོགས་ཧིན་སྒོར་ ༢༥༠༠༠། ཐོག་ལོ་གཉིས་ཀྱི་རིང་ཆོད་གན་ངོ་བོར་བསྐོ་བཞག་བྱ་རྒྱུ་ཡིན།
ནང་ཆོས་ལྟ་གྲུབ་སློབ་ཁྲིད་པ་སློབ་དཔོན་གཞོན་པ་(Lecturer)གཅིག ལས་རིགས་འདིའི་ནང་ཞུགས་བློ་ཡོད་ཅིང་གཤམ་གསལ་ཆ་རྐྱེན་ཚང་རིགས་རྣམས་ནས་རང་ཉིད་ཀྱི་ལོ་རྒྱུས་དང་ལག་ཁྱེར་ཡིག་ཆའི་འདྲ་བཤུས་བཅས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༢༠ ནས་མ་འགྱངས་བར་འཚང་སྙན་འབུལ་དགོས་པ་དང་ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ལ་འཚང་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་དང༌། འཚང་སྙན་ནང་རང་ཉིད་ཀྱི་ཞལ་པར་ཨང་གྲངས་དང་གློག་འཕྲིན་ཞལ་བྱང༌། མྱུར་འཕྲིན་ཨང་ཡོད་ཚེ་ངེས་པར་དུ་འཁོད་དགོས། གོང་འཁོད་དུས་བཀག་གི་རྗེས་སུ་འབྱོར་བའི་འཚང་སྙན་རྣམས་ལ་བསམ་ཞིབ་བྱ་རྒྱུ་མིན་པས་དེ་དོན་ཡིད་འཇགས་ཞུ། འཚང་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་ཁྱེར་ངོ་མ་མཉམ་འཁྱེར་དགོས་པ་དང་འཚང་རྒྱུགས་སུ་ཕེབས་སྐབས་ཀྱི་ལམ་གྲོན་ཆ་ཚང་དོ་བདག་རང་ཉིད་ནས་གཏོང་དགོས་པ་ཡིན།
དགོས་ངེས་ཀྱི་ཆ་རྐྱེན།
༡༽ ནང་ཆོས་ལྟ་གྲུབ་ཆེད་མ་མཐར་སློབ་དཔོན་གྱི་གནས་ཚད་ལག་ཁྱེར་ཡོད་པ་དང༌། དབྱིན་ཇི་དང་ཧིན་དི་སྐད་ཡིག་གཉིས་ཀའི་ཐོག་ནས་སློབ་ཁྲིད་བྱེད་ཐུབ་མཁན། སློབ་དཔོན་གནས་ཚད་ལག་ཁྱེར་ཐོག་མ་མཐར་ཨང་ཐོབ་བརྒྱ་ཆ་ ༥༥ ལོན་པ་དང༌། དེའི་ཐོག་རྒྱ་གར་མཐོ་སློབ་མཐུན་སྦྱིན་ལྷན་ཚོགས་ (UGC) ཀྱིས་གཏན་འབེབས་གནང་བའི་རྒྱལ་ཡོངས་སློབ་ཁྲིད་ཡིག་རྒྱུགས་ (NET) ཐོན་པ་དགོས། དགེ་བཤེས་ལྷ་རམ་པའམ་དེ་དང་མཉམ་པའི་ཤེས་ཡོན་ལག་ཁྱེར་ཡོད་རིགས་ལ་ (NET) དགོས་གལ་ནས་ཆག་ཡང་གཏོང་རྒྱུ།
༣༽ ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༤༽ ངོས་འཛིན་ལྡན་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༥༽ གོང་གསལ་ལག་ཁྱེར་ཡིག་ཆ་ཁག་ལ་ངོ་འདྲ་ཧེ་བག་མེད་པའི་དག་མཆན་ཚད་ལྡན་ངེས་པར་དུ་འཁོད་དགོས། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་གིས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༡༩ ལ།
Registrar
Central University of Tibetan Studies
Sarnath-221007
U.P. India
Tel: 0542-2585148/2582387
Fax: 0542-2585150