གསལ་བསྒྲགས།

༄༅། །ཤེས་རབ་དགའ་ཚལ་སློབ་གླིང་དུ་སྨན་ཞབས་ཀྱི་ས་མིག་སྟོང་པ་ཡོད་པས་གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ཚོས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་འཚང་སྙན་ཕྱི་ལོ་༢༠༡༠ ཟླ་༠༥ ཚེས་༠༥འགྱངས་མེད་འབུལ་དགོས་པ་དང་འཚང་སྙན་ནང་སོ་སོའི་ཞལ་དཔར་དང་ཨི་མེལ་ཁ་བྱང་མྱུར་འཕྲིན་ཨང་ཡོད་ཚེ་ངེས་པར་འཁོད་དགོས།

གོང་འཁོད་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན་པ་དང༌། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་འབྱོར་བྱུང་རིགས་རྣམས་རྒྱུགས་སྤྲོད་ལམ་ནས་འདེམས་སྒྲུག་གནང་རྒྱུ་ཡིན།
དགོས་ངེས་ཆ་རྐྱེན།
ཀ༽ ཉུང་མཐའི་ཤེས་ཚད།
༡༽སྨན་ཞབས་ཚད་ལྡན་ཡིན་པའི་མཐོ་རིམ་ནས་སློབ་ཐོན་ལག་འཁྱེར་ཡོད་པ།
ཁ༽ གཟུགས་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་དགོས།
ག༽ ཕྱི་ལོ་༢༠༡༠ ཟླ་༣ ཚེས་༣༡ བར་འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
ང༽ ཕྱི་ལོ་༢༠༡༠ ཟླ་༣ ཚེས་༣༡ བར་དུས་འགྱངས་དག་མཆན་འཁོད་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་རང་གཞུང་གི་འགན་འཛིན་ལས་བྱེད་ཟུང་དྲུང་ངམ་ས་གནས་འགོ་འཛིན་ཡང་ན་བོད་མིའི་སློབ་གྲྭ་གང་རུང་ཞིག་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་བཤུས་ངོ་མ་ཡིན་པར་དག་མཆན་མཚན་རྟགས་ངོས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ༌། ཤེས་གླིང་ལས་ཁུངས་ནས་ཕྱི་ལོ་༢༠༡༠ ཟླ་༤ ཚེ་༡༢ ལ།
Director
Sherab Gatsel Lobling
P.O Khanyara Distt.Kangra
Dharamsala (H.P) 176218 India
Email: soga27@yahoo.co.in

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།