བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡོངས་ཁྱབ་རྩོམ་ཡིག་འགྲན་སྡུར་གསལ་བསྒྲགས།

༄༅། རྒྱལ་གཅེས་མཁྱེན་རྒྱ་ཡངས་པའི་རང་རིགས་སྨྱུག་ཐོག་པ་ཡོངས་ལ།

ཆེད་ཞུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་བཞིའི་ནང་དུ། བོད་ཀྱི་ཐུན་མིན་ངོ་བོ་མཚོན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང༌། ཡོངས་ཁྱབ་ཏུ་སྤེལ་རྒྱུ་ཞེས་འཁོད་ཡོད་པ་བཞིན། ད་བར་དེའི་ཐད་དབུས་ས་གཉིས་ཀྱིས་ལས་དོན་ཇི་སྙེད་ཅིག་འབད་སྒྲུབ་ཞུ་མུས་ཐོག གཞོན་ལྷན་གྱི་ཚོགས་ཆེན་སྐབས་ ༡༣ པ་དང༌།

དེ་བཞིན་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པ་གཉིས་ཀྱི་གྲོས་ཆོད་ལྟར།  

འདི་ལོར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་གཉེར་བའི་དབར་དང༌། དེ་མིན་སྤྱི་ཡོངས་བོད་རིགས་སྨྱུག་ཐོག་པ་ཡོངས་ཀྱི་དབར་བོད་ཡིག་ཐོག་ཡོངས་ཁྱབ་རྩོམ་བྲིས་འགྲན་བསྡུར་ཞིག་བྱ་གཏན་འཁེལ་ཡོད།

དེ་ཡང་ས་གནས་གཞོན་ནུ་བརྒྱུད་བཀོད་ཁྱབ་དང་ལས་འཆར་སྔོན་སོང་བཞིན། ཁྱོན་བསྡོམས་སློབ་གྲྭ་རེ་ནས་སློབ་ཕྲུག་དྲུག་མཉམ་ཞུགས་ཀྱིས་འགྲན་སྡུར་ཞུས་པའི་རྩོམ་ཡིག་རྣམས། ས་གཞོན་ཁག་སོ་སོས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༥ གོང་དུ་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་ངེས་འབྱོར་ཐུབ་པ་དགོས།

སློབ་གྲ་ནང་ཁུལ་གྱི་རྩོམ་འགྲན་ཨང་དང་པོ་ལ་བྱ་དགའ་ཧིན་སྒོར་  ༡༠༠༠༠།༠༠ དང༌། ཨང་གཉིས་པ་ལ་བྱ་དགའ་ཧིན་སྒོར་  ༧༠༠༠།༠༠ ཨང་གསུམ་པ་ལ་བྱ་དགའ་ཧིན་སྒོར་ ༥༠༠༠།༠༠། དང་ཕྱག་འཁྱེར་བཅས་འབུལ་རྒྱུ་ཡིན།

ཡོངས་ཁྱབ་རྩོམ་འགྲན་གྱི་རྩོམ་ཡིག་རྣམས་འདི་ལོའི་ཕྱི་ཟླ་ ༥  ཚེས་ ༢༥ ནང་ཚུད་འདི་གའི་སྤྱི་ཁྱབ་ཡིག་ཚང་དུ་གཤམ་གསལ་ཁ་བྱང་དུ་ཕུལ་འབྱོར་ཐུབ་པ་དགོས་ཤིང༌། ཡོངས་ཁྱབ་རྩོམ་འགྲན་བྱ་དགའ་ཨང་དང་པོར་ཧིན་སྒོར་སུམ་ཁྲི་དང༌། ཨང་གཉིས་པ་ལ་ཧིན་སྒོར་ཉིས་ཁྲི། ཨང་གསུམ་པར་ཧིན་སྒོར་ཆིག་ཁྲི་དང་ཕྱག་འཁྱེར་བཅས་འབུལ་རྒྱུ་ཡིན།

རྩོམ་བྲིས་དཔྱད་འདེམས་པ། ནོར་ཝེ་གློག་འཕྲིན་ཁང་གི་རྩོམ་སྒྲིག་པ་ན་རྫི་ཀརྨ་ཡེ་ཤེས་ལགས་དང༌། བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས། བོད་ཀྱི་དུས་བབ་རྩོམ་པ་སྒྲིག་པ་ལུང་རིགས་རྒྱལ་ལགས། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས། ཤེས་རིག་གི་ཉམས་ཞིབ་པ་ཆུང་ཚེ་རིང་ལགས་བཅས་ཡིན།

རྩོམ་ཡིག་རྣམས་འདིར་འབྱོར་རྗེས་དཔྱད་འདེམས་པ་ཁག་ལ་འབུལ་སྐབས་རྩོམ་ཡིག་སོ་སོའི་ཨང་གྲངས་ལས། རྩོམ་པ་པོ་སོ་སོའི་མིང་འགོད་རྒྱུ་མིན་པ་དང༌། དཔྱད་འདེམས་པའི་ཐག་གཅོད་ནི་མཐའ་མའི་ཐག་གཅོད་ལ་རྩ་འཛིན་ཞུ་རྒྱུ་ཡིན།

སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་རྩོམ་ཡིག་ཁག་ལ་དཔྱད་འདེམས་གྲུབ་རྗེས་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གཟེངས་བསྟོད་ཀྱི་བྱ་དགའ་འབུལ་རྒྱུ་ཡིན།

ཀ༽    སློབ་གྲ་ནང་ཁུལ་གྱི་རྩོམ་འགྲན་བརྗོད་གཞི་ཁག་ནི།  
འཛིན་རིམ་གསུམ་པ་ནས་དྲུག་པ་བར།  བོད་ཡིག་ནི་རིག་གཞུང་གི་སྲོག་རྩ་ཡིན།
འཛིན་རིམ་བདུན་པ་ནས་དགུ་པ་བར། མ་འོངས་བོད་ཀྱི་སོན་རྩ་དང༌། དེའི་འགན་འཁུར།
འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར། ངའི་འཆར་སྣང་གི་མ་འོངས་པའི་བོད་དམ། བོད་ཀྱི་མ་འོངས་པའི་མདུན་ལམ་དང༌། ད་ལྟའི་མི་རབས་ཀྱི་བསམ་སྤྱོད།
ཁ༽    ཡོངས་ཁྱབ་རྩོམ་འགྲན་གྱི་བརྗོད་གཞི།
༡། ང་ཚོས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་ཇི་ལྟར་བྱ་དགོས་སམ། ཞེས་པའམ་ཡང་ན། ༢།  མི་རབས་གསར་པའི་ནང་རྒྱལ་གཅེས་ཀྱི་ནུས་པ་སྔར་ལྷག་གོང་སྤེལ་གཏོང་ཐབས་ཞེས་པའི་བརྗོད་གཞི་གང་རུང་ནས་གདམས་དགོས།
དེ་དོན་སྨྱུག་འཛིན་པ་ཡོངས་ནས་རང་གི་འགན་འཁུར་དང་རིག་གཞུང་ལ་གཅེས་འཛིན་གྱིས་དངོས་སུ་ཆ་ཤས་ལེན་གནང་དགོས་པའི་གསལ་བརྡ་རུ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།