སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས།

༑ ཕྱོགས་མཐའ་ཁག་ལ་ཕེབས་བཞུགས་གནང་བཞིན་པའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བསླབ་པ་མཐར་སོན་པ་དང་སློབ་གཉེར་བ་ཡོངས་ལ་ཆེད་གསོལ། སྔ་སྲོལ་བཟང་པོ་མི་ཉམས་རྒྱུན་སྐྱོང་གི་ཐོག་ནས་སྟོན་པའི་འདས་ལོ་ ༢༥༥༤ སྤྱི་ལོ་ ༢༠༡༠ བོད་རྒྱལ་ལོ་ ༢༡༣༧ རབ་གནས་ལྕགས་ཕོ་སྟག་ལོའི་བོད་ཟླ་ ༩ པའི་ཚེས་ ༢༢ རྒྱལ་བ་ལྷ་

ལས་བབ་པའི་དུས་ཆེན་ཁྱད་པར་ཅན་གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཉིན། འཕགས་ཡུལ་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། ༸སྐྱབས་རྗེ་ཞིང་གཤེགས་དམ་པ་༸གྲུབ་དབང་ཡིད་བཞིན་ནོར་བུ་མཆོག་གི་ཐུགས་བསྐྱེད་བླ་མེད་ལས་འཁྲུངས་པའི་ཆོས་ཀྱི་བསྟི་གནས་ཆེན་པོ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་འཛིན་རིམ་བཞི་པ་མཐར་སོན་པ་རྣམས་ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་དང། འཛིན་རིམ་དྲུག་པ་མཐར་སོན་པ་་རྣམས་ལ་ཕར་ཕྱིན་རབ་འབྱམས་པ། འཛིན་རིམ་དགུ་པའི་བསླབ་པ་མཐར་སོན་པ་རྣམས་ལ་ངེས་གསང་ལེགས་བཤད་མཛོད་འཆང་བཅས་ཀྱི་ཕྱག་ཁྱེར་རྣམས། སོ་སོའི་གནས་བབ་དང་བསྟུན་ནས་འབུལ་བའི་ཀུན་ཏུ་ཤིས་པའི་རྟེན་འབྲེལ་མཛད་སྒོ་འཛུགས་རྒྱུ་གཏན་ཁེལ་བ་ལགས་ན། ཕྱག་ཁྱེར་རེར་བཟོ་རྒྱུའི་ཆེད་དུ་ཕྱི་བསྐྱོད་ལག་འཁྱེར་ཚད་ཅན་གྱི་སྐུ་པར་གཉིས་རེ་ལས་མི་ཉུང་བ་འདི་ག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་ཡིག་ཚང་དུ་བོད་ཟླ་ ༧ ཚེས་ ༢༢ སྤྱི་ཟླ་ ༨ ཚེས་ ༣༡ ལས་མ་འགྱངས་པར་ངེས་འཕྲོད་ཡོད་པ་བྱེད་རྒྱུ་དང་། གོང་གསལ་མཛད་སྒོ་དངོས་གཞི་སྐབས་ངོས་བཅར་དགོས་རྒྱུ་ལས་མངག་བཏམ་སོགས་མི་ཆོག་པས་སྐུ་ཉིད་མཆོག་ཐུགས་བྲེལ་དང་སྐུ་ངལ་ལ་འཛེམས་མེད་ཐོག་ངེས་ཕེབས་ཡོང་བ་ཞུ།

སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཡིག་ཚང་ནས། སྤྱི་ལོ་ ༢༠༡༠ ཟླ་བ་ ༥ ཚེས་ ༡༡ ལ།

འབྲེལ་བ་གནང་ཡུལ།

Address: N.N.I Office,
Ngahyur Nyingma Institute
P.O. Bylakuppe-571104
Mysore Distt, Karnataka State
South India.
Contact   No: 0091-0-9632394601
E-mail: nninstitute1978@yahoo.com

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།