བོད་གཞུང་སྨན་རྩིས་ཁང་གི་ལས་བྱེད་གསར་བསྡུའི་གསལ་བསྒྲགས།
༄༅། བོད་གཞུང་སྨན་རྩིས་ཁང་གི་ཁྱབ་ཁོངས་ཡན་ལག་སྨན་ཁང་ཁག་ཏུ་སྨན་སྤྲོད་རྩིས་པའི་ས་མིག་ཏུ་ལས་བྱེད་གསར་འདེམས་ཞུ་རྒྱུ་ཡིན་ན། འཛུལ་ཞུགས་བྱ་བློ་ཡོད་རིགས་རྣམས་ནས་སྨན་རྩིས་ཁང་གི་འཛིན་སྐྱོང་ཡིག་ཚང་དུ་འཚང་སྙན་འབུལ་དགོས། འཚང་སྙན་འགེངས་ཤོག་སྨན་རྩིས་ཁང་གི་དྲྭ་རྒྱ་ནས་པར་བཤུས་གནང་འཐུས་དང༌།
དེ་མིན་ས་གནས་གཞིས་འགོ་ཁག་གི་གློག་འཕྲིན་བརྒྱུད་པར་བཤུས་བྱ་ཆོག་པ་དང༌། དབུས་སྨན་རྩིས་ཁང་ཡིག་ཚང་ནས་བཞེས་ཆོག་པ་ཡིན། འཚང་སྙན་ ༢༠༡༠ ཟླ་ ༠༨ ཚེས་ ༡༠ ནང་ཚུན་འབུལ་ཐུབ་པ་དགོས།
ཀ༽ ཤེས་ཚད་ཆ་རྐྱེན་དུ་དམའ་མཐར་འཛིན་རིམ་༡༢ ཐོན་པའམ་དེ་དང་འདྲ་མཚུངས་ཀྱི་ཤེས་ཚད་ལག་འཁྱེར་ཡོད་དགོས་པའི་ཐོག་ཀློག་ཀླད་བེད་སྤྱོད་ཤེས་དགོས་པ་དང༌། དེ་མིན་ཆ་རྐྱེན་ཇི་དགོས་འཚང་སྙན་འགེངས་ཤོག་ནང་གསལ་བཞིན་འཐུས་གཙང་ཞུ་དགོས།
ཁ༽ ལས་བྱེད་གནས་རིམ་༩ པར་བསྐོ་བཞག་བྱ་རྒྱུ། སྒྲིག་གསལ་ཐོབ་ཐང་ཁག་དང་ཕོགས་ཐོབ་ཟླ་རེར་སྒོར་ ༩༣༩༡།༤༤ ཡོད།
ག༽ འདེམས་རྒྱུགས་གནང་ཡུལ། སྦེལ་སྐོབ་གཞིས་གྲོང་དང་པོ། ས་ལུ་སྒ་ར་ཡན་ལག་སྨན་ཁང༌། ལ་དྭགས་སྨན་རྩིས་རིག་གཞུང་བསྟི་གནས་ཁང༌། དབུས་རྡ་ས་སྨན་རྩིས་ཁང་བཅས་ཡིན།
ང་༽ འདེམས་རྒྱུགས་བོད་ཡིག་དང་དབྱིན་ཡིག ཨང་རྩིས་བཅས་ཀྱི་གནས་ཚད་ཐོག་ཡིག་རྒྱུགས་ལེན་རྒྱུ་ཡིན།
ཅ༽ འདེམས་རྒྱུགས་འཕྲོད་པའི་ཁོངས་ནས་ཨང་རིམ་བཞིན་ལས་བཀོད་བྱ་རྒྱུ་དང༌། ལས་བཀོད་མ་བྱས་སྔོན་སྨན་རྩིས་ཁང་གི་འགྲོ་གྲོན་ཐོག་ཕྱི་ལུགས་སྨན་ཁང་ཚད་ལྡན་ཞིག་ཏུ་བརྟག་དཔྱད་ཞུ་རྒྱུ་ཡིན།
ཆ༽ སྨན་རྩིས་ཁང་དུ་ཉུང་མཐར་ལོ་ལྔ་ཞབས་ཞུ་གནང་དགོས་པ་ལས་བོད་གཞུང་སྲི་ཞུ་བའི་འདེམས་རྒྱུགས་ཁོངས་ཞུགས་པ་དང༌། ཕྱི་རྒྱལ་དུ་བསྐྱོད་དེ་རྩ་དགོངས་ཞུ་བའི་རིགས་གནང་རྒྱུ་མིན་པར་གཉིས་མོས་ཆོད་གན་བཞག་རྗེས་ཟླ་དྲུག་ཚོད་ལྟའི་ལས་བྱེད་ཁོངས་སུ་ལས་བཀོད་བྱ་རྒྱུ་ཡིན།
བོད་གཞུང་སྨན་རྩིས་ཁང་ནས་ ༢༠༡༠ ཟླ་ ༠༦ ཚེས་ ༠༢ ལ།། །།
དྲུང་ཆེ།