ངས་གཞན་ལ་ལག་པ་བརྐྱངས། ངའི་བྱིས་པས་གཞན་ལ་ཁ་གདངས་བ།
སའི་གོ་ལ་ཡི་ཡང་རྩེ་ན།
རླབས་ཆེན་གྱི་མི་རིགས་ཞིག་ཡོད།
ང་ཚོ་ཡི་བོད་མི་རིགས་དེར།
གཏིང་ཟབ་པའི་རིག་གཞུང་ཞིག་གྲུབ།
ང་ཚོའི་བོད་ཀྱི་རིག་གཞུང་དེར།
བླ་སྲོག་བཞིན་སྐད་ཡིག་ཞིག་བྱུང་།
སྐད་ཡིག་སྤྱོད་པའི་གནས་དེ་ན།
ང་ཚོའི་བོད་གཞུང་ཞེས་པ་དེ་ཡོད།
མི་རིགས། རིག་གཞུང་། སྐད་ཡིག་ལྡན་པའི།
བོད་གཞུང་དེའི།
རྒྱལ་ཁབ་ནི་རྒྱ་ནག་གིས་བཛན་བཟུང་བྱེད་པ་མ་ཟད།
ད་དུང་།
ང་ཚོ་སྐྱབས་བཅོལ་བ་ནས་བུ་ཕྲུག་ཀྱང་སྐྱབས་བཅོས་བར་ཆགས།
དེ་དག་གི་བུ་རྒྱུད་དེ། ཚ་བུ་ཚ་མོ་ཀྱང་སྐྱབས་བཅོས་བར་འགྱུར།
ཁོང་ཚོར་མི་སེར་གྱི་ཐོབ་ཐང་ཡང་མེད་པ་མ་ཟད།
ད་དུང་།
མི་རབས་ནས་མི་རབས་བར་དུ་དཀའ་སྡུག་མྱོང་དགོས་སོང་།
བུ་ཕྲུག་ཚོས།
ས་ནག་འདོམ་ལ་འཇལ་ནས་ས་མཐར་འགྲིམ་དགོས་པ་རེད།
གཞན་གྱི
བུ་ཕྲུག་དགའ་ཞིང་སྤྲོ་བའི་རྩེད་མོ་ལ་རོལ་བཞིན་བའི་ཚེ།
ང་ཡི་བྱིས་པར་དྲི་ནག་སོར་གང་ཆགས་ནས་སྡུག་བསྔལ་མྱངས།
དེ་མིན།
ཡ་ཁར་སྣབ་ལུད་འདོམ་གང་དྲུད་ནས་གཞན་ལ་ཁ་གདངསས།
སྐབས་དེའི་སུ།
གཞན་གྱི་བུ་ཕྲུག་རྣམས་ཀྱིས་ཁོང་ཚོར་ཇི་ལྟར་ལྟ།
གཞན་གྱི་བྱིས་པ་འདི་དག་གིས།
ང་ཚོའི་བྱིས་པ་ཚོར་བདག་རྒྱག་གི་རེད་དམ།
བང་ཆེན་དྲ་རྒྱའི་ཐོག་གི་འབྲི་མོའི་ཟིན་བྲིས་ལས་བཤུས།