ལྡི་ལི་བོད་ཁང་གི་དཔེ་དེབ་པར་སྐྲུན་གསལ་བསྒྲགས།

ཐང་སག་པ་དངོས་གྲུབ་རྒྱ་མཚོས་མཛད་པའི་“འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་ཡོངས་འཛིན་བླ་མའི་གསུང་བཞིན་འཁྲུལ་མེད་ཟིན་བྲིས་སུ་བཀོད་པ་”ཞེས་པ་ད་ལམ་སྤྱི་ནོར་ྋགོང་ས་ྋརྒྱལ་བའི་དབང་པོ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་རྟེན་འབྱུང་སླད་དང༌།

ཆོས་འདི་དོན་གཉེར་ཅན་རྣམས་ལ་མཁོ་ཕན་ཆེད་པར་སྐྲུན་ཞུས་ཡོད་པ་མངགས་ཞུ་གནང་འདོད་མཆིས་རིགས་རྣམས་ནས་གཤམ་གསལ་ཁ་བྱང་ཐོག་བཀའ་མངགས་གནང་འཐུས། དེབ་རེར་སྒོར་ ༡༥༠

གཞན་ཡང་འདི་གའི་རྒྱུན་ལྡན་དེབ་འཕྲེང་ཟ་མ་ཏོག་དགུ་པ་ཉེ་ཆར་ཐོན་པའི་ནང༌།

•    ར་སྟོད་མཁན་རིན་པོ་ཆེ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་བརྩམས་པའི་སླར་བསྡུའི་དྭོགས་གཅོད་མིག་འབྱེད་གསེར་ཐུར།
•    ཨཱཙཱརྱ་རྒྱལ་མཚན་རྣམ་གྲོལ་གྱིས་བྲིས་པ་གསང་འདུས་རྩ་རྒྱུད་ལེའུ་དྲུག་པར་སྒོ་གསུམ་ཐུན་མོང་དུ་བྱིན་གྱིས་བརླབ་པའི་སྔགས་དེ་ཡོད་མེད་ལ་དཔྱད་པ་རྒྱུད་གཞུང་ཁོག་འབུགས།
•    ཉི་ཟླ་ལྕེ་ནག་ཚང་གིས་མཛད་པའི་སྨན་ཆོས་ཟུང་འབྲེལ་ལ་དཔྱད་པ།
•    ཨཱཙཱརྱ་ཚུལ་ཁྲིམས་རྒྱ་མཚོས་བྲིས་པ་ྋགོང་ས་མཆོག་གིས་ལ་དྭགས་སུ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་གདམས་པ་སྩལ་བའི་དྲན་རྟེན་རྙོགས་མེད་ཡིད་མཚོར་ཤར་བའི་ཟླ་གཟུགས།
•    བོད་ཁང་དུ་བརྩོན་འགྲུས་སངས་རྒྱས་སོགས་ཀྱིས་བསྒྲིགས་པ་བོད་ཀྱི་ཕྱག་དཔེའི་དཀར་ཆག་སྒྲིག་འགོད་བྱེད་ཚུལ་ལམ་གསལ་སྒྲོན་མེ་བཅས་འཁོད་ཡོད་པ་ཡང་གོང་གསལ་ལྟར་མངགས་འཐུས། དེབ་རེར་སྒོར་ ༢༠༠
གཞན་ཡང་ཐུགས་སྣང་གནང་རྒྱུ་ཞིག་ལ། འདི་གའི་དཔེ་དེབ་རྣམས་ས་གནས་སོ་སོར་འགྲེམས་སྤེལ་བྱེད་པོ་ཁག་དགོས་པ་སྔ་འཕྲོས།
༡་ དྷ་ས། ༢་ ལྡི་ལི་བོད་སྒར། ༣་ བེལ་ཀོབ་ཁུལ་གཞིས་སྒར་ཁག ༤་ མོན་གོ་གཞིས་སྒར།
བཅས་སུ་འགོ་འཛུགས་བྱ་རྒྱུར་དེ་དོན་དེབ་ཚོང་ཁང་སོགས་ནས་ཆ་རྐྱེན་སྐོར་འདི་གར་གནས་འབྲེལ་ཡོད་པར་ཞུ།                  ལྡི་ལི་བོད་ཁང་ནས།
Publication Incharge
Tibet House

1, Institutional Area, Lodhi Road
New Delhi – 110003 INDIA
Tel: 91 11 24611515
Fax: 91 11 24625536
Email: tibethouse@airtelmail.in

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།