༈ གསལ་བསྒྲགས།
༄༅།། ནང་ཆོས་དང་འབྲེལ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ནི་ཆོས་ཀྱི་བྱེད་སྒོ་འབའ་ཞིག་ཡིན་པས། དེ་ལ་ཆབ་སྲིད་ཀྱི་འབྲེལ་བ་གཏན་ནས་མེད་ཀྱང། ཆོས་ཀྱི་གནས་ལུགས་དང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་སྲིད་དོན་གྱི་ཚོགས་པ་གུང་ཁྲན་ཏང་གིས། བོད་ཀྱི་རྒྱལ་སྤྲུལ་འབྲས་བློ་གླིང་སྡེ་དྲུག་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་པ་འདི་ནི།
གུང་ཁྲན་ཏང་རང་གི་ལྟ་བ་དང་དངོས་སུ་འགལ་བ་དང། བོད་མི་རིགས་ཀྱི་ནང་ཆོས་ཀྱི་སྲོལ་རྒྱུན་རྩ་གཏོར་དང། བོད་མི་རིགས་ལ་མཐོང་ཆུང། དམའ་འབེབས། སྲིད་དོན་གྱི་བྱེད་ལུགས་ཤིན་ཏུ་ངན་པ་ཞིག་ཡིན་པས། དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།
མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ནས། ༢༠༡༠ ཟླ་༧ ཚེས་༡༠ ལ།།