བཀའ་ཁྲིའི་འོས་གཞི་བློ་བཟང་སྦྱིན་པ།
སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ་ལགས་གཞོན་སྐྱེས་ཁག་ཅིག་གིས་བཀའ་ཁྲིའི་འོས་མིར་ཁྱབ་བསྒྲགས་བྱས་འདུག ༼གླ་ཡོད་གསལ་བསྒྲགས།༽
༄༅།། སྐུ་སྒེར་དྲུང་ཆེ་ཟུར་པ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་ནི་ཕྱི་ལོ་༡༩༥༡ ལོར་བོད་མདོ་སྟོད་ཚ་བ་མཛོ་སྒང་ཁུལ་དུ་འཁྲུངས་ཤིང།
ཕྱི་ལོ་༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་ཐོག་མར་མ་སུ་རི་གཏན་སློབ་ནས་ཕྱི་ལོ་༡༩༧༣ ལོར་གཞི་རིམ་སློབ་ཐོན་བྱུང། སློབ་གྲྭར་བཞུགས་རིང་རྒན་བདག་སོགས་གནང་སྟེ་སློབ་གྲོགས་ཚང་མས་པ་ལགས་ཞེས་ཚང་མས་དགའ་མོས་ཞུ་ཡུལ་ཞིག་ཀྱང་ཡིན། གཞི་རིམ་སློབ་ཐོན་རྗེས་ཅན་རྡི་སྒར་པཱན་འཇབ་མཐོ་སློབ་ནང་སློབ་གཉེར་གནང་སྟེ། སྦི་ཨེ་ཐོན་རྗེས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་གནང། ཅན་རྡི་སྒར་དང་རྡ་སར་བཞུགས་རྒྱུན་རིང་གཞོན་ནུའི་ལས་འགུལ་ནང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར་བརྟེན། ཕྱི་ལོ་༡༩༧༧ ནས་༡༩༨༣ བར་གཞོན་ནུའི་དབུས་རྒྱུན་ལས་སྐབས་གཉིས་བསྟུད་མར་འདེམས་ཐོན་བྱུང་སྟེ་དབུས་རྒྱུན་ཚོགས་གཙོ་ཡང་གནང་བ་དང། ཚོགས་གཙོ་འཁྱུར་རྗེས་གཞོན་ནུའི་སློབ་སྟོན་པར་ཡང་བསྐོ་བཞག་བྱུང་ཡོད།
ཕྱི་ལོ་༡༩༨༢ ལོར་བོད་དུ་༧གོང་ས་མཆོག་གི་སྐུ་ཚབ་ཐེངས་གཉིས་པའི་ཁོངས་སུའང་ཕེབས་པ་སོགས་གང་སྤྱིའི་མཉམ་མྱོང་དང་ཆ་རྐྱེན་ལ་གཞིགས་ཏེ། ཕྱི་ལོ་༡༩༨༨ ནས་༡༩༩༡ བར་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་དང། བལ་ཡུལ་སྐུ་ཚབ་དོན་གཅོད། སྐུ་སྒེར་དྲུང་ཆེ། མཛད་རྣམ་སྡེ་ཚན་སོགས་ཀྱི་གལ་གནད་ཆེ་བའི་ལས་གནས་རིམ་པའི་ནང་ཁྱོན་མི་ལོ་༣༤ ཙམ་རིང་ཕྱག་ལས་གནང་བའི་ཉམས་མྱོང་ཐོག་ལྷག་བསམ་དང་དྲང་ཚུགས་ལྡན་ཞིང། ཤེས་འཇོན་གཉིས་ལྡན་གྱི་གཞུང་ཞབས་ཟུར་པ་ཞིག་ཡིན་པ་དང། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ལའང་ཐུགས་མངའ་ཟབ་པས་རྒྱལ་རབས་དང། ནང་ཆོས་སོགས་ཀྱི་སྐོར་ཕྱག་དེབ་འགའ་ཤས་ཀྱང་སྔ་རྗེས་སུ་ལྗགས་རྩོམ་གནང་ཡོད། གཞུང་ཞབས་ནས་བགྲེས་ཡོལ་རྗེས་དེང་སྐབས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་དུ་བཞུགས་ཡོད་པའི་ལོ་རྒྱུས་སྙིང་བསྡུས་ཙམ་ངོ་སྤྲོད་ཞུས་པ་ལགས་ན། རྒྱ་ཆེའི་མི་མང་གིས་སྐབས་གསུམ་པའི་བཀའ་ཁྲི་རུ་ཁོང་ལ་འོས་འཕེན་ཡོང་བ་ཞུ་བཞིན་ཡོད།
བྷེང་ལོར་མཐོ་རིམ་སློབ་གྲྭ་M.B.A རུ་སློབ་སྦྱོང་བྱེད་བཞིན་པ་བསྟན་འཛིན་ནོར་བཟང། བྷེང་ལོར་མཐོ་རིམ་སློབ་གྲྭ་ནས་M.COM ཐོན་པ། ད་ལྟའི་ཆར་བྷེང་ལོར་ཨ་རིའི་དངུལ་ཁང་ནང་སྡེ་ཚན་འགན་འཛིན་གྱི་ལས་དོན་སྒྲུབ་བཞིན་པ་བསྟན་འཛིན་བདེ་ཆེན་ཐུན་མོང་ནས།{jcomments on}