ཛ་དྲག་གི་རེ་སྐུལ་གསལ་བསྒྲགས།
༄༅། །གཏོང་ཕོད་ལྷག་བསམ་གྱིས་ཕྱུག་པའི་རང་རིགས་སེར་སྐྱ་བགྲེས་གཞོན་ཡོངས་ཀྱི་ྋསྙན་ལམ་དུ།
ཕྲན་ཌེ་ར་ལྡུན་གནས་སྡོད་ཚེ་རིང་དོན་གྲུབ་ཀྱིས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་གསོལ། ཕྲན་རང་སྔོན་ལས་ལྡོག་མེད་ལྟ་བུས་མཁལ་མའི་ནད་གཞི་དོད་དྲག་གིས་མནར་ཏེ་
ལོ་འགའི་སྔོན་མཁལ་ནད་བཅོས་ཐབས་ཆེད་ཕྱི་ནང་སྨན་གཏུགས་དང༌། རྒྱབ་རྟེན་ཞབས་རིམ་འཁོས་དཔག་ཇི་ལྟར་བསྒྲུབས་ཀྱང་ཕན་བསྐྱེད་མེད་པར་མཁལ་མ་གཉིས་ཀ་བེད་མེད་དུ་གྱུར་རྐྱེན་གྱིས་ད་ཆ་འཆི་གསོན་གཉིས་ཀྱི་མཚམས་སུ་སླེབས་ཡོད་པར་བརྟེན། སྨན་པས་ཀྱང་དལ་རྟེན་མི་ལུས་ཡུན་འཚོ་ཐུབ་ཆེད་མཁལ་ཚབ་ཅིག་འཛུགས་ཐབས་བྱ་དགོས་གལ་ནན་ལམ་སྟོན་བཀའ་སློབ་གནང་བྱུང་ཡང༌། རང་གི་ཁྱིམ་ཚང་གནས་སྟངས་སྟེང་སྐབས་ཐོག་གྲུབ་དཀའ་བར་རྒྱ་ཆེའི་རང་རིགས་གཏོང་ཕོད་ཅན་རྣམས་ནས་གུས་པར་སྙིང་རྗེ་བྱམས་གཟིགས་དགོངས་ཡངས་གང་ཆེས་མཁལ་ཚབ་གཅིག་ཞལ་འདེབས་སུ་གང་མྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་གསོལ་འདེབས་སྙིང་ཐག་པ་ནས་ཞུ་རྒྱུ་དང༌། རང་ཉིད་ནས་ཀྱང་མཁལ་ཚབ་དེ་ལ་བརྟེན་པའི་ནམ་འཚོའི་རིང་ལྷག་བསམ་སྤྱི་དོན་སྲི་ཞུ་དང༌། རྣམ་དཀར་གྱི་བྱ་བར་ལྷག་བརྩོན་ཆེ་བསྐྱེད་མཁལ་མའི་སྦྱིན་བདག་སུ་ཡིན་དེའི་བཀྲིན་སྙིང་བཅང་ཞུས་ཆོག་པ་བཅས་གོང་མིང་པས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་༤ ལ།
ཟུར་བརྗོད།
ནད་པའི་མིང༌། ཚེ་རིང་དོན་གྲུབ།
རང་ལོ། ༥༠
མཁལ་མ་གཏོང་ཕོད་ཅན། རང་ལོ་ ༡༨ ཡན།
ཁྲག་གི་སྡེ་ཚན།
འབྲེལ་གཏུགས་བྱེད་ཡུལ་ཁ་བྱང༌། བློ་བཟང་དོན་གྲུབ།
སངས་རྒྱས་སྨན་བླ་ནད་པའི་རོགས་ཚོགས། ཅན་ཌི་གར།
ཁ་པར་ཨང༌། ༩༨༨༨༦༦༦༠༤༩ ༩༩༡༡༥༤༠༢༧༧
༩༤༡༠༡༨༦༢༡༤ ༩༩༩༧༥༠༡༦༥༥