སེ་ར་བྱེས་སྨད་གཉིས་ཀྱི་ཤེས་ལྡན་སློབ་གཉེར་བ་བཀའ་སྤྱི་འོས་འདོོན་དྭང་བླངས་ཚོགས་པ་ནས་སྤེལ་བའི་འོས་མི།
སེ་ར་བྱེས་སྨད་གཉིས་ཀྱི་ཤེས་ལྡན་སློབ་གཉེར་བ་བཀའ་སྤྱི་འོས་འདོན་དྭང་བླངས་ཚོགས་པ་ནས་སྤེལ་བའི་འོས་མི།
དགེ་ལུགས་སྤྱི་འཐུས་འོས་དམིགས།
ཨང། མཚན་གཞུང་། ལས་གནས། ལུང་ཚན།
༡ བློ་གླིང་ཟམ་གདོང་བློ་བཟང་བསྟན་འཛིན། བཀའ་བློན་ཁྲི་པ། འཇོལ་པ།
༢ ཤར་རྩེ་དགེ་བཤེས་ངག་དབང་བསམ་གཏན། ཝཱ་ཎ་མཐོ་སློབ་ཁང་གི་ཉེ་བའི་རིཊ་བདག ། དགོངས་ཞུ། རྡོ་མཁར།
༣ སྒོ་མང་ཨ་བཀྲུག་ཚེ་བརྟན། འདོད་རྒུ་གླིང་ཆུ་སྒང་དྲུང་ཆེ། ལི་ཐང།
༤ སེར་བྱེས་རོང་པོ་བློ་བཟང་སྙན་གྲགས། ༸གོང་ས་མཆོག་གི་བཀའ་འབུམ་ཞུ་སྒྲིག་འགན་འཛིན། རྩོམ་པ་པོ། སྤྱི་ཟུར། རོང་པོ།
མདོ་སྟོད་སྤྱི་འཐུས་འོས་དམིགས།
ཨང་། མཚན་གཞུང་། ལས་གནས། ལུང་ཚན།
༡ བཀྲ་ཤིས་དབང་འདུས། ལྡི་ལི་དོན་ཁང་གི་དྲུང་ཟུར། སྦྲ་ཆེན།
༢ སྐལ་བཟང་རྒྱལ་མཚན། སྤྱི་འཐུས་དང་བོད་རྒྱ་ཉམས་ཞིབ་པ། འབའ་པ།
༣ གངས་ལྷ་མོ། (བེུད་) བང་ཆེན་གསར་འགོད་པ་དང་རྒྱ་ཡིག་དྲ་རྒྱའི་སྡེ་ཚན་གྱི་འགན་འཛིན། བྲག་གཡབ།
༤ ཆོས་སྐྱོང་དབང་ཕྱུག སྤྱི་འཐུས་དང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན། རྒ་པ།
༥ དབུ་དཀར་ཚང་གཡུ་སྒྲོན།བུད་མེད། སྤྱི་འཐུས་ལས་ཐོག ཆབ་མདོ།
༦ ཚེ་རིང་དབང་ཕྱུག བཀའ་ཤག་གི་དྲུང་ཡིག། རྨ་ཁམས།
༧ འཇམ་དབྱངས་བཟོད་པ། བང་ཆེན་གསར་འགོད་པ་དང་རྒྱལ་སྤྱིའི་ལོ་རྒྱུས་སྒྱུར་སྒྲིག་པ། ལི་ཐང།
༨ བསྟན་འཛིན་ནོར་བུ། ཚོགས་དྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ། ཏྲེ་ཧོར།
༩ བློ་བཟང་ཡེ་ཤེས། དབུས་གཞོན་ཚོགས་གཞོན་ཟུར་པ་དང་ཆབ་སྲིད་ཉམས་ཞིབ་པ། ཚ་བ།
༡༠ བདེ་བ་ཚང་རྡོ་རྗེ་དབང་འདུས། སྤྱི་འཐུས་ལས་ཐོག་དང་མདོ་སྟོད་དབུས་རྒྱུན་ལས། ལི་ཐང།
༡༡ བཀའ་བློན་ཚེ་རིང་ཕུན་ཚོགས།དགོངས་ཞུ། ཆོས་དོན་བཀའ་བློན། སྡེ་དགེ
༡༢ ཚེ་དབང་བསྟན་འཛིན། ALICE སློབ་གྲྭའི་སྤྱི་ཁྱབ་གཙོ་འཛིན། སྡེ་དགེ
༡༣ དགེ་ལེགས་འབྱུང་གནས། ས་གཞོན་ཚོགས་གཞོན་ཟུར་པ། ས་གནས་རོཊ་རི་ཚོགས་པའི་ཚོགས་གཞོན། སོག་རྫོང་།
༡༤ བསོད་ནམས་དབང་འདུས། ཧ་བལ་པུར་སློབ་གྲྭའི་འགན་འཛིན། དཔའ་ཤོད།
༡༥ བསོད་ནམས་རྡོ་རྗེ། ལུགས་བསམ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། བྲག་འགོ
དབུས་གཙང་སྤྱི་འཐུས་ཀྱི་འོས་མི།
ཨང་། མཚན་གཞུང་། ལས་གནས། ལུང་ཚན།
༡ ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་ལས་ཐོག མངའ་རིས།
༢ བྱ་ཉལ་ཚེ་རིང་ལྷ་སྐྱབས། ས་གཞོན་ཚོགས་གཙོ་ཟུར་པ། རྒྱང་རྩེ་ཉིང་རུ།
༣ ན་ག་སངས་རྒྱས་བསྟན་དར། དགོངས་ཞུ། བོད་གཞུང་དཔེ་མཛོད་ནང་གི་བོད་ཡིག་སྡེ་ཚན་གྱི་འགན་འཛིན། སྟོད་པ།
༤ འཆི་མེད་གཡུང་དྲུང་། རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ། མངའ་རིས།
༥ ཀརྨ་ཡེ་ཤེས། སྤྱི་འཐུས་ལས་ཐོག ས་སྐྱ།
༦ བློ་བཟང་རྡོ་རྗེ། སྦེལ་ཀོབ་ཉིན་སློབ་ཀྱི་དགེ་རྒན་ཆེན་མོ། མངའ་རིས།
༧ པདྨ་འབྱུང་གནས། སྤྱི་འཐུས་ལས་ཐོག རུ་ཐོག་བྱང་སྟོད།
༨ ཟླ་བ་ཕུན་སྐྱིད། སྤྱི་འཐུས་ལས་ཐོག་དང་བདེ་ལེགས་སྨན་ཁང་གི་འགན་འཛིན། གཙང་གམ་པ།
༩ ཨོ་རྒྱན་བསྟན་འཛིན། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བལྟི་གནས་ཁང་གི་འགན་འཛིན། གཙང་རྡོ་ཆེན།
༡༠ ཚེ་བརྟན་ནོར་བུ། སྤྱི་འཐུས་ལས་ཐོག འབྲོག་སྨད།
༡༡ འཇམ་དབྱངས་རྡོ་རྗེ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ། འཕན་པོ།
༡༢ འཇིགས་མེད་འབྱུང་གནས། རྩིས་ཞིབ་དྲུང་ཟུར། མངའ་རིས་རུ་ཐོག
༡༣ བསོད་ནམས་བཟང་པོ། དམངས་གཙོ་ཚོགས་པའི་དྲིལ་བསྒྲགས་དྲུང་ཆེན།ས་གནས་འཐུས་མིའི་ཚོགསགཙོ། སྟོད་པ།
༡༤ ཀརྨ་སྒྲོལ་མ། དགོངས་ཞུ། པོནྜ་གཞིས་འགོ གཉའ་ནང།
༡༥ བུ་མོ་ཚེ་རིང་། དབུས་བེུད་ཚོགས་གཙོ་ཟུར་པ། ཀོང་པོ།
༄༅། །མདོ་སྨད་སྤྱི་འཐུས་འོས་དམིགས།
ཨང་། མཚན་གཞུང་། ལས་གནས། ལུང་ཚན།
༡ ཐུབ་བསྟན་ལུང་རིགས། ཤེས་རིག་བཀའ་བློན། རེབ་ཀོང་།
༢ བསྟན་འཛིན་དོན་ཡོད། དགོངས་ཞུ། བཀའ་ཁྲིའི་དྲུང་ཡིག ཨ་མཆོག
༣ སྒྲོལ་དཀར་སྐྱབས། ནོར་གླིང་མཐོ་སློབ་འགན་འཛིན། རྨ་ཆུ།
༤ བསོད་ནམས་རྒྱལ་མཚན། སཱ་ར་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ། ཁྲི་ཀ
༥ སེར་བྱེས་བློ་བཟང་དཔལ་ལྡན། མདོ་སྨད་དབུས་རྒྱུན་དང་གངས་ལྗོངས་རང་བདེན་ཚོགས་གཙོ། རྭ་རྒྱ།
༦ ཚེ་རིང་གཡུ་སྒྲོན། བུད་མེད། སྤྱི་འཐུས་ལས་ཐོག ཅོ་ནེ།
༧ རྒྱལ་རོང་ཟླ་བ་ཚེ་རིང་། སྤྱི་འཐུས་ལས་ཐོག རྒྱལ་རོང་།
༨ ཀིརྟི་སྒྲོལ་དཀར་ལྷ་མོ། བུད་མེད། སྤྱི་འཐུས་ལས་ཐོག་དང་། དབུས་བུད་མེད་ཚོགས་གཙོ། རྔ་པ།
༩ ཀུན་ཐར་དོན་གྲུབ། སྤེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན། བླ་བྲང་།
༡༠ ཇོ་ལེབ་ཆོས་འཕེལ། དགོངས་ཞུ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱི་གསར་འགོད་པ། རྔ་པ།
༡༡ རྒྱ་རིགས་ཐར། མདོ་སྨད་དབུས་རྒྱུན་དྲུང་ཆེ་དང་མདོ་སྨད་དྲ་རྒྱ་དོ་དམ་པ། མང་རྭ།
༡༢ སྨན་པ་མཁྱེན་རབ། དབུས་སྨན་རྩིས་ཁང་གི་སློབ་སྤྱི་གཞོན་པ། ཁྲི་ཀ
༡༣ ཡེ་ཤེས་སྒྲོལ་མ། སྤྱི་འཐུས་ལས་ཐོག་དང་མདོ་སྨད་དབུས་རྒྱུན་ཚོགས་གཙོ། ཧོར་གཙང།
༡༤ ལུང་རིགས་རྒྱལ། དུས་བབ་རྩོམ་སྒྲིག་པ། མཚོ་སྔོན།
༡༥ ཀརྨ་དགེ་ལེགས། མདོ་སྨད་དབུས་རྒྱུན་དང་བྷན་དྷ་རཱ་འཐུས་མི་ཚོགས་གཙོ། བྱ་ཁྱུང་།
བཀའ་བློན་ཁྲི་པའི་འོས་མི།
ཨང་། མཚན་གཞུང་། ལས་གནས། ལུང་ཚན།
༡ མཁས་དབང་བློ་བཟང་སེངྒེ། ཧར་ཝར་ཌ་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་ཀྱི་ཉམས་ཞིབ་པ། ལི་ཐང་།
༢ སྤྱི་འཐུས་སྤེན་པ་ཚེ་རིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ། གཅན་ཚ།
༣ ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཏཱ་ལའི་བླ་མའི་ཐེབས་རྩའི་ཚོགས་གཙོ། ལྷ་ས།
༄༅།། བཙན་བྱོལ་དུ་ཡོད་པའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར།
ང་ཚོའི་ལས་དྱོན་དེ་འགེལ་བརྱོད་རིམ་པ་བཞིའི་ཐྱོག་ནས་ཞུ་ན། ལས་དོན་བརྩམས་དགོས་པའི་རྒྱུ་མཚན་དང་། དེར་བཞུགས་ཚོགས་པའི་ངོ་བོ་དང་། ལས་རིམ་བྱེད་ཕྱོགས་དང་། དགོས་པ་དང་རེ་བ་བཅས་ཞུ་རྒྱུ་ཡིན།
༡༽གཤམ་འཁོད་བཀའ་སྤྱི་འོས་མི་དེ་དག་འདོན་སྤེལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ༸གོང་ས་མཆོག་གདན་ས་གསུམ་གྱི་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་དཔེ་ཁྲིད་རྒན་རྣམས་ལ་འབྱུང་འགྱུར་བཀའ་སྤྱིའི་འོོས་གཞིའི་ཐད་དོ་སྣང་དགོས་པའི་བཀའ་སློབ་སྤྱི་བོར་ཕེབས་པ་དང་། འདི་ལོའི་ཕྱི་ཟླ་ ༣་༩ ཉིན་གྲོོས་ཚོགས་སུ་གསུང་འཕྲིན་ཞིབ་ནན་ཕེབས་པའི་སྙིང་དོོན་དང་། ཚོགས་དུས་བརྒྱད་པར་གྲོོས་ཚོགས་ནང་ཆོལ་ཁ་ཕྱོགས་འཐེན་གྱི་ཕྱོགས་འཐེན་གྱི་རྙོག་གླེང་ཤུགས་ཆེར་བྱུང་བ་བཅས་ལ་བརྟེན་ནས། ལས་དོན་འདིར་ཞུགས་རྒྱུའི་འདུན་པར་འགོག་མེད་དུ་སྐྱེས། ༢༽ ཚོགས་པའི་ངོ་བོ་ནི། སེ་ར་བྱེས་སྨད་གྱི་སློབ་གཉེར་བ་ཁང་ཚན་རེ་ནས་མི་རེ་ཚོགས་ཞུགས་ཀྱིས་མི་གྲངས་༣༠ དང་། དེ་དག་ཤེས་ལྡན་སློབ་གཉེར་བ་དང་ཆབ་སྲིིད་ལ་དོ་སྣང་ཡོོད་པ་ཤ་སྟག་ཡིན་པ་མ་ཟད། ཆོལ་ཁ་གསུམ་གྱི་མི་སྣ་གྲངས་མཉམ་ཡོད་པ་བཅས་ཡིན།
༣༽ གཤམ་འཁོད་འོས་ཆོས་ལྔ་པོ་དེ་དག་གཞིར་བཟུང་ཐོག་འོས་མི་དེ་དག་འདེམས་པ་ཡིན། འོས་ཆོས་ལྔ་ནི།
༡ ༸གོོང་ས་མཆོག་གི་བཀའ་དགོངས་རྟོགས་པ། ༢ ཤེས་འཇོན་ལྷག་བསམ་དང་ལྡན་པ། ༣ རང་ཚུགས་འཕེར་བ།
༤ ཆོས་བརྒྱུད་དང་ཆོལ་ཁ་སོགས་ཀྱི་ཕྱོགས་འཐེན་མེད་པ། ༥ སྤྱི་ཚོགས་ནང་ཁུངས་ལྡན་རྙོག་གླེང་མེད་པ་བཅས་ཡིན། ༤༽ དགོོས་པ་དང་རེ་བ་ནི། འོས་མི་དེ་དག་ད་བར་ཚོགས་པ་ཁག་གིས་གསལ་བསྒྲགས་བྱས་པ་ཐམས་ཅད་ལ་ཞིབ་འཇུག་གིས་འདེམས་པ་ཡིན་པས་ང་ཚོས་འདེམས་པའི་འོས་མི་དེ་དག་ད་བར་གསལ་བསྒྲགས་བྱས་པ་ཐམས་ཅད་ཀྱི་མཇུག་བསྡོམས་ལྟ་བུར་གྱུར་ཡོད་པས་༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཀྱི་ཚུལ་དུ་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཚགས་ཚུད་ཐོག་རང་འཁྲིས་ལས་འགན་ཁ་ཞེ་གཉིས་མེད་ཀྱི་ཐོག་ལག་བསྟར་སྔར་ལས་ལྷག་པ་བྱེད་ཐུབ་པའི་ཡིད་ཆེས་དང་རེ་བ་ཡོད་པ་མ་ཟད་བཀའ་སྤྱིིར་བཞེངས་མི་དོོ་བདག་གི་ངོས་ནས་ཀྱང་གཞིས་བྱེས་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོོག་གི་ལམ་སྟོན་འོག་བོོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཐོོག ལུས་ངག་ཡིད་གསུམ་གྱི་སྒོོ་ནས་བསམ་པ་རྣམ་དག་གིས་རང་ནུས་ཅི་ཡོད་སྲིི་ཞུའི་གཞོོགས་འདེགས་གནང་དགོས་པའི་འབོོད་སྐུལ་ཞུས་པ་བཞིན། ཐུགས་འགན་གཙང་བཞེས་གནང་སོང་བས་མི་མང་གི་ངོས་ནས་གོང་གསལ་འོས་ཆོས་དེ་དག་དབྱེེ་ཞིབ་དང་སྦྲགས། འོས་ཆོས་ཚང་ན་འོས་འཕེན་གྱི་རྒྱབ་སྐྱོར་མི་ལྷོད་པར་ཞུ་རྒྱུ་དང་། དམིགས་བསལ། ང་ཚོས་འདེམས་པའི་འོས་མིའི་ནང་ནས་བཀའ་ཁྲི་རིན་པོོ་ཆེ་མཆོག་ཉིད་ཉིད་ལ་ཚོགས་མི་ཡོངས་ཀྱིས་སྤྱི་མོས་བྱུང་བ་དང་། ང་ཚོས་ལྷོོ་ཕྱོགས་གཞིས་ཆགས་ཆེ་བ་ཁག་བཞི་དང་རྡ་ས་དང་ལྡི་ལི་བཅས་ལ་མི་དངོས་སུ་ཕྱིན་ཏེ། གསལ་བསྒྲགས་བེད་རྒྱུ་དང་དེ་རྗེས་དུས་ཚོད་བྱུང་ན་ཨོ་རི་ས་སོོགས་ལ་འགྲོོ་འཆར་ཡོད་པ་བྱས་ཀྱི་གསལ་བསྒྲགས་སུ་གོང་གསལ་ཚོགས་པ་ནས།།