སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་འོས་མི།

བོད་རྒྱལ་ཁབ་འདི་སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་ཆོས་སྲིད་གཉིས་ལྡན་གྱིས་གཞུང་བསྐྱངས་པའི་བཀའ་དྲིན་ལ་བརྟེན་ནས། འཛམ་གླིང་གཞན་ལ་མེད་པའི་ཁྱད་ནོར་སངས་རྒྱས་ཀྱི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཚང་ལ་མ་ནོར་བ་ཉར་ཚགས་གནང་ཡོད།

ལྔ་བཅུ་ང་དགུ་ལོར་སྟོབས་ཆེན་རྒྱ་དམར་གཞུང་ནས་རྩ་མེད་བཟོ་འཆར་གྱིས་དམར་པོ་ཁྲག་གི་འཁོར་ལོ་བསྐོར་ཡང་། བོད་གངས་ཅན་པའི་སྤྱི་མཐུན་གྱི་བསོད་ནམས་མ་ཟད་པའི་དབང་གིས་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་རྒྱ་གར་དུ་ཞབས་སོར་འཁོད་དེ། ཁོང་གི་རླབས་ཆེན་ཐུགས་བསྐྱེད་ཀྱི་དགོངས་པ་གཞིར་བཞག་སྟེ། རྒན་རབས་རྣམས་ནས་ལུས་སྲོག་ལ་ཕངས་སེམས་མེད་པའི་ཐོག གཞུང་དང། སློབ་གྲྭ། དགོན་སྡེ། གཞིས་ཆགས་བཅས་གསར་རྒྱག་ཐུབ་པ་མ་ཟད། ༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོས་དམངས་གཙོ་གནང་ནས། གཞིས་བྱེས་བོད་མིའི་མངོན་འདོད་དང་མཐུན་པའི་ཆོས་སྲིད་གཉིས་ལྡན་གྱི་ལམ་ནས་རྩ་ཁྲིམས་དང་། བཅའ་ཁྲིམས་གཏན་ལ་ཕབ་ཅིང། མི་མང་རྣམས་ནས་དེ་བཞིན་ལག་བསྟར་ཚད་ལྡན་འགྲོ་བཞིན་ཡོད་ཅིང་། མ་འོངས་པར་ཡང་རང་རིགས་གཞོན་སྐྱེས་རྣམས་ཀྱིས་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་ལམ་ནས་སྔོན་བཞིན་བསྐྱོད་ཐུབ་རྒྱུ་ཅི་ནས་གལ་ཆེ། ༸གོང་ས་མཆོག་གི་དབུ་ཁྲིད་འོག་བོད་མིའི་རིན་ཐང་འཛམ་གླིང་ནང་ཇེ་བཟང་དུ་འགྲོ་བཞིན་པའི་སྐབས་འདིར། ཅོལ་ཆུང་བསམ་མེད་ཕྱི་ལུགས་ལ་དགའ་མོས་བྱེད་མཁན། གཞན་ཡང་བོད་མིའི་ནུས་ཤུགས་གཅོད་པའི་ཐབས་ཚུལ་སྣ་ཚོགས་མི་ཡོང་བའི་ངེས་པ་མེད་པས། ང་ཚོའི་གཞུང་འདི་ཆོས་སྲིད་གཉིས་ལྡན་དགོས་དང་མི་དགོས། ཆོས་ལུགས་སྤྱི་འཐུས་ལ་དགོས་པ་མེད་ཚུལ་བཅས་མ་བརྟག་འཆལ་གཏམ་སྣ་ཚོགས་བསྒྲགས་འདུག་པ་འདི། ང་ཚོའི་བསྟན་སྲིད་ཀྱི་ཚེ་སྲོག་ལ་གནོད་པའི་ནོར་འཁྲུལ་ཆེ་ཤོས་ཡིན་པས། རང་རང་སོ་སོའི་རྣམ་རིག་བེད་སྤྱད་དེ་སྲིད་དོན་པའི་གཡོ་འོག་ཏུ་མ་ཚུད་པ་གལ་ཆེ། གལ་ཏེ་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་མེད་ན། ༸གོང་ས་མཆོག་དབུ་ཁྲིད་འོངས་མི་སྲིད་པ་མ་ཟད། ༸གངས་ཅན་མགོན་པོ་ཁོང་གིས་སངས་རྒྱས་པའི་ཆོས་ལེ་ཚན་དང་པོ་ཚན་རིག ལེ་ཚན་གཉིས་པ་ལྟ་གྲུབ། ལེ་ཚན་གསུམ་པ་ཆོས་ཞེས་གསུངས་ཤིང་། སངས་རྒྱས་པའི་ཆོས་ལུགས་འདི་ཡུན་རིང་གནས་དང་མི་གནས་བོད་ཀྱི་བསྟན་སྲིད་གཉིས་ལྡན་གྱི་དམངས་གཙོའི་ཕན་ཐོགས་དང་ནུས་ཤུགས་ལ་ཡིད་ཆེས་ཡོད་པ། ཆོས་སྲིད་ཀྱི་བྱ་བ་ལ་སྐྱེས་ཐོབ་ཀྱི་ཡོན་ཏན་ཡོད་པ། སྤྱི་སྒེར་གང་གི་ལས་ཀ་བྱས་ན་ནུས་ཤུགས་ཡོད་མཁན། གཞིས་བྱེས་མི་དམངས་ཀྱིས་ཡིད་ཆེས་ཡོད་པ་བཅས་དགོས་གལ་ཆེ་བས། གཤམ་གསལ་གྱི་མིང་འདོན་བྱས་པ་རྣམས་མདོ་སྟོད་སེར་སྐྱ་མི་མང་ཡོངས་ཀྱི་གཞིས་བྱེས་བོད་མིའི་རྩ་དོན་ལ་དགོངས་ནས་གང་གཟབ་འོས་བླུགས་རོགས་ཞུ་རྒྱུ་ཡིན།།

ཨང་།          མཚན།                  ལུང་ཚན།               སྡོད་གནས།     ལས་གནས།

༡              པདྨ་ཆོས་འབྱོར།                དཀར་མཛེས།   ཨ་རི།          བཀའ་ཟུར།

༢              ཚུལ་ཁྲིམས་བསྟན་འཛིན།       ཧྲེ་ཧོར།         སྦི་རི།           སྤྱི་འཐུས་ལས་ཐོག

༣              འཇུ་ཆེན་དཀོན་མཆོག          སྡེ་དགེ         སྤི་རི།           སྤྱི་འཐུས་ལས་ཐོག

༤              ཨ་རྡོ།          ནང་ཆེན།       སྦེལ་ཀོབ།       ཆུ་སྒང་དབུས་རྒྱུན།

༥              པདྨ་བདེ་ལེགས།                གླིང་ཚང་།      སྦེལ་ཀོབ།       སྤྱི་ཟུར།

༦              བློ་བཟང་ཕན་བདེ།             འབའ་བ།       འབྲས་སྤུངས་།  ས་གནས་རང་བདེན་ཚོགས་གཙོ།

༧              དཔལ་རྡོ།       རྫ་ཆུ་ཁ།        ལྡི་ལི།           ཆུ་སྒང་དབུས་རྒྱུན།

༨              རྡོ་རྗེ་དབང་འདུས།             ལི་ཐང་།        ལྡི་ལི།           སྤྱི་འཐུས་ལས་ཐོག

༩              རྟ་མགྲིན།       ནང་ཆེན།       མན་པ་ཏྲི།      ས་འཐུས་ཚོགས་གཙོ་ཟུར་པ།

༡༠             ལྷ་མོ།           སྒ་པ།           ཀམ་མན་ཏྲ་འུན།               ཆུ་སྒང་དབུས་རྒྱུན།

༡༡             ཚེ་རྒྱལ།         ལྷ་ཐོག         བལ་ཡུལ།

༡༢            ཀརྨ་མཁས་གྲུབ།                རི་བོ་ཆེ།        ཨོ་རི་ས།        ཆུ་སྒང་དབུས་རྒྱུན།

༡༣             བ་ར་ཚེ་དབང་བཀྲིས།           ཧོར་སྦྲ་ཆེན།    བོན་གཞིས།     ས་གནས་ཆུ་སྒང་ཚོགས་གཙོ།

མདོ་སྟོད་སེར་སྐྱ་ཤེས་ལྡན་ཁག་ཅིག་གིས། ཕྱི་ལོ་ ༡༠༡༠ ཟླ་༩ ཚེས་ ༡༠ ཉིན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།