དབུས་གཙང་སྤྱི་འཐུས་འོས་མི་ངག་དབང་ལྷ་མོ།

ngawang_lhamoམིང༌།             ངག་དབང་ལྷ་མོ།

སྐྱེས་ཡུལ།          དིང་རི།

སྡོད་གནས།       རྡ་ས།

ལས་འགན།        སྤྱི་འཐུས་ལས་ཐོག་དང༌། སྙིང་སྟོབས་གླིང་དབང་སྐྱོན་ཁྱིམ་ཚང་འགན་འཛིན།

༡ ཤེས་ཡོན་གནས་ཚད།

སིམ་ལ་གཏན་སློབ་ནས་ཡིག་ཚད་རྩེ་གྲས་ལོན་ཏེ་ཅན་རྡི་སྒར། University དང༌། ཝཱ་ར་ཎ་སེ་BHU ནས་རིམ་ཐོན་བྱས།

༢ སྤྱི་ཚོགས་ཞབས་ཞུ།

ཀ དགེ་རྒན་ལོ་ངོ་ ༡༡ དང༌། བུད་མེད་ས་གནས་ཚོཌ་གཙོ་དང༌། དབུས་དྲུང་ཆེ་ལས་རྒྱུན་གཉིས། བོད་མི་མང་སྤྱི་འཐུས་སྐབས་ ༡༢ ༡༣ ༡༤ བཅས་ཀྱི་རིང་ཉམ་ཐག་དང༌། འཕྲོད་བསྟེན། ཤེས་ཡོན། བཙུན་དགོན་གྱི་ལས་འཆར་སོཌ་དང༌།

ཁ ཉམ་ཐག་ཆེད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྙིང་སྟོབས་གླིང་ཞེས་མཚན་གསོལ་བཀྲིན་ཆེ་བའི་ནང་དབང་སྐྱོན་རྣམས་མི་ཚེ་བཟང་འཁྱོལ་ཐུབ་སླད་རང་ནུས་སྦྱོང་བརྡར་དང་གཟུཌ་གཞིའི་བཅོས་ཐབས་ཕྱིར་སྡོད་ལའང་ཞུ་བཞིན་ཡོད།

ག  ྋགོང་ས་མཆོག་གི་བཀའ་བཞིན་ ༡ ནང་ཆོས་ངོ་སྤྲོད་དང༌། ༢ ཡུལ་མིར་མཐུན་འབྲེལ་ཆེད་བོད་མི་དང་དབྱེར་མེད་རིན་མེད་ (Free Medical Camp)  སྨན་བཅོས་དང་བརྟག་དཔྱད། མ་དང་བྱིས་པའི་འཕྲོད་བསྟེན། ༣ ཁོར་ཡུག་སྲུང་སྐྱོབ་ཆེད་རྩི་ཤིང་འདེབས་རྒྱུ་དང༌། གད་སྙིགས་དཀའ་སེལ་ལ་སོཌ་བྱེད་མུས་ཡོད།

 

༣ ཆབ་སྲིད་ཞབས་ཞུ།

ཀ༽ ༡༩༨༧ བུད་མེད་ས་གནས་ཚོགས་གཙོ་དང༌། ཁ༽ ༡༩༩༡ ༡༩༩༦ དབུས་བུད་མེད་དྲུང་ཆེ་ལས་རྒྱུན་གཉིས།

ག༽ ༡༩༩༥ ཚོཌ་པ་ ༨ ཀྱི་བོད་བར་ཞི་བའི་གོམ་བགྲོད་ཀྱི་ཚོཌ་གཞོན། རྒྱལ་སྤྱིའི་བོད་ཀྱི་བེུད་ལོའི་གཙོ་སྐྱོང༌། ཧིནབོད་མཛའ་ཚོཌ་དང༌། ས་འཐུས། ང༽ ༡༩༩༦ ནས་ད་ལྟ་བོད་མི་མང་སྤྱི་འཐུས་ལས་ཐོག

ཅ    ༢༠༠༠ ཕ་རན་སི་དང་ཨི་ཌ་ལི། སུད་སིར་ཡོ་རོབ་བོད་དོན་རྒྱབ་སྐྱོར་ཚོཌ་པའིཧགོམ་བགྲོད་ཀྱི་དྲིལ་བསྒྲཌ་འགན་ཁུར། ས་ཁུལ་མང་པོར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུཌ་བྱེད་ཐུབ་ཡོད། ཆ༽ ༢༠༠༣ ཨི་ཊ་ལིའི་ནང་ཡོ་རོབ་དབང་སྐྱོན་ལོའི་སྲུང་བརྩིའི་ཚོཌ་འདུ་ཁག་དང༌། ཇ༽ ༢༠༠༩ སི་པན་ནང་བཙན་བྱོལ་བོད་གཞུང་ལོ་ངོ་ ༥༠ འཁོར་བའི་དུས་བསྟུན་ཆེདཧསོཌ་རེ་རེ་བཞིན་བཀོད་ཐབས་བྲལ། བོད་དོན་རྒྱབ་སྐྱོར་ཇི་ཐོབ་གསར་ལམ་ནས་མཁྱེན་ཆུབ་ལྟར་ཡིན།

 

༤ རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་མིར་གདོང་ལེན་ཞུས་པའི་དཔེ་མཚོན་རེ་ཟུང།

ཀ    ༡༩༩༣ ཨོ་སི་ཀྲ་རེ་ཡར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོཌ་འདུར་རྒྱ་ནག་གིས་བོད་ཀྱི་བེུད་ཚོའི་ཕྲུ་གུ་སྐྱེ་རྒྱུའི་ཐོབ་ཐང་ཡང་འཕྲོག་ཡོད་ན་རྒྱལ་སྤྱིའི་བེུད་ཀྱི་ཚོཌ་ཆེན་དེ་རྒྱ་ནག་ཏུ་མི་རན་པ་ཞུས། དེར་རྒྱ་འཐུས་ཚོར་ཚོཌ་བཅར་བས་སྐར་མ་ ༤༥ ལྷག་དྲི་རྩད་བྱས། ༼འདི་ནི་བོད་ཀྱི་བེུད་ལྷན་ཚོཌ་ཀྱི་རྒྱལ་སྤྱིའི་སྡིངས་ཆ་བེད་སྤྱོད་དང་པོ་ཡིན་པ་མང་པོས་ངོས་འཛིན་བྱས།༽

ཁ    གོང་ལོའི་ཟླ་ ༡༡ ནང་ཕི་ལི་པིན་རྒྱལ་སྤྱིའི་བེུད་ཀྱི་ཚོཌ་འདུར་འཐུས་མི་ ༡༠༠༠ ལྷག་ཙམ་འཛོམས་སར་རྒྱ་འཐུས་ནས་བོད་རྒྱ་ཁོངས་དང༌། བོད་ནང་ཡར་རྒྱས། རང་དབང་ཡོད་སྐོར་བཤད་པར་དེ་དག་བདེན་མིན་ཁུངས་བསྐྱེལ་བྱས་ཏེ་རྒྱ་འཐུས་ཚོ་ཁ་སྐྱེངས་སུ་ལུས། རྒྱ་མིའི་དགོང་དྲོ་བོད་ཀྱི་དགོང་དྲོར་གྱུར་སོང༌། ཞེས་གསར་ལམ་དང་ཚོཌ་བཅར་བས་བཤད་སྲོལ་ཆཌ།

ག   ༡༩༩༤ ཀ་ཡེ་རོར་རྒྱལ་སྤྱིའི་མི་འབོར་དང་འཛུཌ་སྐྲུན་གྱི་ཚོཌ་འདུར་རྒྱ་མིའི་གནོན་ཤུཌ་ལ་མ་ལྟོས་པར་ཚོཌ་ཞུགས་ཐུབ་པ་མ་ཟད་གསར་ལམ་ཚང་མར་བོད་ཀྱི་གནད་དོན་ཤུཌ་ཆེ་ཐོན།

 

༥ དབུས་གཙང་ཆོལ་ཁར་དམིགས་གསལ་ཞབས་འདེགས།

ཀ    ངོ་སྤྲོད་ལག་དེབ་ཐོག་མ་བཟོ་སྐབས་དེབ་གཟུཌ་དང༌། གནད་དོན། ཤོག་གྲངས་མང་ཉུང་སོཌ་ཀྱི་ཇུས་འགོད་པ།

ཁ    དབུས་གཙང་དབུས་རྒྱུན་ལོ་ ༥ རིང་དུས་དབང་དང་དམིཌ་གསལ་ཚོཌ་ཆེན་གོ་སྒྲིག་དང༌། ཞལ་འདེབས་ཐད་གཏོང་ཕོད་ཅན་གྱི་ཐོ་གཞུང་ནང་ཚུད་ཡོད།

ག    སྔོན་གྱི་ཁང་རྙིང་གཞའ་ཚན་ཅན་དེ་ད་ལྟའི་ཚོཌ་ཁང་གི་གཙོས་ཁང་གླར་གཏོང་རྒྱུ་ཡོད་པ་ནྀ་ཆོལ་ཁར་ཡོང་སྒོ་ཕུཌ་བརྟན་ཞིག་ཡིན།

༦ ལས་དོན་ལ་ཕྱི་ནང་གི་ངོས་འཛིན་ཐོབ་པ་དཔེར་ན། ༡༩༩༤ ཀ་ཡེ་རོའི་ཚོཌ་བཞུཌ་པའི་ཁོངས་ནས་དོན་ལྡན་བེུད་བཞི་ཞེས་དང༌།  ༢༠༠༤ འཇར་མན་གསར་ཤོག་ཅིག་གི་ནང་བློ་སྟོབས་ལྡན་པའི་བེུད་ ༡༠༠ ཞེས་པའི་ནང་དུའང་ཚུད་ཡོད།

རྒྱལ་སྤྱིའི་ (World Women痴 Guild)  ནས་ ༢༠༠༢ ཟས་བཅུད་ཀྱི་བྱ་དགའ༌།  ༢༠༠༣ རོ་ཊི་རི་ཀ་ལབ། ༢༠༠༤ ས་ཁུལ་སང་ཀ་ལབ། ༢༠༠༥ སྟོད་པའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་སྙིང་སྟོབས་གཟེངས་རྟཌ་བཅས་ཐོབ།

མདོར་ན། ད་བར་བོད་བསྟན་སྲིད་དང་སྤྱི་པའི་ལས་དོན་ཐོག་འཇིཌ་ཞུམ་དང༌། ཕྱོགས་ལྷུང་མེད་པར་ཞབས་ཞུ་ཐུབ་པ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུཌ་འོད་དང༌། དབུས་གཙང་ཆོལ་ཁའི་རྒྱལ་གཅེས་མི་མང་ནས་དྲང་བདེན་ལ་རྒྱབ་སྐྱོར་གྱིས་འོས་གནང་བའི་བློ་སྟོབས་ཁོ་ནར་བརྟེན་ནས་བྱུང་བ་སོང་ཚང་མར་གུས་བརྩི་ཆེན་པོས་ཐུཌ་རྗེ་ཆེ་ཞུ་རྒྱུ་དང༌། རང་གི་རྒྱལ་ཁབ་དང་མི་རིཌ་ཆེད་ྋགོང་ས་མཆོག་གི་བཀའ་དགོངས་འོག་ཕུང་ལྔའི་གང་ཐུབ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། རྒྱལ་གཅེས་ལྷག་ལྡན་རྣམས་ནས་ཁོང་གིས་གསོལ་སྩལ་གནང་བའི་མང་གཙོའི་རྩ་ཆེའི་འོས་དེ་ཤེས་འཇོན་ལྷག་བསམ་དང་ཡ་རབས་བཟང་སྤྱོད་ལྡན་པར་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་བ་དང་བཅས།

བཀྲིས་བདེ་ལེགས། བོད་རྒྱལ་ལོ།།

 

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།