མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་སེར་སྨད་བློ་དགའ།

སེར་སྨད་བློ་དགའ་ལགས་ནི། ༡༩༩༢ ནས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་བ་དང་ལོ་ངོ་༡༨ ལྷག་གི་རིང་གདན་སར་མཚན་ཉིད་རིག་པའི་སློབ་སྦྱོང་མ་རྐང་ཐོག།སྒྲ་རིག་པ་དང་ལོ་རྒྱུས། སྙན་ངག་དང་ཆོས་འབྱུང་སོགས་སུ་སློབ་གཉེར་གྱི་ཞོར་དུ་སེར་སྨད་གྲྭ་ཚང་གི་འདོན་བཟང་པོའི་ལས་འགན་བསྣམས། ཕྱི་ལོ་༢༠༠༣ ནས་བཟུང་རིགས་མི་འདྲ་བའི་བརྗོད་གཞིའི་ཐོག་སྔ་ཕྱིར་རྩོམ་ཡིག་དགུ་བཅུ་ལྷག་གསར་ཤོག་དང་དུས་དེབ་སོགས་སུ་སྤེལ་མྱོང་ལ།

ཨེ་ཤ་ཡ་དང་ནོར་ཝེའི་རླུང་འཕྲིན་སོགས་སུ་བོད་ཕྱི་ནང་གི་གནད་དོན་དང་ལྷག་པར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་རུང་རྒྱས་ཨ་གྲགས་སོགས་ཆབ་སྲིད་བཙོན་པའི་སྐོར་བརྒྱུད་བསྒྲགས་དང་དཔྱད་ཞིབ་གང་མང་གནང་ཞིང་མུ་མཐུད་བོད་ནང་གི་གནས་ཚུལ་ལྟ་རྟོགས་གནང་མུས་ཡིན་པ་རེད།

ཚོགས་སྡེ་འདྲ་མིན་དང་ཤེས་རིག་གི་གླེང་སྟེགས་མང་པོར་ཆབ་སྲིད་དང་མང་གཙོ། ལོ་རྒྱུས་ཀྱི་ཚིག་ཐོ་དང་རིག་གནས་སོགས་ཀྱི་གཏམ་བཤད་མང་པོ་སྤེལ་ཏེ། མང་ཚོགས་ཀྱིས་ཀྱང་དགའ་མོས་ཆེན་པོ་ཐོབ་ཡོད། ཕྱི་ལོ་༢༠༠༧ ནས་བཟུང་ལོ་ངོ་གསུམ་ལྷག་གི་རིང་སེ་ར་ཆོས་སྒར་དུ་བོད་ཀྱི་བརྡ་སྤྲོད་རིག་པ་དང་ཡིག་གཟུགས་སོགས་རིག་གནས་སློབ་ཁྲིད་གནང་ཞིང་། ཉིས་སྟོང་བརྒྱད་དང་དགུ་སོ་སོར་རྣམ་གྲྭ་མཁན་པོ་སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་ནས་གོ་སྒྲིག་གིས་སློབ་གྲྭ་ཁག་འདྲ་མིན་གྱི་ལི་ཐང་པའི་སློབ་ཕྲུག་རྣམས་དང། གཞན་ཡང་ཧི་མ་ལ་ཡའི་གྲྭ་རྒྱུན་མང་པོ་ཞིག་ལ་བོད་ཀྱི་རིག་གནས་དང་གོམས་གཤིས། བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་སྒྲོམ་གཞི་དང་རྒྱ་དཀར་ནག་གི་འཛིན་སྐྱོང་སྒྲོམ་གཞི་བཅས། ཆབ་སྲིད་ཤེས་བྱ་དང་སྤྱི་ཚོགས་ཤེས་བྱའི་སྐོར་སོགས་སློབ་ཚན་འདྲ་མིན་ངོ་སྤྲོད་སློབ་ཁྲིད་ᨵ᪄ᩏ་། ༢༠༠༨ ལོར་བོད་གཞུང་མང་ཛ་དྲག་ཚོགས་པའི་སྦེལ་ཀོབ་ས་གནས་ཀྱི་རྒྱུན་ལས་དང་དེའི་རྗེས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྦེལ་ཀོབ་ས་གནས་འབྲེལ་མཐུད་པའི་མཛད་འགན་བཞེས། བར་ལམ་ནས་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་རྩོད་རྙོག་འདུམ་འགྲིག་བསྟི་གནས་ཁང་བཅས་སུ། ཆབ་སྲིད་སོགས་སློབ་ཚན་སྣ་མང་ཐོག་ཟབ་སྦྱོང་གི་ལག་ཁྱེར་སྔ་ཕྱིར་ཐོབ་སྟེ། ད་ལྟ་སེ་ར་ཆོས་སྒར་དུ་བོད་ཡིག་དགེ་རྒན་དང་སྦེལ་ཀོབ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་གནང་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།  ཉི་མ་དབང་ཕྱུག་གིས་ཕུལ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།