བོད་ཆོལ་ཁ་གསུམ་གྱི་འོས་མི།
ད་ལྟའི་འོས་བསྡུ་ཆེན་མོ། མ་འོངས་པའི་རེ་བ།
མང་གཙོ་གོང་འཕེལ་ཆེད་ན་གཞོན་དྭངས་བླངས་རུ་ཁག
ང་ཚོའི་དྭངས་བླངས་རུ་ཁག་གིས་ངོས་ནས་བོད་མིའི་མང་གཙོ་ཡར་རྒྱས་ཆེད་ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཁྲོད་མི་མང་གང་མང་མཉམ་ཞུགས་ཐུབ་ཆེད་ལག་དེབ་ལྗང་ཁུ་དེབ་སྐྱེལ་བྱེད་པའི་ཆེད་ལས་འགུལ་སྤེལ་བ་དང།
དེ་བཞིན་༢༠༡༡ལོའི་བཀའ་བློན་ཁྲི་པའི་འོས་མི་བཞི་གདན་འདྲེན་གྱིས་བགྲོ་གླེང་ཞེས་པ་གོ་སྒྲིག་ཞུས་ཟིན་པ་ཡིན། དེ་བཞིན་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་ཡོད་པའི་སློབ་མ་རྣམས་ལ་འབྲེལ་བ་རིམ་པར་བྱས་ནས་་འོས་བསྡུ་ཆེན་མོའི་ཆ་ཤས་ལེན་པར་ཕན་ཐོགས་ངེས་ཅན་བྱུང་ཡོད།
སྐབས་བཅོ་ལྔ་པའི་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མིའི་སྐོར་ལ་ང་ཚོས་བགྲོ་གླེང་རིམ་པར་བྱས་ཏེ། འོས་མི་བཅུ་རེ་བཏོན་ཡོད་པ་མ་ཟད། དོ་བདག་སོ་སོར་བཀའ་འདྲི་ཞུས་ཏེ། སྤྱི་འཐུས་ནང་དུ་ལངས་རྒྱུ་ཡིན་པ་ཁས་ལེན་གསལ་པོ་གནང་ཡོད་པས། མང་ཚོགས་ཀྱིས་དེ་ལུགས་འོས་ཤོག་བླུགས་ན་འཐུས།
ང་ཚོའི་ཚོགས་མིའིི་ནང་དུ་ཆོལ་ཁ་གསུམ་གྱི་མི་ཡོད་ལ། འོས་མི་བཅུ་དེ་ཡང་ཚོགས་མིའིི་ཁྲོད་ནས་མང་མོས་དང་སྤྱི་མོས་གང་རུང་གིས་གཏན་འབེབས་བྱས་པ་ཡིན།
འོས་མི་ཚོར་ཆ་རྐྱེན་དམིགས་བསལ་གང་ཡང་བཏོན་མེད་ལ། འབོད་སྐུལ་དོན་ཚན་གསུམ་ཞུས་ཡོད།
དང་པོ། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང། གྲོས་ཚོགས་ནང་ཁུལ་གྱི་ཕྱོགས་རིས་མེད་པའི་ཐོག་ནས་དུས་རྟག་ཏུ་བོད་པའི་རྩ་དོན་གཙོ་བོར་བཟུང་ནས་ལས་དོན་གནང་རོགས།
གཉིས་པ། ཆབ་སྲིད་ལངས་ཕྱོགས་རང་བཙན་དང་དབུ་མའི་ལམ་གང་ཡིན་རུང་ངེས་ཤེས་རྙེད་པའི་ཐོག་ནས་ལངས་ཕྱོགས་འཛིན་པ་ལས། ཕན་ཚུན་གུས་བརྩི་མེད་པར་དོན་མེད་བསྙོན་འཛུགས་རིགས་མ་གནང་རོགས།
གསུམ་པ། བོད་པའི་མང་གཙོ་གོང་འཕེལ་གྱི་ལས་དོན་ནང་མཉམ་ཞུགས་དང། ཡར་རྒྱས་གཏོང་རྒྱུའི་ལས་དོན་གནང་རོགས།
དབུས་གཙང་སྤྱི་འཐུས་ཀྱི་འོས་མི།
1 ཀརྨ་ཡེ་ཤེས། སྡོད་གནས། དྷ་ས། ལུང་ཚན། ས་སྐྱ། ལས་གནས། སྤྱི་འཐུས། མཐོ་སློབ་ཐོན་རྗེས། ལོ་ཤས་རིང་ས་གཞིས་སྤུ་རུ་ཝ་ལའི་ཉིན་སློབ་ནང་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས་དགེ་རྒན་བྱས། དེ་རྗེས་གཞོན་ལྷན་གྱི་ཚོགས་གཙོ་གཞོན་ཐེངས་གཉིས་གནང། ད་ལྟ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་འགན་འཛིན་གནང་མུས་རེད།
2 (ཚེ་བརྟན་ནོར་བུ། ལུང་ཚན། འབྲོག་སྨད། སྡོད་གནས། བལ་ཡུལ། ལས་གནས། སྤྱི་འཐུས།) མཐོ་སློབ་ཐོན་པ་དང། གཞོན་ལྷན་གྱི་ཚོགས་གཙོ་སྐབས་གཉིས་བྱས། ལུམ་བི་ནི་ཐེབས་རྩ་ཚོགས་པའི་ཚོགས་གཞོན། ཀཐ་མན་གྲུ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ངེས་སྟོན་པ་ཡིན།
3 འཇམ་དབྱངས་རྡོ་རྗེ། ལུང་ཚན། འཕན་པོ། སྡོད་གནས། བལ་ཡུལ། ལས་གནས། བོད་མིའི་སྒྱུ་རྩལ་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཨེ་ཤ་ཡའི་འགན་འཛིན། འབྲས་ལྗོངས་མངའ་སྡེའི་གཞུང་གི་གཞུང་ཞབས་ལོ་མང་གནང་བ་དང། དེ་མཚུངས་བོད་གཞུང་ཟློས་གར་གི་འགན་འཛིན་གནང།
4 བུ་མོ་ཚེ་རིང། ལུང་ཚན། ཀོང་པོ། སྡོད་གནས། རྡ་ས། ལས་གནས། བུད་མེད་ཚོགས་ཟུར། མཐོ་སློབ་ཐོན་རྗེས། བོད་ཁྱིམ་དུ་དགེ་རྒན་ལོ་མང་བྱས། དེ་རྗེས་ཨ་རིའི་གཙུག་ལག་སློབ་གྲྭའི་ནང་སློབ་གསོ་རིག་པའི་ཐོག་འབུམ་རམས་པ་ཐོན་རྗེས། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྐབས་གཉིས་གནང།
5 བསོད་ནམས་བཟང་པོ། ལུང་ཚན། མངའ་རིས། སྡོད་གནས། བལ་ཡུལ། ལས་གནས། སྤྱི་ཚོགས་ཞབས་ཞུ་བ། མཐོ་སློབ་ཐོན་རྗེས། ས་གནས་འཐུས་ཚོགས་དང། ས་གནས་གཞོན་ནུ། མང་གཙོ་ཚོགས་པ་སོགས་ཀྱི་ནང་ལས་ཀ་བྱས་པ་དང། མགྲོན་ཁང་གི་ཆེད་ལས་པ་དང། སྤྱི་ཚོགས་ཞབས་ཞུ་བ།
6 འཇིགས་མེད་འབྱུང་གནས། སྡོད་གནས། སྦེལ་ཀོབ། ལུང་ཚན། རུ་ཐོག ལས་གནས། གཞུང་ཞབས་ཟུར་པ། ལོ་༣༧ རིང་ས་གནས་འགོ་འཛིན་དང་ལྷོ་སྤྱི། རྩིས་ཞིབ་དྲུང་ཆེས་མཚོན་གཞུང་ཞབས་གནང་སྟེ་ད་ལྟ་བགྲེས་ཡོལ་དུ་ཐོན་ཡོད།
7 ཤར་གླིང་ཟླ་སྒྲོན། ཕ་ཡུལ། གཙང་འབྲུམ་པ། སྡོད་གནས། རྡ་ས། ལས་གནས། བུད་མེད་ཚོགས་པའི་དབུས་རྒྱུན། འཛིན་རིམ་བཅོ་ལྔ་ཐོན་རྗེས། དབྱིན་ཡུལ་ཨེ་ཌིན་བྷ་ར་གཙུག་ལག་སློབ་གཉེར་ཁང་ནས་སློབ་གསོའི་ཆེས་མཐོའི་ལག་ཁྱེར་ཐོབ། བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པ།
8 ཡེ་ཤེས་ཕུན་ཚོགས། སྡོད་གནས། ལྡི་ལི། ལུང་ཚན། མངའ་རིས་ར་དབང། ལས་གནས། སྤྱི་འཐུས། ཝ་ཎ་ནས་ཨཅཱརྱ་ཐོན་པ་དང། ༡༩༨༩ ལོ་ནས་༡༩༩༦ བར་ཝ་ཎ་མཐོ་སློབ་དང་སུ་ཇཱ་བོད་ཁྱིམ་གཉིས་སུ་འཛིན་སྐྱོང་དང་སློབ་དགེའི་ལས་ཁུར་ཞུས། དེ་རྗེས་མང་གཙོ་ཚོགས་པའི་ཚོགས་གཙོའི་འགན་ཁུར། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་འཆར་འགན་འཛིན།
9 ཚེ་བརྟན་དབང་ཕྱུག སྡོད་གནས། ལ་དྭགས། ལས་གནས། དགེ་རྒན། མཐོ་སློབ་ནས་ཚན་རིག་ཐོག་འཛིན་རིམ་བཅོ་ལྔ་ཐོན་པ་དང། ལ་དྭགས་དང་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་ལོ་ངོ་བཅུ་བཞིའི་རིང་དགེ་རྒན་གྱི་ལས་འགན་ཡོད་མུས་ཐོག་ལ་དྭགས་བོད་ཁྱིམ་གྱི་དགེ་ཆེའི་ལས་རོགས་དང་ཚན་རིག་དང་ཨང་རྩིས་སྡེ་ཚན་གྱི་འགན་འཛིན་ལོ་བརྒྱད་རིང་བྱས།
10 ཟླ་བ་ཕུན་སྐྱིད། སྡོད་གནས། རྡ་ས། ལུང་ཚན། གཙང་གམ་པ། ལས་འགན། སྤྱི་འཐུས། འཕྲོད་བསྟེན་འཛིན་སྐྱོང་གི་རིག་གནས་ཐོག་སློབ་མཐར་སོན་རྗེས། ༡༩༨༧ ནས་བོད་གཞུང་བདེ་ལེགས་སྨན་ཁང་དུ་ལས་ཀ་བྱས་ཏེ། ༢༠༠༦ ལོ་ནས་བཟུང་སྨན་ཁང་གི་འགན་འཛིན་དུ་བསྐོས།།
མདོ་སྟོད་སྤྱི་འཐུས་ཀྱི་འོས་མི།
1 གསེར་རྟ་ཚུལ་ཁྲིམས། སྡོད་གནས། དྷ་ས། ལུང་ཚན། གསེར་རྟ། ལས་གནས། སྤྱི་འཐུས། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་སུ་སློབ་སྦྱོང་བྱས། ད་ལྟ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་དང་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ།
2 བློ་བཟང་ཡེ་ཤེས། སྡོད་གནས། སྦེལ་ཀོབ། ལུང་ཚན། ཚ་བ་རོང། ལས་གནས། ཆབ་སྲིད་ཉམས་ཞིབ་པ། པན་ཇབ་གཙུག་ལག་སློབ་གྲྭ་ནས་B.A ཐོག་ཉེ་བའི་གཙུག་ལག་རབ་འབྱམས་དང་ཤེས་ཡོན་སྐོར་སློབ་སྦྱོང་བྱས། དབུས་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་སྐབས་༡༡ པ་དང༌། སྐབས་༡༢ པའི་ཚོགས་གཞོན་བྱས།
3 སྐལ་བཟང་རྒྱལ་མཚན། སྡོད་གནས། དྷ་ས། ལུང་ཚན། འབའ་བ། ལས་གནས། སྤྱི་འཐུས། བོད་ནང་ནས་མཐོ་སློབ་ཐོན་རྗེས། རྒྱ་གཞུང་གི་ལས་ཁུངས་ནང་ལོ་མང་རིང་ལས་ཀ་བྱས། བཙན་བྱོལ་དུ་སླེབས་རྗེས། བདེ་སྲུང་བོད་གནས་ཉམས་ཞིབ་ཁང་སོགས་སུ་ལས་ཀ་བྱས།
4 བསོད་ནམས་དཔལ་མོ། སྡོད་གནས། ཨོ་རི་ས། ལུང་ཚན། ཁམས་སྤོ་པོ། ལས་གནས། ས་འཐུས་ཚོགས་གཞོན། སྲིད་དོན་ཚན་རིག་དང་དཔལ་འབྱོར་ཐོག་མཐོ་རིམ་རབ་འབྱམས་པའི་ལག་འཁྱེར་ཐོབ། ཨོ་རི་ས་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་རྙིང་མ་པའི་དགེ་རྩ་ཚོགས་པའི་ལས་ཁུངས་སུ་སློབ་ཡོན་འགན་འཛིན་དང་འབྲེལ་མཐུད་ཀྱི་ལས་ཀ་བྱེད་བཞིན་པ་རེད།
5 དབུ་དཀར་ཚང་གཡུ་སྒྲོན། སྡོད་གནས། ལྡི་ལི། ལུང་ཚན། ཆབ་མདོ། ལས་གནས། སྤྱི་འཐུས། ཨ་རི་ནས་དམིགས་བསལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་ལམ་སྐོར་ལ་ཆེད་ལས་སློབ་སྦྱོང་བྱས། ད་ལྟ་ན་གཞོན་མདུན་བཟང་ལམ་སྟོན་ཚོགས་པའི་འགན་འཛིན་བྱེད་བཞིན་ཡོད།
6 ལི་ཐང་འཇམ་དབྱངས་བཟོད་པ། སྡོད་གནས། དྷ་ས། ལུང་ཚན། ལི་ཐང། ལས་གནས། གསར་འགོད་པ།
ཕྱི་ལོ་༡༩༩༡ ལོར་རྒྱ་གར་དུ་འབྱོར་ནས། འབྲས་བློ་གླིང་གྲྭ་ཚང་དུ་ཞུགས། དེ་རྗེས་ནོར་གླིང་མཐོ་སློབ་ནས་སློབ་མཐར་ཕྱིན་རྗེས་ནོར་གླིང་ཞིབ་འཇུག་སྡེ་ཚན་དང། སུ་ཇཱ་སློབ་གྲྭར་དགེ་རྒན་བྱས། ད་ལྟ་བོད་ཀྱི་བང་ཆེན་གསར་ཤོག་གི་གསར་འགོད་པ་ཡིན།
7 ཆོས་སྐྱོང་དབང་ཕྱུག སྡོད་གནས། ལྡི་ལི། ལུང་ཚན། སྒ་བ། ལས་གནས། སྤྱི་འཐུས། ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་རྗེས། ཁྲོམ་རྭའི་སྐོར་ཆེད་ལས་སློབ་མཐར་ཕྱིན། དེ་རྗེས་དབུས་གཞོན་ལྷན་གྱི་རྒྱུན་ལས་དང། འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱུན་ལས། ད་ལྟ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ལས་ཀ་བྱེད་བཞིན་ཡོད།
8 པདྨ་བདེ་ལེགས། སྡོད་གནས་སྦེལ་ཀོབ། ལུང་ཚན། གླིང་ཚང༌། ལས་གནས། མཉམ་སྦྲེལ་གྱི་ཚོགས་གཙོ། ཝ་ཎ་མཐོ་སློབ་ཏུ་སློབ་སྦྱོང་བྱས། དེ་རྗེས་མཉམ་དྲུང་དང༌། མདོ་སྟོད་དབུས་རྒྱུན། མདོ་སྟོད་སྤྱི་འཐུས་སོགས་ཀྱི་ལས་དོན་བྱས།
9 ཚུལ་ཁྲིམས་བསྟན་འཛིན། སྡོད་གནས། སྦིར། ལུང་ཚན། ཏྲེ་ཧོར། ལས་གནས། སྤྱི་འཐུས། སློབ་ཐོན་རྗེས་སློབ་དགེ་དང་སློབ་སྤྱིའི་ལས་ཁུར་ལོ་བཅུ་གསུམ་དང༌། གཞིས་འགོའི་ལས་ཁུར་ལོ་བཅོ་ལྔ། སྨན་རྩིས་ཁང་གི་ཡན་ལག་སྤྱི་ཁྱབ་འགན་འཛིན་གྱི་འགན་ཁུར་ལོ་གསུམ་བྱས།
10 ངག་དབང་འོད་འབར། ལུང་ཚན། སྒ་པ། སྡོད་གནས། རྡ་ས། ལས་གནས། དགུ་བཅུ་གསུམ་ཚོགས་གཙོ། ཆབ་སྲིད་ཀྱི་ཉེས་མིང་འོག་རྒྱ་གཞུང་གིས་བཙོན་འཇུག་བྱེད་མྱོང་ཡོད་པ་དང། རྒྱ་གར་ནང་རིགས་ལམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས་པ་དང། དེ་རྗེས་དགེ་རྒན་བྱས།
མདོ་སྨད་སྤྱི་འཐུས་ཀྱི་འོས་མི།
1 ཤིང་བཟའ་རིན་པོ་ཆེ། སྡོད་གནས། སེ་ར། ལུང་ཚན། ར་རྒྱ། ལས་གནས། རྩོམ་སྒྲིག་པ། ྋགོང་ས་མཆོག་གིས་མ་ཧཱ་པཎྜི་ཏ་ཤིང་བཟའ་ཧོ་ཐོག་ཐུའི་ཡང་སྤྲུལ་དུ་ངོས་འཛིན་གནང། ༡༩༩༧ ལོར་བཙན་བྱོལ་དུ་འབྱོར། ༢༠༠༩ ལོར་ォའོད་དཀར་དྲ་ཚིགས་サ གསར་དུ་སྒོ་འབྱེད་གནང།
2 བསོད་ནམས་རྒྱལ་མཚན། སྡོད་གནས། རྡ་ས། ལུང་ཚན། ཁྲི་ཀ ལས་གནས། སློབ་དཔོན། བོད་ནས་སླེབས་རྗེས། ས་རཱ་བོད་ཀྱི་མཐོ་སློབ་ནས་དགེ་འོས་སྦྱོང་བརྡར་བྱས་མཐར། ས་རཱ་མཐོ་སློབ་དུ་དགེ་རྒན་བྱེད་བཞིན། རྡ་ས་ས་གནས་འཐུས་མི་གནང་མྱོང་ཡོད།
3 ཚེ་རིང་གཡུ་སྒྲོན། སྡོད་གནས། ཧུན་སོར། ལུང་ཚན། ཅོ་ནེ། ལས་གནས། སྤྱི་འཐུས། རབ་གླིང་གཞིས་ལས་ཁང་ལས་འཆར་སྡེ་ཚན་གྱི་འགན་འཛིན་ལོ་དགུ། ཧུན་སོར་རབ་གླིང་གི་མཉམ་འབྲེལ་ཚོགས་གཙོ་སོགས་བྱས།
4 སྒྲོལ་དཀར་སྐྱབས། སྡོད་གནས། དྷ་ས། ལུང་ཚན། རྨ་ཆུ། ལས་གནས། ནོར་གླིང་མཐོ་སློབ་ཀྱི་འགན་འཛིན། ༡༩༩༡ ལོར་བཙན་བྱོལ་དུ་ཡོང་སྟེ་སྦིར་སུ་ཇ་སློབ་གྲྭར་སློབ་གཉེར་བྱས། ཕྱི་ལོ་༡༩༩༤ ལོར་བོད་དུ་ལོག་སྟེ་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས་སྐབས། རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་གསུམ་རིང་བཙོན་འཇུག་བྱས། དེ་རྗེས་རྒྱ་གར་དུ་ཡོང་ནས་ནོར་གླིང་ཉམས་ཞིབ་སྡེ་ཚན་དུ་ལས་ཀ་བྱེད་བཞིན་ཡོད།
5 རྒྱལ་རོང་ཟླ་བ་ཚེ་རིང། ལུང་ཚན། རྒྱལ་རོང། སྡོད་གནས། རྡ་ས། ལས་གནས། སྤྱི་འཐུས། དྭངས་སློབ་དམག་སྒར་ནང་ཞུགས་པ་དང། རྗེས་སུ་གཞིས་ཆགས་སུ་བརྒྱ་དཔོན་དང། དྭངས་ཟུར་རྒྱུན་ལས། མདོ་སྨད་དབུས་རྒྱུན་ཚོགས་གཙོ་སོགས་ཀྱི་ལས་དོན་བྱས།
6 ཡེ་ཤེས་སྒྲོལ་མ། སྡོད་གནས། རྡ་ས། ལུང་ཚན། ཧོར་གཙང། ལས་གནས། སྤྱི་འཐུས་ལས་ཐོག། དྷ་སྟེང་བོད་ཁྱིམ་ནས་སློབ་སྦྱོང་བྱས། བུད་མེད་ལྷན་ཚོགས་ཀྱི་ས་གནས་དང། དབུས་རྒྱུན་བྱས། ད་ལྟ་མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོའི་འགན་ཁུར་བཞིན་ཡོད།
7 རོང་བོ་བློ་བཟང་སྙན་གྲགས། སྡོད་གནས། སེ་ར། ལུང་ཚན། གཅན་ཚ། ལས་གནས། རྩོམ་པ་པོ། རེབ་གོང་རོང་བོ་དགོན་ཆེན་དུ་ཞུགས། ༡༩༨༩ ལོར་ཆབ་སྲིད་ཀྱི་དོགས་གཞིའི་འོག་རྒྱ་ནག་གིས་འཇུ་བཟུང་བྱས། ༢༠༠༡ ལོར་༸གོང་ས་མཆོག་གིས་ཐད་བསྐོས་སྤྱི་འཐུས་སུ་བསྐོ་བཞག་གནང་། སེ་རར་དགེ་འདུན་པར་སློབ་ཁྲིད་བྱེད་མུས་སུ་ཡོད།
8 ཚེ་རིང་རྡོ་རྗེ། ལུང་ཚན། རེབ་གོང། སྡོད་གནས། རྡ་ས། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་ནས་སློབ་མཐར་ཕྱིན། ཆབ་སྲིད་ཀྱི་ཉེས་མིང་འོག་རྒྱ་ནག་གིས་འཛིན་བཟུང་བྱེད་མྱོང་ཡོད། ད་ལྟ་བོད་ཡུལ་ལྟ་ཞིབ་ཚོགས་པར་ལས་ཀ་བྱེད་མུས་ཡིན།
9 འཇིགས་མེད་མཆོག་གྲུབ། ལུང་ཚན། བྱ་ཁྱུང། སྡོད་གནས། རྡ་ས། ལས་གནས། སྙིང་རྗེ་ཚོགས་པའི་ལས་བྱེད། སྲིད་དོན་ཚན་རིག་ཐོག་གཙུག་ལག་རབ་འབྱམས་པ་ཐོན་པ་དང། དེའི་རིང་ས་གནས་སུ་གཞོན་ལྷན་གྱི་དྲུང་ཆེ་དང་ཚོགས་གཙོའི་འགན་ཁུར་བ་དང། མཐོ་སློབ་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས།
10 བསྟན་འཛིན་མགོན་པོ། ལུང་ཚན། མང་ར། སྡོད་གནས། རྡ་ས། ལས་གནས། སྤྱི་འཐུས། བོད་ནས་ཡོང་རྗེས་མང་གཙོ་ཚགས་པར་གྱི་རྩོམ་སྒྲིག་ཁོངས་མི་དང། མདོ་སྨད་དབུས་རྒྱུན་སོགས་ཀྱི་ལས་དོན་བྱས།
མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གིས། ཕྱི་ལོ་༢༠༡༠ ལོའི་ཟླ་༩ ཚེས་༢༢ ལ།