༄༅། ། སྐབས་བཅོ་ལྔ་པའི་རྙིང་མའི་སྤྱི་འཐུས་ཀྱི་འོས་གཞི།
མིང་དང་ཁྱད་མིང་། ལུང་ཚན། སྡོད་གནས། ལས་གནས།
སློབ་དཔོན་བསོད་ནམས་བསྟན་འཕེལ། རེ་ཁེ། དྷ་རམ་ས་ལ། རྙིང་མའི་སྤྱི་འཐུས་ལས་ཐོག
མཁན་པོ་ཆོས་དབྱིངས། གསེར་རྟ། དྷ་རམ་ས་ལ། ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་གི་མཁན་པོ།
སློབ་དཔོན་བསོད་ནམས་བསྟན་འཕེལ་ནི་རྣམ་གྲོལ་གླིང་ནས་སློབ་མཐར་ཕྱིན་རྗེས་སྐབས་བཅུ་བཞི་པའི་རྙིང་མའི་སྤྱི་འཐུས་གནང་བཞིན་ཡོད།
མཁན་པོ་ཆོས་དབྱིངས་ནི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ལི་མདོ་ཆོས་སྒར་སོགས་ནས་སློབ་སློང་མཐར་ཕྱིན་པ་བྱས། བལ་ཡུལ་ཕག་གྲུབ་དགོན། རྡོ་རྗེ་གླིང་བཀའ་འགྱུར་དགོན་སོགས་སུ་ཆོས་དང་རིག་གནས་སློབ་ཁྲིད་བྱས། རྡོ་བྲག་ཆོས་འབྱུང་བརྩམས་པ་སོགས་རྩོམ་ཡིག་གང་མང་སྤེལ་བ་དང་། སྔ་རྗེས་སུ་ཞི་བའི་གོམ་བགྲོོད་ཀྱིས་གཙོས་བོད་དོན་ལས་འགུལ་གང་མང་ལ་མཉམ་ཞུགས་བྱས། ད་ལྟ་དྷ་ས་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་དགོན་པའི་མཁན་པོ་བྱེད་བཞིན་པ་བཅས་སོ།
གོང་གསལ་རྙིང་མའི་སྤྱི་འཐུས་ཀྱི་འོས་གཞི་གཉིས་པོ་བོད་དོན་སྤྱི་དང་ལྷག་དོན་རྙིང་མའི་ཆོས་དང་ལོ་རྒྱུས་སོགས་ལ་མཁྱེན་རྒྱ་ཆེ་ཞིང་། ལྷག་བསམ་ཆེ་བ། དྲང་ཚུགས་ཐུབ་པ་བཅས་ལ་བརྟེན་སྐབས་བཅོ་ལྔ་པའི་རྙིང་མའི་སྤྱི་འཐུས་སུ་འོས་མཚམས་ཡོད་པའི་གསལ་བསྒྲགས་སུ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན། སུམ་ལ་རྡོ་རྗེ་བྲག་དགོན་པའི་ཕྱག་མཛོད་ཡར་འཕེལ། བལ་ཡུལ་རི་རྫོང་བཀྲ་ཤིས་གླིང་གི་མཁན་པོ་ཐུབ་བསྟན་བཟང་པོ། ལྕགས་ཁུངས་ཚེ་དབང་སོགས་ཤེས་ལྡན་པ་ཁག་ཅིག་གིས།