དེང་དུས་བོད་པའི་གྱོན་ཆས་དགོས་པ་རེད།
དེང་དུས་ཀྱི་བོད་པའི་དཔེ་གསར་གྱོན་ཆས་བཟོ་འགོད་པ་སྐལ་བཟང་ལགས་སུ་བཅར་འདྲི།
དྲི་བ། ཁྱེད་རང་གི་ལས་ཀའི་ངོ་བོ་ངོ་སྤྲོད་མདོར་བསྡུས་བྱེད་རོགས།
ལན། ང་དེང་དུས་ཀྱི་བོད་པའི་དཔེ་གསར་གྱོན་ཆས་བཟོ་འགོད་པ་ཞིག་ཡིན། བཟོ་གྲྭ་བྷེང་ལོར་དུ་ཡོད་ལ། དེར་ལས་ཀ་བྱེད་མཁན་མི་བཅུ་གཅིག་དང། ཚོང་ཁང་གཅིག་ལྡི་ལིར་ཡོད། ངའི་དཔེ་གསར་གྱོན་ཆས་བཟོ་གྲྭའི་ནང་བོད་པའི་གྱོན་གོས་མ་གཏོགས་མི་རིགས་གཞན་པའི་གྱོན་ཆས་མང་པོ་བཟོ་ཡི་མེད།
དེང་དུས་ཀྱི་བོད་པའི་གྱོན་ཆས་དགོས་པ་རེད་བསམ་གྱི་འདུག སྔོན་མ་ཕ་ཡུལ་དུ་གཅན་གཟན་པགས་རིགས་ཀྱི་གྱོན་ཆས་མང་པོ་ཡོད་པ་རེད། དེ་ཡང་མ་ཡིན་པའི་བོད་པའི་གྱོན་ཆས་མ་གཞིར་བཞག་ནས། དེའི་ཐོག་རས་ཆ་མ་འདྲ་བ་དང་ཚོས་མདོག་མ་འདྲ་བ་བཏང་ནས། མི་སུ་ཞིག་གིས་བལྟས་ཀྱང། བོད་པའི་གྱོན་ཆས་ཡིན་པ་མངོན་གསལ་ཡོང་ཐབས་བྱེད་ཀྱི་ཡོད། ད་ལྟ་བོད་པའི་སྤྱི་ཚོགས་ནང་དམིགས་བསལ་གྱིས་དཔེ་གསར་གྱོན་ཆས་འཆར་འགོད་པ་མང་པོ་ཡོད་པ་མ་རེད། དེང་དུས་ཀྱི་དཔེ་གསར་གྱོན་ཆས་བཟོ་འགོད་པ་ང་ལས་ཡག་པོ་མང་པོ་ཡོད་ཀྱི་རེད་མོད། ལམ་ཁ་ལྟ་བུ་མ་རྙེད་ནས། ལྷག་བསྡད་ཡོད་པ་རེད་བསམས་ནས། ངས་འགོ་ཙམ་བཙུགས་ན་མང་པོ་ཡོང་གི་རེད་བསམས་སོང། ང་མ་ཤི་བར་དུ་དཔེ་གསར་གྱོན་ཆས་བཟོ་འགོད་པ་བྱེད་རྒྱུའི་དམིགས་ཡུལ་མེད། ཡིན་ནའང་ང་རང་གིས་ཤེས་པ་དང་དགའ་ཕྱོགས་ལ་བསྟུན་ནས་ལས་དོན་བྱེད་ཀྱི་ཡོད། སྤྱིར་བཏང་ང་རང་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་པོ་ཡོད། ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་སྐབས། ང་ཚོ་སྐྱབས་བཅོལ་བ་རེད། ལམ་སེང་ང་བོད་པ་ཡིན་ཞེས་བཤད་ཀྱི་ཡོད་མོད། ཅིག་མ་ཚང་བ་ལྟ་བུ་དང་མིའི་གྲལ་དུ་མ་ཚུད་པ་ལྟ་བུ་མཐོང་གི་འདུག ཡིན་ནའང་ང་ཚོ་མི་ཡིན་པ་གཅིག་པ་རེད། ཁོང་ཚོས་བྱེད་ཐུབ་ན་ང་ཚོས་ག་རེ་བྱས་ནས་བྱེད་ཐུབ་ཀྱི་མེད་པ་རེད་བསམས་ནས། ང་རང་གིས་དེང་དུས་བོད་པའི་དཔེ་གསར་གྱོན་གོས་བཟོ་འགོད་བྱེད་རྒྱུ་འགོ་བཙུགས་པ་ཡིན།
དྲི་བ། ལས་དོན་དེའི་རིགས་བྱེད་སྐབས། དཀའ་ངལ་ཆེ་ཤོས་ག་རེ་འདུག
ལན། དཀའ་ངལ་མང་པོ་ཡོད་པ་རེད། འཛམ་གླིང་གི་དཔེ་གསར་འགྲོ་སྟངས་ལྟར་བྱས་ན། ཁྲོམ་ར་གལ་ཆེན་པོ་རེད། བཙན་བྱོལ་བོད་མི་གང་སར་ཁྱབ་བསྡད་ཡོད་པས། ཚོང་རྒྱག་དུས་དཀའ་ལས་འདུག ཡིན་ནའང་ངས་དངུལ་མགྱོགས་པོ་བསག་རྒྱུ་གཙོ་འདོན་བྱེད་ཀྱི་མེད། འདི་འདྲ་བྱས་ན་མིས་དགའ་པོ་བྱེད་ཀྱི་རེད་བསམས་ནས་ལས་ཀ་བྱེད་ཀྱི་མེད། དཀའ་ངལ་ཆེ་ཤོས་གཅིག་གྱོན་ཆས་ཁྱབ་བསྒྲགས་ཆེད་འཁྲབ་སྟོན་ལྟ་བུ་བྱེད་སྐབས། འགྲོ་སོང་གི་དཀའ་ངལ། དེང་དུས་ཀྱི་གྱོན་ཆས་ཁྱབ་བསྒྲགས་བྱེད་མཁན་གྱི་མི་མ་རག་པའི་དཀའ་ངལ་ཡོད་པ་རེད། སློབ་མ་ཚོར་རོགས་པ་བྱེད་རོགས་ཟེར་གྱི་ཡོད་པ་རེད། ངའི་ཅ་ལག་བོད་ལ་གཏོང་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ། ལྷ་སར་ཏོག་ཙམ་གཏོང་ཐུབ་པ་རེད། དགའ་བོ་བྱེད་མཁན་ཡང་གང་འཚམས་ཡོང་གི་འདུག །{jcomments on}