གསལ་བསྒྲགས།
སེར་བྱེས་མཁས་སྙན་གྲྭ་ཚང་གིས་འདི་ལོ་ནས་ཕྱོགས་མཐའ་ཁག་གི་སློབ་གྲྭའི་གུང་གསེང་གི་སྐབས་དང་བསྟུན་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཆེད། སུམ་རྟགས་ཀྱིས་གཙོས་རིག་གནས་འཆད་ཁྲིད་དང་། ནང་ཆོས་ངོ་སྤྲོད་ཀྱི་སློབ་ཚན་སློབ་ཁྲིད་ཀྱིས་རིམ་པས་སློབ་ཚན་ཐོན་མཚམས་སུ་ཕྱག་ཁྱེར་ཀྱང་འབུལ་རྒྱུའི་ལས་གཞི་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་མ་ཟད།
ད་ལོའི་ཚོད་ལྟའི་སློབ་ཁྲིད་ཀྱི་དུས་ཚོད་ཀྱང་སྤྱི་ཟླ་༡༢ ཚེས་༢༢ ནས་བཟུང་། སྔ་དྲོ་ཆུ་ཚོད་༠༨ པ་ནས་༨ དང་སྐར་མ་༤༥ དབར་སློབ་ཚན་ཁྲིད་རྒྱུ་དང་། ཆུ་ཚོད་༠༩ པ་ནས་༡༠ པ་དབར་སྔོན་ཁྲིད་ཟིན་པའི་སློབ་ཚན་ལ་བགྲོ་གླེང་བྱེད་རྒྱུ། ཕྱི་དྲོ་༠༢ པ་ནས་གཉིས་དང་སྐར་མ་༤༥ དབར་སློབ་ཚན་ཁྲིད་རྒྱུ་དང་། ༠༣པ་ནས་༠༤ དབར་སྔོན་ལྟར་བགྲོ་གླེང་གོ་སྒྲིག་བྱེད་རྒྱུ། སློབ་ཚན་གང་ཡིན་རིགས་ལམ་གྱི་ཐོག་ནས་འཆད་ཁྲིད་བྱེད་རྒྱུ་ཡིན་པར་མ་ཟད་དབྱིན་སྐད་ཟབ་སྦྱོང་ཞིག་ཀྱང་གོ་སྒྲིག་བྱེད་རྒྱུ་ཡིན། དགོང་མོ་དུས་ཚོད་༠༦ ནས་༠༧ བར་རྩོད་པ་དང་རྩོད་པའི་སློབ་ཚན་མེད་རིགས་ལ་བྱིས་པ་དག་ཡིག་དང་། ལེགས་བཤད་ལྗོན་དབང། སུམ་རྟགས་རྩ་བ་བཅས་བློ་འཛིན་བྱེད་དགོས། འཛིན་གྲྭ་དྲུག་པ་ཡན་ཆད་ལ་སུམ་རྟགས་དང་ནང་ཆོས་རིགས་ལམ་བཅས་འཆད་ཁྲིད་བྱེད་རྒྱུ་དང་། དྲུག་པ་མན་ཆད་ལ་ཡིག་གཟུགས་ཀྱིས་གཙོས་བློ་དང་མཚམས་པའི་སློབ་ཚན་གོ་སྒྲིག་བྱེད་རྒྱུ་ཡིན་པས་ཕྱོགས་མཐའ་ཁག་གི་སློབ་ཕྲུག་འཛུལ་ཞུགས་བྱེད་འདོད་ཡོད་ཚེ་སྤྱི་ཟླ་༡༡ པའི་ཚེས་༣༠ ནང་ཚུན་འདི་གའི་ཕྱག་མཛོད་ཁང་དུ་ཐོ་འགོད་གནང་ཟིན་པ་དགོས།
སློབ་ཕྲུག་རྣམས་སློབ་ཚན་སྐབས་མ་གཏོགས་བདག་སྐྱོང་དང་འགན་ལེན་བྱེད་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་ཁང་ནས་༢༠༡༠ ཟླ་ ༡༠ ཚེས་༢༡ ལ།