འཇང་དགུན་ཆོས་ཚོགས་གཏན་འཁེལ་བའི་བརྡ་ཁྱབ་གསལ་བསྒྲགས།
༄༅། ། རབ་འབྱམས་གཞུང་ལུགས་སྨྲ་ལ་འགྲན་པའི་ཟླ་དང་བྲལ་བ་གདན་ས་ཆོས་སྒར་ཁག་གི་གཙོས་དོན་གཉེར་ཅན་གྱི་ཕྱོགས་བཞུགས་སློབ་གཉེར་བ་རྣམ་པ་ལྷན་རྒྱས་ཀྱི་སྙན་ལམ་དུ།
ཆེད་ཞུ། དགོངས་མངའ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་སོགས་མཛད་ཆེན་ཁག་དང་སྟབས་བསྟུན་མ་གཏོགགས།
ལོ་རེར་འཆར་ཅན་འཇང་དགུན་ཆོས་བོད་ཟླ་བཅུ་གཅིག་པའི་ནང་ཚོགས་སྲོལ་ཡོད་པ་ལྟར། འདི་ལོའི་འཇང་དགུན་ཆོས་ཆེན་མོ་བོད་རྒྱལ་ལོ་༢༡༣༧ བོད་ཟླ་བཅུ་གཅིག་པ་སྔ་མའི་ཚེས་༡ ནས་ཚེས་༢༤ བར་དང། ཕྱི་ལོ་༢༠༡༠ ཕྱི་ཟླ་༡༢ ཚེས་༦ ནས་ཚེས་༢༩ བར་ཉིན་ཉེར་བཞི་རིང་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཚོགས་གཏན་འཁེལ་བ་ལགས་ན། འཇང་དགུན་ཆོས་འཚོགས་ཡུལ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་གྲྭ་ཚང་གཉིས་ནས་སློབ་གཉེར་བ་རྣམས་ཀྱི་བཞུགས་ཡུལ་སོགས་གོ་སྒྲིག་ཞུ་སྒོ་ཁག་སྔར་སྲོལ་བཞིན་གནང་སྐྱོང་དགོངས་འཇགས་དང། འཇང་དགུན་ཆོས་ལ་ཕེབས་མཁན་གདན་ས་ཁག་དང། ཕྱོགས་མཐའ་ཁག་སོ་སོ་ནས་སློབ་གཉེར་བ་ཇི་ཡོད་ཀྱི་གྲངས་བསྡོམས་མཚན་གཞུང་ཞིག བོད་ཟླ་༡༠ ཚེས་༡༥ ནང་ཚུད་འདི་ལས་སུ་གནང་སྐྱོང་ཡོང་བ་དང། ཕྱོགས་མཐའ་ཁག་ནས་འཇང་དགུན་ཆོས་ལ་ཕེབས་མཁན་རྣམ་པས་བཞུགས་གནས་དང་ཞལ་ལག་སོགས་གོ་སྒྲིག་ཞུ་ཕྱོགས་ཐད་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གྲྭ་ཚང་གཉིས་སམ་རྭ་སྟོད་སོགས་གང་འོས་ཤིག་ལ་ཁུངས་སོ་སོས་ཐད་ཀར་འབྲེལ་བ་གནང་ནས་ཐབས་འཚོལ་གནང་རྒྱུ་ལས་འདི་གའི་ཚོགས་ཆུང་ནས་གོ་སྒྲིག་ཞུ་ཐབས་མེད་པ་དགོངས་འཇགས་ཞུ་བཅས་སུ།།འཇང་དགུན་ཆོས་ཚོགས་ཆུང་ནས་༢༠༡༠ ཟླ་༡༠ ཚེས་༢༡ ཉིན།
འབྲེལ་བ་གནང་ཡུལ།
Jangunchoe Commitiee
Gaden Lachi University
Lama camp No 1 p.o. Tibetan colony- 581411
Mundgod Dist,North Kanara (K.S) India
Ph 0091-8301-245713
e-mail gadenlachi@yahoo.com
ཞལ་པར།
དགའ་ཤར་མཁན་རིན་པོ་ཆེ། 9945905780
དགེ་བཤེས་བྱང་ཆུབ་སྟོབས་རྒྱལ། 9731027182
བཀྲིས་རྒྱལ་མཚན། 8147252734
བློ་བཟང་རིན་ཆེན། 9741776696
དཔལ་ལྡན། 9845362264