༄༅།། དད་ལྡན་ཆོས་ཞུ་ཡོངས་ཀྱི་སྙན་ལམ་དུ་གལ་ཆེའི་གསལ་བསྒྲགས་ཞུ་རྒྱུར།
༧སྐྱབས་མཆོག་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་མཛད་པ་ལྟར།
འདི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་༡༢ ནས་ཕྱི་ཟླ་༡ ཚེས་ཤར་བར་རྭ་སྟོད་གྲྭ་ཚང་དུ་༧སྐྱབས་མཆོག་རྭ་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་གནས་༧རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལྗགས་ལུང་ལོ་སྔོན་མའི་འཕྲོས་ནས་བསྩལ་རྒྱུ་ཐུགས་གཏན་འཁེལ་བ་སོང་བས་གསུང་ཆོས་སུ་ཕེབས་དགོངས་ཡོད་རིགས་ནས་མཁྱེན་ཆུབ་སླད་སྔོན་ཚུད་དགོངས་ཆུབ་ཡོང་ཆེད་ཆོས་བརྡར།
ཡོངས་འཛིན་གླིང་ཚང་བླ་བྲང་དང། རྭ་སྟོད་གྲྭ་ཚང་ཐུན་མོང་ནས་༢༠༡༠ ཕྱི་ཟླ་ ༡༠ ཚེས་
༢༣ ལ་ཕུལ། Lama Camp No 2
Tibetan Colony 581411
Mundgod Karnataka
India
Ph: 91-(0)8301-45605/ 45653