༄༅།ཆོས་ཞུ་བ་སེར་སྐྱ་མི་དམངས་ལྷན་རྒྱས་ཡོངས་ལ་ཆེད་ཞུ།
སྤྱི་ལོ་༢༠༡༡ཟླ་བ་༡ཚེས་༢༢་ནས་༢༨བར་ཉིན་བདུན་རིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙུག་ལག་ཁང་དུ་སེར་བྱེས་ལྷོ་བ་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་ནས་གསང་ཆེན་རྒྱུད་རྡོ་རྗེ་ཕྲེང་བའི་བཀའ་དབང་གནང་རྒྱུའི་ཞལ་བཞེས་ཀྱིས་གནང་གཏན་ཁེལ་སོང་བ་དང་། རྡོ་རྗེ་ཕྲེང་བའི་ནང་ཚན་དབང་༤༦འདུག་པས་གོང་གསལ་ཉིན་བདུན་གནང་བའི་ལྷག་མ་རྗེས་སུ་དུས་ཚོད་གཏན་ཁེལ་མཚམས་སུ་ཆོས་བརྡ་གསལ་བསྒྲགས་ཞུ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།
གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས། ཕྱི་ལོ་༢༠༡༠ ཟླ་ ༡༠ པའི་ཚེས་༧ ཉིན།
འབྲེལ་བ་གནང་ཡུལ་གྱི་མཚན། ཁ་པར་ཨང་།
སེར་བྱེས་ལྷོ་དགེ་བཤེས་བྱམས་པ་དགེ་ལེགས། ༩༩༨༦༩༣༨༧༧༡
སེར་བྱེས་ཏྲེ་དགེ་བཤེས་ཡ་མ་བསོད་ནམས། ༩༩༠༢༧༠༤༧༧༦
སེེར་བྱེས་བྱ་དགེ་སློང་བསྟན་འཛིན་རྣམ་དག ༩༨༨༠༦༠༢༧༦༦