ཆོས་བརྡ་གསལ་བསྒྲགས།
༄༅།། མཚུངས་མེད་ཕྱི་ནང་དད་ལྡན་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།
ཞུ་གསོལ། ཚང་མས་དགོངས་ཆུབ་ལྟར་འདི་ག་སེར་བྱེས་གྲྭ་ཚང་མཁན་བླ་དགེ་འདུན་འདུས་ཚོགས་ནས་བོད་བསྟན་སྲིད་སྤྱི་དང་ཁྱད་པར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། ཆོས་སྲིད་ལུགས་གཉིས་ཀྱི་དགོངས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་ལོ་ལྟར་གྲྭ་ཚང་འདིའི་ལྷག་པའི་ལྷ་མཆོག་ཡི་དམ་རྟ་མགྲིན་ཡང་གསང་ལྷ་དགུའི་བསྙེན་མཚམས་གནང་སྲོལ་ལྟར། འདི་ལོ་ཡང་བོད་ཟླ་༡༢ ཚེས་༡༣ དང་། ཕྱི་ལོ་༢༠༡༡ ཕྱི་ཟླ་༢ ཚེས་༡༦ རེ་གཟའ་ལྷག་པ་ནས་དབུ་འཛུགས་ཀྱིས་ཉིན་གྲངས་བདུན་རིང་བསྙེན་མཚམས་སུ་ཞུགས་རྒྱུ་ཡིན་ན། ཕྱི་ནང་དད་ལྡན་དོན་གཉེར་བ་རྣམས་ནས་དེ་དོན་དགོངས་འཇགས་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ་སེར་བྱེས་མཁས་སྙ་གྲྭ་ཚང་ནས།
ཕྱི་ལོ་༢༠༡༠ ཟླ་བ་༡༢ ཚེས་༩ དང་བོད་ཟླ་༡༡ ཚེས་༤ ཉིན་བཟང་པོར་ཕུལ།